དིལ་མཁྱེན་རྡོ་རྗེ་འཆང་སྐུ་ཚེ་སྟོད་ཀྱི་རྣམ་ཐར་ཞལ་གསུངས་མ། ༼62༽

གཏེར་བུམ་དང་དཀྱིལ་འཁོར་སོགས་སྒྲུབ་པ་དང་རབ་གནས་འཇམ་མགོན་སྐུ་གོང་འོག་གི་མཆོད་ཆས་སོགས་རྗེ་འཇམ་མགོན་བླ་མས་བཀའ་དྲིན་དུ་བསྩལ། མཁར་མདོ་གཉེར་པ་འཆི་མེད་མགོན་པོས་སྦྱིན་བདག་གིས་ཟིལ་ཁྲོམ་ནུབ་ཕྱོགས་རྨ་རོང་གྲུ་གུ་དིལ་ལྟག་ཏུ་རྡོར་སེམས་མངོན་དགའི་སྒྲུབ་ཆེན་བཟང་མགོའི་གྲྭ་ཚང་ཉི་ཤུ་སྐོར་གྱིས་བསྒྲུབས། དེར་ཡང་གནས་ཆེན་བྱིན་འབེབས་དང་གཞི་བདག་རྟེན་བཀུལ་བསྒྲུབས་ནས་རང་ཡུལ་དུ་ཕྱིན། བན་ཆེན་ཕུན་ཚོགས་དར་རྒྱས་གླིང་དུ་གསེར་ཟངས་ཀྱི་གུ་རུའི་སྐུ་མདའ་ཚད་ལ་གཟུངས་འབུལ་སྤྱི་དང༌། ཁྱད་པར་བླ་མ་ནོར་ལྷ་གཙོ་འཁོར་ཡོངས་རྫོགས་ཀྱི་དཀྱིལ་འཁོར་དང་སྒྲུབ་རྫས་བཅས་བཅའ་སྒྲུབ་བྱས། རང་གནས་སུ་བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་དང༌། བླ་མ་ནོར་ལྷ་སྐྱེས་མཆོག་ཚུལ་བཟང་ལ་བསྟེན་པའི་སྟོད་ལས་བླ་མ་ཞི་བ་དང༌། སྨད་ལས་བདུད་གཤེད་ལ་བསྟེན་པའི་སྲུང་བཟློག་བསད་མནན་བཅས་རྒྱས་པར་བསྒྲུབས། ཟུར་མང་བདུད་རྩི་དིལ་དུ་ཕྱིན་ནས་མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བླ་མ་ཆོས་སྐུའི་ཚེ་སྒྲུབ་དང༌། ས་གཡང་ཉེས་སེལ་བུམ་གཏེར་མང་དུ་བསྒྲུབས། ཟུར་མང་གར་དབང་རིན་པོ་ཆེ། གཏེར་དྲུང་རྣམ་གཉིས། རྩི་ཀེའི་མཆོག་གླིང་སྤྲུལ་སྐུ། དྲུང་གོང་མའི་སློབ་མ་སྒྲུབ་བླ་མཁན་པོ་སོགས་མང་ཞིག་ལ་སངས་གླིང་བླ་མ་དགོངས་འདུས་ཀྱི་སྒྲུབ་དབང་ཆེན་པོ་དང༌། འཇམ་མགོན་མཁྱེན་བརྩེ་རིན་པོ་ཆེའི་བཀའ་འབུམ་ཡོངས་རྫོགས་ཀྱི་ལུང༌། རོལ་རྡོར་རིན་པོ་ཆེའི་རི་ཁྲོད་ཁྲ་མོ་ནང་དུ་གཏེར་དྲུང་རྣམ་གཉིས་དང་སྒྲུབ་གྲྭ་ཁ་ཤས་ལ་མཆོག་གླིང་རྫོགས་ཆེན་སྡེ་གསུམ་གྱི་དབང་ལུང་ཕུལ། རོལ་རྡོར་མཆོག་སྤྲུལ་མདུན་ནས་གཏེར་ཆེན་རོལ་རྡོར་བཀའ་འབུམ་གྱི་ལུང་ཞུས། གཏེར་བྱོན་ཕྱག་རྡོར་གྱི་རྒྱུད་ལ་འགྲེལ་པ་བྲིས་ཏེ་ལུང་བཀླག །་་་ ་་་

