བརྗེད་དཀའ་བའི་ཉིན་མོ། བྲིས་མི་ཚར་བའི་ཉིན་ཐོ་ད་རུང་རྒྱུ་རྩལ་འབུམ་གྱིས་ཕྱུག་པའི་པར་གྱི་ཚོམ་བུ་རེ་རེ་བཞིན་ལྟོས་དང་བསམ་ཡིད་ལས་འདས་པ་ཞིག་ཨེ་རེད། [挤眼][百事干杯]

གུ་རུ་པད་མ་སཾ་བྷ་ཝས་བོད་ཀྱི་རྒྱལ་སྲིད་བསྐྱངས་ཡོད་དམ།           མཁས་དབང་ར་སེ་དཀོན་མཆོག་རྒྱ་མཚོ།  དེ་ཡང་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ་ཕྱི་ཕྱོགས་ཀྱི་མཁས་པ་བོད་ནང་དུ་གདན་དྲངས་པའི་ཁྲོད་དུ་གུ་རུ་པདྨ་སཾ་བྷ་ཝ་ནི་ལྷ་སྲིན་གདུག་པ་ཅན་གདུལ་བར་གདན་དྲངས་པར་གྲགས་ལ། བོད་ཀྱི་ཡིག་ཆ་སྔ་གྲས་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་དང་། དབའ་བཞེད་སོགས་སུ་ཁོང་གིས་བོད་ཀྱི་རྒྱལ་སྲིད་ལ་རྔམ་པ་དང་། རྒྱལ་སྲིད་ལ་ཐེ་ཇུས་དང་། རྒྱལ་སྲིད་བསྐྱངས་པའི་ཚུལ་ནི་གཏན་ནས་མ་གྲགས་མོད། ཕྱིས་ཀྱི་གསང་སྔགས་རྙིང་མའི་མཁས་པས་མཛད་པའི་ཡིག་ཆ་རྣམས་སུ་ཁོང་གི་མཚན་ལ་པདྨ་འབྱུང་གནས་ཞེས་བཀོད་ཡོད་ལ། དེ་བཞིན་ཡིག་ཆ་ཁ་ཤས་སུ་བོད་ཀྱི་བཙན་པོས་ཁོང་ལ་གསང་སྔགས་ཀྱི་དབང་ཆོས་གནང་བར་གསོལ་བ་བཏབ་པས་ན། ཁོང་གིས་བོད་ཀྱི་བཙན་པོ་ལ་གསང་སྔགས་ཀྱི་དབང་ཆོས་གནང་ཆོག་ལ། དེའི་ཡོན་ལ་རྒྱལ་སྲིད་བཙུན་མོ་བཅས་འབུལ་དགོས་ལུགས་གསུང་ཚུལ་དང་། བཙན་པོ་ཁྲི་སྲོང་ལྡེ་བཙན་སྐུ་གཤེགས་རྗེས་གསང་བ་བྱས་ཏེ། ཁོང་གིས་ལོ་ཤས་རིང་བོད་ཀྱི་རྒྱལ་སྲིད་བསྐྱངས་ཚུལ་བཀོད་པར་མཛད་འདུག་པ་རང་རེའི་མཇལ་ཡུལ་དུ་བཞུགས་པར་སྣང་ངོ་།།དང་པོོ་ནི། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་གཉེར་བའི་གངས་ཅན་རིག་མཛོད་དེབ་གྲངས་ལྔ་པ། གཏེར་ཆེན་མྱང་ཉི་མ་འོད་ཟེར་གྱིས་མཛད་པའི་ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་དེབ་ངོས་༣༤༩ལས། ཁ་ཙང་དབང་བསྐུར་བའི་དུས་སུ་ཡང་། ཇོ་མོ་རྒྱལ་སྲིད་འཁོར་འབངས་དང་བཅས་པ་ཕུལ་ཅིག་གསུངས། རྗེའི་རྒྱལ་ས་ལ་མཐའི་མོན་པ་སྤྱི