འདི་འདྲའི་ཚ་ཚ་འུར་འུར་གྱི་སྤྱི་ཚོགས་ཤིག་གི་ནང་དུ། མི་རྣམས་ཀྱིས་རང་ཉིད་དང་འབྲེལ་བའི་གནད་དོན་མང་པོ་ཞིག་ལ་བསམ་གཞིགས་གཏོང་ཐུབ་ཀྱི་མེད་ཅིང་། གཏོང་བའི་དུས་ཚོད་ཀྱང་དཀོན་པོར་ཆགས་ཡོད། དཔེར་ན། ང་ནི་ཡང་སྙིང་ཅི་ཞིག་ཡིན་ནམ། ངའི་བདེ་སྡུག་གི་འབྱུང་རྩ་གང་དུ་ཡོད་དམ། ང་ཅིའི་ཕྱིར་འཚོ་བཞིན་ཡོད་དམ། ང་འདི་ལྟར་འཚོ་བའི་དོན་སྙིང་ཅི་ཞིག་ཡིན་ནམ། ང་ཤི་རྗེས་ཇི་ལྟར་འགྱུར་སྲིད་དམ་སོགས་ལ་ནི། མི་ཕལ་མོ་ཆེས་དོགས་པ་ཙམ་ཡང་མི་སློང་བར་ཡ་མ་ཡུན་གྱི་ངང་འཆི་བའི་ཉིན་མོ་སྒུག་བཞིན་པ་རེད།

__སྒོ་ཤེར།
རྩོམ་ཁུངས། 《དཔྱད་འཚོལ་དང་ལྟ་ཚུལ》

༄༅།།ཡུམ་ཀའི་གསང་སྒྲུབ་སེང་གེའི་གདོང་ཅན་གྱི་རྐང་གླིང་འབུད་ཚུགས་ཀྱི་བརྗེད་ཐོ།

འཁོར་འདས་མཚམས་རོལ་ཐང་གསུམ་རྗེས་མའི་དུས།།
བཞི་བཅད་སྔོན་གཏོར་མགོ་མཇུག་དུང་དཀར་དང་།།
བགེགས་མཇུག་བཞི་བཅད་བྱིན་འབེབས་མགོ་མཇུག་ལ།།
བཞི་གློག་བཞི་བཅད་མཆོད་པ་བྱིན་རླབས་ཀྱི།།
འཇམ་རོལ་དུས་སུ་སུམ་འབུད་བཅད་མ་དང་།།
མཆོད་པར་བཞི་བཅད་བསྟོད་མཇུག་དུང་དཀར་དང་།།
བསྙེན་མཇུག་མཆོད་པར་བཞི་འབུད་བཅད་མ་འོ།།

བསྐང་སྤྱན་མཇུག་ཏུ་བཞི་བཅད་ལྷག་མ་ལ།།
མགོ་རུ་བཞི་བཅད་མཇུག་ཏུ་བཞི་བཅད་དང་།།
དངོས་གྲུབ་དུང་དཀར་གཏང་རག་མཆོད་བསྟོད་དང་།།
བཀྲ་ཤིས་བཞི་བཅད་བསྐང་བར་ལྔ་འབུད་དོ།།

མདུན་བསྐྱེད་མཆོད་པའི་བྱིན་རླབས་ལ།།
སུམ་བཅད་སྤྱན་འདྲེན་མགོ་མཇུག་ཏུ།།
བཞི་གློག་བཞི་བཅད་མཆོད་པར་འང་།།
བཞི་བཅད་བསྟོད་མཇུག་དུང་དཀར་རོ།།

སྨད་ལས་གསེར་སྐྱེམས་མགོ་མཇུག་ལ།།
ལྔ་འབུད་བཞི་བཅད་འགུགས་པར་དྲུག།
བསྒྲལ་མཇུག་བཞི་བཅད་ཐ་མའི་ཉིན།།
དཔུང་འཇོམས་གང་བརྡུང་བཞི་བཅད་བཞི།།
སྤྱི་བསྐུལ་དགོས་བསྐུལ་བཞི་གློག་གོ།།
ཐུན་འགུགས་དྲུག་འབུད་སྒོ་དབྱེར་དུང་།།
དབང་པོ་རྡོ་རྗེའི་མཇུག་བཞི་བཅད།།
གཟའ་ཡི་བསྐུལ་དང་མ་མགོན་བསྐུལ།།
མགོ་རུ་བཞི་གློག་ཟོར་མཇུག་ཏུ།།
བཞི་བཅད་ཚེ་འགུགས་དངོས་གྲུབ་དང་།།
དུང་དཀར་གཏང་རག་བཞི་བཅད་དོ།།