[合十]མུ་འགོད[合十]

རྭའི་གདུང་རྒྱུད་བཅུ་བདུན་དང་རྭ་ལོ་བ་ཙཱ་བ་གྲགས་ཆེན་གསུམ།
༡ རྭ་ལོ་ཙཱ་བ་དང་པོ་རྡོ་རྗེ་གྲགས། ༢ དེའི་སྲས་རྭ་ལོ་ཙཱ་བ་གཉིས་པ་ཆོས་རབ། ༣ རྭ་ཆོས་རབ་ཀྱི་སྲས་རྭ་ཡེ་ཤེས་སེང་གེ ༤ དེའི་སྲས་རྭ་དྷརྨ་སེང་གེ ༥ དེའི་སྲས་དཀོན་མཆོག་སེང་གེ ༦ དེའི་སྲས་ཤེས་རབ་རྒྱལ་མཚན། ༧ དེའི་སྲས་རིན་ཆེན་རྒྱལ་མཚན། ༨ དེའི་སྲས་ཆོས་དབྱིངས། ༩ དེའི་སྲས་བརྩོན་འགྲུས་སེང་གེ ༡༠ དེའི་སྲས་ཆོས་ཀྱི་བཀྲ་ཤིས། ༡༡ དེའི་སྲས་ཤེས་རབ་སེང་གེ ༡༢ དེའི་སྲས་ཀུན་དགའ་སེང་གེ ༡༣ དེའི་སྲས་ཆོས་ཀྱི་སེང་གེ ༡༤ དེའི་སྲས་འཇམ་དབྱངས་བློ་གྲོས། ༡༥ དེའི་སྲས་ཚུལ་ཁྲིམས་རྣམ་རྒྱལ། ༡༦ དེའི་སྲས་ཕུན་ཚོགས་རྣམ་རྒྱལ། ༡༧ དེའི་སྲས་རྭ་ལོ་ཙཱ་བ་གསུམ་པ་ཏཱ་ར་ནཱ་ཐ།

བྲག་རྒས་ལྷ་མོ།

ངོ་གཉིས་མས།
སྟོན་དཔྱིད་རླུང་གི་ཁ་བ་མར་མར་འབབ་བྱུང་། །
ལུས་ཆགས་སྡང་གི་ཟུར་མིག་ལྐོག་ནས་ངོམ་ས། །
གཞོན་ཡར་སྐྱེས་ཀྱི་ནང་གི་བསམ་གཏན་ཆོས་སྒྲོན། །
ལུས་ཚིགས་དྲུག་ལ་ལང་ཚོའི་མེ་ཏོག་ཕོག་ཡོད། །

ས་ཆ་མེད་ཀྱི་བྲག་དཀར་རི་བོའི་བཙན་རྫོང་། །
སྨན་ལྗོན་མདོག་གི་ལང་ཚོའི་འདབ་ཁ་ཟིན་ས། །
གདོང་འོད་དཀར་གྱི་འཛུམ་པ་སྙིང་ལ་ཚེས་དུས། །
གནས་དབེན་ཡུལ་གྱི་གྲྭ་བའི་སྡོམ་པ་འགུལ་ཁུ། །

གསུང་ཡིད་འཕྲོག་གི་སྙིང་གཏམ་གཅིག་ར་མ་བཤད། །
དབང་ཚིག་འབྲེལ་གྱི་གདམས་ངག་གཅིག་ར་མ་ཞུས། །
བྲང་པད་ཚལ་ལ་བཞད་པའི་ནུ་འབུར་རེ་རེར། །
མ་དབྱངས་ཅན་མ་འཛུམ་པའི་ངོ་གདོང་རིག་ཀི །