་བཅིངས་འདི་༼སྙོབ་པ་༽རིང་ནས་གདའ་འོ།།ཞེས་གསལ་པོར་འཁོད་ཡོད་པ་དང་། མི་རིགས་དཔེ་སྐྲུན་ཁང་གིས་དཔར་འགྲེམ་གནང་བའི་ཨུ་རྒྱན་གླིང་པའི་གཏེར་ནས་གདན་དྲངས་པའི་བཀའ་ཐང་སྡེ་ལྔ་ལས། རྒྱལ་པོ་བཀའ་ཐང་གི་ལེའུ་བཅོ་བརྒྱད་པ་ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་འཛམ་བུ་གླིང་སྟོད་ཀྱི་ཚེ་ཆུའི་ལེའུ་ལས། རྒྱལ་པོས་ཞུས་པ། སློབ་དཔོན་ཆེན་པོ་བདག་ལའང་རིག་འཛིན་གྱི་གྲལ་དུ་ཚེ་ལ་དབང་བའི་དབང་བསྐུར་བར་ཞུ་ཞེས་ཞུས་པས། སློབ་དཔོན་གྱི་ཞལ་ནས། རྗེ་གཅིག་ལགས། ཇོ་མོ་འཁོར་འབངས་དང་བཅས་པ་དཀོར་མཛོད་མངའ་རིས་དང་བཅས་པ་བདག་ལ་ཕུལ་ཞིག རྗེ་ཉིད་མི་ཡུལ་དུ་ལོ་སྟོང་ཕྲག་གསུམ་བཞུགས་པར་བདག་གིས་བྱའོ།།ཞེས་འཁོད་ཡོད་པ་དང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་དཔར་བའི་མཁས་པ་ཆེན་པོ་སོག་ཟློག་པས་མཛད་པའི་གུ་རུ་པད྄་མའི་རྣམ་ཐར་ཡིད་ཀྱི་མུན་སེལ་དེབ་ངོས་༥༧ལས། རྒྱལ་པོས། འོ་ན་བདག་ལ་ཚེ་དབང་གཅིག་བསྐུར་དགོས་ཞུས་པས། རྗེ་ལྷ་ཅིག་ལགས། ཇོ་མོ་འཁོར་འབངས་དཀོར་མཛོད་མངའ་རིས་དང་བཅས་པ་ཕུལ་མཛོད། རྗེ་ཉིད་མི་ཡུལ་དུ་ལོ་སྟོང་ཕྲག་གསུམ་བཞུགས་པ་བདག་གིས་དམ་བཅའོ་གསུངས། ཞེས་གསལ་བར་འཁོད་ཡོད་དོ།། གཉིས་པ་ནི། གོང་གསལ་སོག་བཟློག་པས་མཛད་པའི་གུ་རུའི་རྣམ་ཐར་དེ་ཉིད་ལས། མངའ་བདག་གཤེགས་ནས་སྲས་མུ་ནེ་བཙན་པོ་ཡུམ་གྱི་དུག་གིས་གྲོངས། མུ་ཁྲི་བཙན་པོ་ན་གཞོན། མཐའ་དམག་ཧོར་དང་། གེ་སར། ཁྲོམ་དང་། རྒྱ་ལ་སོགས་པས་བོད་ཕུང་དུ་ཆ་བ་ན། མུ་ཁྲི་བཙན་པོའི་ཕ་དོད་མཛད་དེ་རྒྱལ་སྲིད་ལོ་གསུམ་བསྐྱངས། ཞེས་གསལ་བར་བཀོད་འདུག་གོ། དེ་བཞིན་དུ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་འགྲེམ་གནང་བའི་གཏེར་ཆེན་ཨོ་རྒྱན་གླིང་པས་ཡར་ལུང་ཤེལ་བྲག་ནས་གདན་དྲངས་པར་གྲགས་པའི་བཀའ་ཐང་ཤེལ་བྲག་མའམ། པདྨ་བཀའ་ཐང་ཞེས་པའི་ཡིག་ཆ་དེའི་ལེའུ་དགུ་ཅུ་གོ་བདུན་པར། ལྔ་བཅུ་རྩ་དགུ་འབྲུག་ལ་ཟུང་མཁར་གཤེགསཿ   