༈ བོད་ཡིན་ན་བོད་ཡིག་སློབ་དགོས། ལ་ལས་བུ་རབས་ཚ་རྒྱུད་དང་བཅས་རང་སྐད་ཡལ་བར་དོར་ནས་གཞན་སྐད་ལ་བརྩོན་པ་ནི། མི་རིགས་རང་ལ་མཚོན་ན། རྟ་ཐོག་ནས་གཡག་ཐོག་ཏུ་ཞོན་པ་ལས་མ་འདས་ཏེ། བོད་མི་རིགས་ཤིག་ཡིན་ན། བོད་ཡིག་ཤེས་དགོས། བོད་ཡིག་མ་ཤེས་ན་ངོ་ཚ་བའི་གནས་རེད།
༧པཎ་ཆེན་རིན་པོ་ཆེས།
༧པཎ་ཆེན་རིན་པོ་ཆེས།
ཁྱོད་ལ་མི་དགའ་བའི་མི་ཤོར་སོང་ན་ཡིད་ཕངས་པ་ཞིག་མ་རེད།་སྔོན་ཆད་ཀྱི་རང་ཉིད་ཤོར་སོང་ན་ད་གཟོད་ཆེས་ཡིད་ཕངས་པ་ཞིག་རེད། ཚད་ཡོད་ཀྱི་དུས་ཚོད་ནང་དུ་དགའ་རིན་ཡོད་པའི་མི་དང་སྒྲུབ་རིན་ཡོད་པའི་བྱ་བ་སྒྲུབ་བཞིན་ཡོད།#བོད་ཡིག།##西藏文化##牧区#
1982ལོར་༧གོང་ས་ལྷ་མའི་རྣམ་འདྲེན་པཎ་ཆེན་ཐམས་ཅད་མཁྱེན་པ་མཆོག་གཙོས་སུ་ཕེབས་སྐབས་སྐྱབས་མཆོག་བསེ་རྡོ་རྗེ་འཆང་དབུ་བཞུགས་ཀྱིས་གྲྭ་ཚང་ཡོངས་ནས་སེར་ཕྲེང་གི་མདུན་བསུས་ཏེ་༼གཙོས་དགའ་ལྡན་ཆོས་གླིང་༽གི་མི་འཇིགས་སེང་གེའི་ཁྲི་ལ་མངའ་བསོལ། སེར་སྐྱ་ཡོངས་ལ་ཕྱག་དབང་དང་། དགའ་ལྡན་ལྷ་བརྒྱ་མའི་ཁྲིད་དམིགས་བརྩེ་མའི་ལྗགས་ལུང་སོགས་ཀྱི་བཀའ་དྲིན་བསྐྱངས།
✋热门推荐