ངས་ཇ་མངར་མོ་ཐེངས་དང་པོར་བྱང་ནག་ཆུའི་ཇ་མངར་ཁང་དུ་འཐུང་མྱོང་། ཇ་མངར་ཁང་ཆེན་པོ་ཐོག་བརྩེགས་ཅན་ཞིག་ཡོད་པ་དྲན། དང་པོ་ནས་ཇ་མངར་པོ་ཞིམ་པའི་སྣང་བ་འཆར། ལས་དབང་དང་བག་ཆགས་ཅི་ཡིན་ཆ་མ་འཚལ་མོད། དུས་ད་ལྟའི་བར་དུ་ཇ་མངར་མོ་དང་ཁ་བྲལ་མ་ཐུབ། གསོལ་ཇ་མངར་མོས་ངའི་ཉིན་རེའི་འཚོ་བའི་ཁྲོད་དུ་གོ་བབ་ངེས་ཅན་ཞིག་བཟུང་ཡོད།
རང་སྐྱོན་མ་རིག་མུན་པའི་ཁུང་དུ་སྦས།།
གཞན་སྐྱོན་ལུང་དང་རིགས་པས་སྨྲ་བ་ལ།།
གནས་སྐབས་དབང་དང་རྒྱུ་ནོར་ཐོབ་སྲིད་ཀྱང་།།
སེམས་རྒྱུད་ཆོས་དང་འདྲེས་པའི་བསོད་ནམས་མེད།།
གཞན་སྐྱོན་ལུང་དང་རིགས་པས་སྨྲ་བ་ལ།།
གནས་སྐབས་དབང་དང་རྒྱུ་ནོར་ཐོབ་སྲིད་ཀྱང་།།
སེམས་རྒྱུད་ཆོས་དང་འདྲེས་པའི་བསོད་ནམས་མེད།།
མ་འོངས་དུས་ཀྱི་རྨི་ལམ།
བེམ་པོ།.
ལྷན་དུ་འཛོམས་པའི་ཉིན་ལ།།
ཁང་ཆུང་གྲུ་བཞིའི་ནང་དུ།།
སྒེའུ་ཁུང་ཆེ་ཆེ་འགྲམ་དུ།།
མེ་ཏོག་མཉམ་དུ་གསོ་ཆོག།
སྐམ་མ་ལྷན་དུ་བལྟ་ཆོག།
འགྲམ་པར་འོ་ཞིག་བྱེད་ཆོག།
ལྷན་དུ་འཛོམས་པའི་ཉིན་ལ།།
མ་འོངས་དུས་ཀྱི་རྨི་ལམ།།
འུ་གཉིས་གཅིག་ཏུ་རོལ་ནས།།
གང་ལ་ཡིད་སྨོན་མེད་པར།།
བདེ་བ་རྫོགས་སུ་མེད་པར།།
ཚེ་ལོ་མཐར་ཡང་ཕྱིན་ཤོག།
བེམ་པོ།.
ལྷན་དུ་འཛོམས་པའི་ཉིན་ལ།།
ཁང་ཆུང་གྲུ་བཞིའི་ནང་དུ།།
སྒེའུ་ཁུང་ཆེ་ཆེ་འགྲམ་དུ།།
མེ་ཏོག་མཉམ་དུ་གསོ་ཆོག།
སྐམ་མ་ལྷན་དུ་བལྟ་ཆོག།
འགྲམ་པར་འོ་ཞིག་བྱེད་ཆོག།
ལྷན་དུ་འཛོམས་པའི་ཉིན་ལ།།
མ་འོངས་དུས་ཀྱི་རྨི་ལམ།།
འུ་གཉིས་གཅིག་ཏུ་རོལ་ནས།།
གང་ལ་ཡིད་སྨོན་མེད་པར།།
བདེ་བ་རྫོགས་སུ་མེད་པར།།
ཚེ་ལོ་མཐར་ཡང་ཕྱིན་ཤོག།
✋热门推荐