གསངས་ནས་སློབ་དཔོན་རྒྱལ་སྲིད་བཅུ་བཞི་བཟུང་ཿ    དྲུག་ཅུ་རྩ་དགུ་སྟག་ལ་གསངས་བརྟོལ་ནསཿ   མུ་ནེ་བཙན་པོ་རྒྱལ་སར་བཏོན་པ་ལཿ   ཚེ་སྤོང་བཟའ་ལ་བཀྱོན་ཕབ་དུག་གིས་བཀྲོངསཿ   དེ་ནས་མུ་ཏིག་བཙན་པོ་རྒྱལ་སར་བཏོནཿ   ཞེས་གསལ་པོར་བཀོད་གནང་ཡོད་དོ། །འོན་ཏེ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཡོངས་གྲགས་རྣམས་སུ་སློབ་དཔོན་གྱིས་རྒྱལ་སྲིད་ལོ་གསུམ་དང་ལོ་བཅུ་བཞི་མཛད་ཚུལ་ནི་གཏན་ནས་བཀོད་མི་འདུག་གོ།།གསུམ་པ། ཉེ་རབས་མཁས་མཆོག་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་བཀའ་མོལ་ཡིག་ཐོག་ཕབ་པ་རིག་པའི་སྒྲོན་མེ་ཞེས་བྱ་བའི་དཔེ་དེབ་དེའི་ཤོག་ངོས་༤༣པར། བདེན་མིན་གང་ཡིན་རུང་གུ་རུས་བོད་ཀྱི་རྒྱལ་སྲིད་ལོ་གསུམ་འཛིན་མྱོང་བ་བཀའ་ཐང་དུ་འཁོད་ཡོད་པའི་སྐོར། ཡང་འདི་འདྲ་ཞིག་བཤད་ཀྱི་འདུག སློབ་དཔོན་རིན་པོ་ཆེ་བོད་ལ་ཕེབས་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ཁོ་རང་གི་བཙུན་མོ་ཕུལ་སྐབས་བློན་པོ་ཚོས། ད་ཡག་པོ་མི་འདུག སློབ་དཔོན་པད་མ་འབྱུང་གནས་དེ་མི་བྱེད་དགུ་བྱེད་ཚ་པོ་ཞེ་དྲག་འདུག གང་འཚམས་ནས་ང་ཚོའི་བོད་ཀྱི་སྲིད་དབང་དེ་རྒྱ་གར་ལ་ཤོར་བའི་ཉེན་ཁ་ཆེན་པོ་འདུག འདི་ཕུད་ན་མ་གཏོགས་ཡག་པོ་མི་འདུག་ཅེས་བཤད་འདུག སློབ་དཔོན་གྱིས་ལོ་གསུམ་ལ་སྲིད་དབང་འཛིན་པ་རེད་ཟེར་གྱི་འདུག རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གཤེགས་ཚར་བའི་རྗེས་ལ། མུ་ནེ་བཙན་པོ་ཨ་མས་བསད། མུ་ཏིག་བཙན་པོ་ནར་མ་སོན། དེའི་བར་དུ་སློབ་དཔོན་གྱིས་ལོ་གསུམ་སྲིད་དབང་འཛིན་དགོས་བྱུང་བ་རེད་ཅེས་བཀའ་ཐང་ནང་ལ་བྲིས་འདུག དེ་དངོས་གནས་ཡིན་མིན་མི་ཤེས་མོད། དེ་འདྲའི་སྲིད་དབང་བཟུང་ན་ཁད་མཚར་ཞིག་ཆགས་འདུག