འཛམ་གླིང་འཕྲོད་བསྟེན་ཉིན་མོ།
འཛམ་གླིང་འཕྲོད་བསྟེན་ཉིན་མོར་ཕུལར་བའི་ཤིས་ཆིག
གནས་སྐབས་ལུས་བདེ་སེམས་སྐྱིད་གཞི་མ།།
ཟས་སྤྱོད་འཕྲོད་བསྟེན་གཙང་སྦྲ་གལ་ཆེ།
མཐར་ཐུག་ཕན་དང་བདེ་བའི་འབྱུང་གནས།།
རང་སེམས་རང་ལ་དབང་འདི་ཁོ་ན།།
༢༠༢༤/༤/༧/འཛམ་གླིང་འཕྲོད་བསྟེན་ཉིན་འཇམ་དབྱངས་སྦྱིན་པ་རྒྱ་མཚོས།

࿑ ཟླ་གསུམ་གྱི་རིང༼ཕ་ཕྱུག་པོ། ཕ་དབུལ་བོ༽འི་སྒྱུར་བ་བོས་དངོས་སུ་སྐད་འཕྲིན་ཚོགས་པ་རུ་འཆད་འཁྲིད་གནང་རྒྱུ་ཡིན་པས་དྲ་ལམ་འཆད་འཁྲིད་འདིར་ཞུགས་མཁན་ཡོད་ན་སྒེར་འབྲེལ་གྱིས། ཞུགས་གླ་སྒོར་33ཡིན།
རང་ཤག་གི་དབྱངས་ཟ་ཟི།
(བནྡེ་དཔལ)
ལྷོད་ཀྱིས་བཏང་བའི་དབྱངས་ཀྱི་སྒྱུ་འཕྲུལ་གྱིས། །
རྣ་བའི་དབང་པོ་དལ་གྱིས་བསླུས་པའི་ཚུལ། །
ངོམས་མེད་སྒྱུ་མའི་གྲོང་གི་ཕུན་ཚོགས་ཏེ། །
བསམ་ཞིང་བསམ་ན་བདེ་བ་ནང་ནས་འབར། །
གཡུ་འབྲུག་འཕྲེད་དུ་འཁྱུག་པའི་ངང་ཚུལ་གྱིས། །
ངད་པ་སྣ་ལ་འཁྱིལ་བ་འདི་ཀ་ནི། །
ཚིམས་མེད་དགའ་བ་འཕེལ་བའི་ལྟད་མོ་སྟེ། །
སྤོས་ཐུར་གཅིག་གིས་དྲངས་བའི་འཇིག་རྟེན་ལགས། །
སྐྱེ་དགུ་འཁོར་བའི་ཐང་དུ་ལས་མང་གིས། །
ཤིན་ཏུ་བྲེལ་ཞིང་ངལ་དུབ་མོད་པའི་དུས། །
ཧ་ཅང་དལ་བུར་གནས་པའི་ཚུགས་ཀ་འདི། །
གུ་ཡངས་བློ་བདེའི་མཚན་གཞིར་ཅིས་མི་ཆོག །
དཔེ་མང་རྔམ་གྱིས་འགྱིང་བའི་ཐད་ཀ་ནས། །
རྣམ་གཡེང་སྒྱུ་མའི་སྒྲོག་ཏུ་ཚུད་པའི་ང། །
ལེ་ལོའི་བདུད་ཀྱིས་ཡང་དུ་བསླུ་ཚུལ་འདིར། །
བསམ་ན་རང་ལ་ཡི་མུག་ངང་གིས་སྐྱེ། །
མ་བརྟག་རྫུན་གྱི་འདྲ་འབག་འདི་ག་དང་། །
བརྟག་ན་རང་ཞལ་མཐོང་བའི་བདེན་བདེན་འདིས། །
དགའ་སྐྱོའི་སྣང་བ་སྤེལ་མར་བསྡེབས་པའི་ཚུལ། །
འཇིག་རྟེན་མི་ཡུལ་ལུང་པའི་གནས་སྟངས་སོ། །

✋热门推荐