ལོ་རྒྱུས་ཀྱིས་ཤེས་རྟོགས་ཇེ་མཐོར་གཏོང་བ་དང་། སྒྲུང་རྩོམ་གྱིས་ཚིག་གི་སྦྱོར་བ་ལེགས་པར་བྱེད་ཅིང་། སྙན་ངག་གིས་མཛེས་པ་ཤེས་པའི་ཚོར་ཤེས་བསྐྱེད་ལ། གཞུང་ལུགས་ཀྱིས་གཟུངས་གཞུག་ཡོད་པར་བྱེད་པའོ། ། མདོར་ན། དཔེ་ཆ་ནི་ཤེས་རབ་ཀྱི་གཏེར་སྒོ་འབྱེད་པའི་ཡིད་བཞིན་གྱི་ནོར་བུ་དེའོ། །


发布     👍 0 举报 写留言 🖊   
✋热门推荐
  • 适合在12.31号发的跨年文案:1“没什么好说的祝所有俗套的祝福都在你身上”2“在等落叶等寒风等新年的烟火和更好的“我们”.”3“希望12月的风大一点吹走今年所
  • /佛山日报记者郭美欢摄禅城区委网信办联合社会企业组建了“禅城网络安全宣传骑手”队伍,开展“网络安全进万家”活动。/佛山日报记者郭美欢摄“我们将发挥自身工作优势,
  • 这是红豆冰的追星➕日常=追星日常[亲亲]想给自己的日子留下一些记录✍️All for love ➕喜欢他们的歌,欣赏他们的音乐才华,羡慕他们的兄弟情,最爱的是他
  • 今天继续和大家分享开内眼角术后修复。洗地机活动给你们安排上咯,不要错过[彩虹屁]~ 以内 (INXNI)无线洗吸拖一体机Z3畅享版【1250】 毕生之研 咖啡淡
  • 这4件小事做好了,对肺结节好处多多一、水蒸气护肺用一只水杯,杯入热水,鼻对准杯,吸入升腾而起的水蒸气,早晚上各1次,8-12分钟一次。昨晚发微博发一半睡着了 所
  • 你是世界上最好的球员,你真的不需要这样,这就是为什么我不想在阿森纳看到他的原因。”Cr.zhibo8#葡萄牙vs摩洛哥##和c罗一起siu到最后##C罗[超话]
  • 这样就只能它一个人,不,一只汪,对着烟花许愿啦第二天姐姐很晚都没起床,小狗起得很早,肩负重任的去给小家伙们觅食,他找到一个苹果,但是没切开的苹果太大了,小猫小狗
  • 看来我要粉他一辈子了《致歉信》怎么会有人鉴私人博还觉得自己被抄家了呢[老师好][汗]为什么私人博镇魂的缺德口嗨就破防了[泪]我很久没转hyq了,一定要这样我何必
  • ”妈妈每天的工作就是解惑…[笑cry][笑cry][笑cry] #3d blender 非非#做了回心转意法事一个月左右复和成功曾经在做和合挽回的道路上走了不少
  • 2.在闪闪发光的同时 也要平平安安3.一个成熟的人往往发觉可以责怪的人越来越少,因为人人都有难处4.不要为了结束单身而匆忙去爱5.你记得花,花就不怕枯萎,你记得
  • 同时,我也向你们发誓,如果有幸遇到下一个姑娘,我一定全力以赴,不摆烂不傲慢,竭尽所能的呵护好这份来之不易的感情和远比孤独要宝贵的多的东西那就是爱❤️那些关于爱情
  • 04答应我的事情要说到做到,遇到新鲜事物分享给我,是我想要的安全感,安全感是我能明确感受的到,我是被你坚定选择的,给了我给不了别人的偏爱感,关于仪式感,我觉得仪
  • #刘宇宁一念关山##刘宇宁宁远舟##摩登兄弟[超话]#你打乱了我呼吸节拍,你打乱了我脉搏跳动,你打乱了我体温变化,现在你得把我治好[doge]@摩登兄弟刘宇宁
  • 处罚事由显示,当事人于2022年4月采购1万件一次性医用防护服,全部销售给上海龙威医药有限公司,上述一次性医用防护服经检测被判定不合格。处罚事由显示,当事人于2
  • 就这样,哈金斯在街头,找了7个有篮球梦想的黑人,加入球队,他们各个能力超强,只是苦于没有机会。哈金斯说,让他们瞧得起,只有一个办法,赢。
  • 蒙脱石散喝了快2盒了 益生菌刚又买了第3盒 而我幸福的拐点还迟迟没露面 我的心情跟多米的屎一样稀烂,看不到阳光灿烂的形状 然后我就跟他说:我们的主仆
  • #渡边美穗[超话]## 渡邉美穂# via. BS12 Bリーグ中継 2022-23 twi/『BS12 Bリーグ中継 2022-23』放送情報\12月11日(
  • 五、端午节:6月22日至24日放假调休,共3天。三、清明节:4月5日放假,共1天。
  • #Les表白墙[超话]# 1h 医学生 坐标安徽 想找一些姐妹扩列 喜欢看原耽 (救赎文真的很难不爱) 各种都看 什么游戏都可以和你一起玩(不会可以学
  • 找优质版权图片上 图蜗创意: #摄影[超话]# #平面设计[超话]# 马上注册成为图蜗创意签约作者,上传您的原创作品在平台销售,最高50%销售收益哦!#团团的江