ཅེས་སོགས་གསུངས་གནང་འདུག་གོ།གོང་དུ་རང་རེའི་ཡིག་ཚངས་ཁག་ནང་བཀོད་པ་དག་ནི་ཉེ་དུས་ཀྱི་མི་སྣའི་སྨྱུག་རྩེས་གཤག་བཅོས་མ་འཕོག་པ་ཁོ་ན་ཡིན་པས། དེང་གི་པར་གཞིའི་མ་ཕྱི་རང་ལ་གཏུགས་ན་གསལ་པོར་གཟིགས་ཐུབ་ངེས་ཡིན་ལ། གོང་གསལ་འདི་དག་བཙན་པོའི་དུས་རབས་ཀྱི་སྐབས་དེའི་ལོ་རྒྱུས་དངོས་ཡིན་ནམ་མ་ཡིན་ཞེ་ན། དེ་ནི་གནའ་བོའི་ཡིག་ཚངས་མང་པོར་གཤིབ་བསྡུར་བྱ་དགོས་པ་མ་ཟད། གཟུ་བོའི་ལམ་དང་ལོ་རྒྱུས་རིག་པའི་ལམ་གྱིས་དབྱེ་ཞིབ་བྱ་དགོས་པའི་གནད་དོན་ཅིག་ཡིན་ལ། རྒྱལ་རབས་ཡོངས་གྲགས་ན་གུ་རུ་པྡདྨ་དེ་ཉིད་རྒྱལ་རབས་ལ་འདྲེན་སྲོལ་མེད་པ་ལ། འདིར་རྒྱལ་ས་འཛིན་པར་བསྟན་པའི་དགོས་པ་དང་དགོངས་གཞི་གང་ཡིན་པ་སོགས་ནི་དད་པ་ཁོ་ནའི་ཡུལ་མ་ཡིན་པས་ན། མཁས་པ་རྣམས་པས་དབྱེ་ཞིབ་ལ་བརྟེན་ནས་རྟོགས་པར་བྱ་བ་ཁོ་ན་ཉིད་དོ།།བདག་གིས་དཔེ་ཀློག་སྐབས་སུ་འདི་དག་མཇལ་བས་ན། ཐུན་མིན་གྱི་བཤད་ལུགས་སུ་མཐོང་ཞིང་། རང་རེའི་གནའ་དཔེ་རྣམས་དད་པའི་ཡུལ་དུ་ཀུན་དགའ་ར་བར་བརྩིགས་ནས་ཐོད་པ་གཏུགས་ས་དང་། མཆོད་པའི་ཡུལ་ཁོ་ནར་མ་བཞག་པར་གནའ་བོའི་རྩོམ་པ་པོའི་ལྟ་བ་དང་། དགའ་ཕྱོགས་དང་དམིགས་ཡུལ་སོགས་རྒྱུས་ལོན་བྱ་རྒྱུ་ནི་གལ་ཆེ་བར་མངོན་ཏེ། ཁོང་རྣམ་པས་འབད་པ་ཆེན་པོས་ཡིག་གེར་བྲིས་པ་ནི་ཕྱི་རབས་པས་ལྟ་ཀློག་ཡང་ཡང་བྱ་བའི་ཆེད་དུ་ཡིན་པར་ཐེ་ཚོམ་མེད་ཅིང་།

#. ཨ་ཐང་ཆད་པ།

ཞལ་མཆིད་ཆུ་ཐིགས་ཡིད་ཀྱི་ཟེག་མར་ཐིམ།།
སོས་ཀའི་གྲང་རླུང་གིས་ཀྱང་ཁྲེལ་དགོད་བྱས།།
ཞི་བའི་ཚིག་གི་གསེབ་ན་སྐྱོ་གར་ཞིག།
རྗེས་འོང་སྔོན་དྲན་བྱེད་ཀྱི་ཨ་ཐང་ཆད།།


发布     👍 0 举报 写留言 🖊   
✋热门推荐
  • 见我还抓着元宝不放,又急得在我脚边转圈圈…哭死,它真的超爱!元宝喜欢在菠萝油原本爱睡的小圆盘里睡觉,它就挪出来睡在地板上;元宝一见着逗猫棒就扑得停不下来,它在一
  • #生活魚快# 1.早晚温差好大,早八漏个腰要冷死,中午放学恨我不是男人不能光膀子[悲伤]2.真好久没上下课看见这么多人了3.我称为取快递随性穿搭,口罩帽子一戴谁
  • 收获180+山东妹子和三只小可爱[哇]#大连##大连美食# 昨夜,哥几个相约小酌,八一路附近·小巷里私房菜,可谓是一家宝藏小店,包间是上周提前订的,要不没地方[
  • 他:没事啊 我说我是不是要死了我浑身开始冒汗 他:不惜瞎说话赶紧吃饭吧 你看你那小胆跟猫似的 没事哈 有我呢 其实我知道他内心慌得很 而且他感冒了今天也吃了
  • 其它的毕业装备 依旧是在那又爱又恨又该死的深渊柱子里(不用担心刷不出,出于人性化的考虑 这些都是可以用狗眼兑换的) 补充:第三季第三章,也就是2012年11月
  • #遇见美好##沧州##大运河##不止旅行##带着微博去旅行# 阿那亚|虞书欣同款民宿初体验❗️下次还来❗️夏天就是要去海边玩️上周和朋友去了阿那亚看了橘子海日出
  • 项目[嘻嘻]打造平安章丘、智慧章丘,可以通过社区、学校、商场、交通路口、公共场所等人脸设别技术和成像大数据技术实现,对犯罪分子、涉嫌犯罪分子、危险分子、腐败分子
  • 石板桥的青苔诉说着古老,但你是否知道恋上你时青砖刚铺好✨ 你对我来说,真的很重要。石板桥的青苔诉说着古老,但你是否知道恋上你时青砖刚铺好✨ 你对我来说,真的很重
  • 罗马拼音om a vī ra hūm kha ca rah 汉字注音 唵 阿尾啰 吽 佉 左 洛 汉语拼音 ong a wei ra hong qia zh
  • 愚以为宫中之事,事无大小,悉以咨之,然后施行,必能裨补阙漏,有所广益。先帝在时,每与臣论此事,未尝不叹息痛恨于桓、灵也。
  • 婚后,托尼还是像婚前一样对我温柔体贴,虽然我们走在一起会迎来路人异样的眼光,但我觉得日子不是过给别人看的,只要自己幸福快乐就好。前夫借着来看孩子的名义来到家里,
  • 第一名:处女座处女座的男生会追求完美的爱情,因为他们是有自己的原则,他们喜欢一个女生就是保护女友一辈子,虽然这句话听起来很不实际,但是他们要是说出来,就会努力做
  • #成长##心智成长##青年成长之道# 怎样才能提升自己的工作能力 在现实的职场中,总有一部分人,自己始终不吭气埋头苦干,但是总觉得自己的工作能力提升缓慢,那么如
  • 而且今天和冯绍峰的演技都是在线的,这是好演员呀,你能被带入到一个场景里,而且相信饰演的人物是真实存在的,不管是年龄,外貌,剧情,他都能演绎出这种角色的,不会有违
  • 事实上,被投诉人在整个鉴定过程中全是自完其说,毫无事实和法律依据,被投诉人出具的“广州医鉴[2021 ]071号:医疗事故技术鉴定书"明显存在虚假鉴定的情况
  • 这个故事告诉我们,平等不是别人给予的,而是自身与生俱来的。世上本无事,庸人自扰之!萧伯纳曾经说过:“痛苦的秘诀在于有闲工夫担心自己是否幸福。
  • 我和你一样,都曾在安然无恙的岁月里,慢慢成长,渐渐领悟世事的真谛。就因为一个字,缘,缔结着我们之间那份美好的相遇,也深藏在记忆深处,渴望在某一个适当的日子里告诉
  • 被爱的时候也只想说谢谢很开心你们一直在我身边 陪着我[爱你][爱你][爱你]原谅我嘴笨 不会说话 不知道该说什么了[委屈]好起来真好,狠起来也是真狠的三个星座
  • (二)长长的树,上长了蘑菇吃了升仙好不过不生不死(三)新开业铁锅炖,可惜要等半个小时后都要饿扁了,没办法啦——便利店面包有卖,吃点些…(四)时间怎么会够用…如果
  •   据悉,9月12日,参加杭州第19届亚运会的中国体育代表团在北京成立,包括武翠翠在内的河南24人参赛阵容也随之揭晓。#在宁波迎亚运#三门峡姑娘武翠翠将征战亚运