སྤྲུལ་ལྷ་མིང་ལ་དེད་པའི་མཆོད་རྫས་མ་བྱུགས། །
རྐང་བྲག་དམར་ལ་གཏད་པའི་དད་པ་མ་སྣང་། །
ཚིགས་ཞེ་དགུ་ལ་དོད་པའི་ཉམས་སྣང་མཐོང་དུས། །
ང་སྙན་མཁན་གྱི་སེམས་པ་བྲག་ལ་དང་ཡོད། །

གླིང་གེ་སར་གྱི་ཇ་མའི་མིང་ཐོ་མེད་ཀྱང་། །
བློ་བྲག་དམར་ལ་གཏད་པའི་འདུན་པ་མེད་རུང་། །
སྐྲ་ཁམ་སེར་དེ་དར་བཞིན་རླུང་གིས་བསྐྱོད་དུས། །
ཕོ་ཆགས་ཆེན་ཚོའི་སེམས་པ་གྲི་ཡིས་རྨས་ཡོད། །

སྤྱན་དཀར་དམར་གྱི་མིག་ཟུང་འཕག་ཚག་མི་འབྲི། །
གཟུགས་སྐྱེ་བ་ཡི་མཛེས་སྡུག་དྲང་ཚུལ་མི་བཤད། །
ལུས་ལྷོད་ཉམས་ཀྱིས་བཅིངས་པའི་བྱིན་ཆགས་དེ་གས། །
ང་འདོད་ཆེན་གྱི་སེམས་རྩ་དཀྲུགས་ལུགས་མི་གཅིག །

ངས་ཚེ་འགྲོགས་ཀྱི་བྱང་ལྷའི་འདུན་པ་མི་བཟུང་། །
དགོང་གཅིག་འགྲོགས་ཀྱི་ཉལ་བའི་འདོད་པ་མིན་འཛིན། །
སྒོ་སྒེའུ་ཁུང་མེད་པའི་བྲག་ཕུག་གི་ནང་དུ། །
སེམས་ལྷོད་དུ་འཇོག་ནས་སྐར་ཆ་འགའ་བཤད་འདོད། །

སྡོང་ཧྲག་ཧྲག་དུ་བཅད་པའི་རླུང་བུ་བསིལ་མས། །
སེམས་བྲང་ཁོག་ཏུ་ལྡང་བུ་བའི་གྲང་ངར་དེ་དག །
འཁྱག་སིལ་སིལ་དུ་ཁེར་རྐྱང་ཁྱིམ་མ་ཁྱབ་དུས། །
སྙིང་ཚ་དྲོད་དུ་རྒྱས་པའི་བྱད་གཟུགས་གདུང་ཡོང་། །

ནང་ཆགས་སྡང་གི་རྣམ་རྟོག་བཅད་ཚུལ་མི་ཤེས། །
ལྷ་ལྷ་མོ་ཡི་རྣམ་སྤྲུལ་ཡིན་མིན་མི་གོ །
ཡིན་སེམས་ཐག་མཛེས་མའི་ཕྱི་གཟུགས་ཀྱི་རྣམ་པ། །
སེམས་ཤོར་ཁུ་སྣང་བའི་ཚིག་ལྡོམ་འགར་བྲིས་ཡིན། །


发布     👍 0 举报 写留言 🖊   
✋热门推荐
  •   在传统产业占比达70%的淄博,如今已是工业互联网创新发展先行区,企业从智慧数字改造中尝到“甜头”。引人关注的是,省级以上“专精特新”中小企业中,72.4%的
  • JOAJOTA 紫苏修护洗面奶不得说是韩国洗面奶界的天花板了[doge]不仅能拉丝,关键是洗完后不发干,顺顺滑滑,感觉皮肤吹弹可破哦[哇R]这款洗面奶主要成分有
  • 朴志晟02年主舞低音炮忙内 小王子白毛出圈入坑神器个人品牌评价队内非并行屡次第一身高180➕名品盒形鼻内心善良贴心共情外在与内在都优秀的天生爱豆靠自身日常出圈
  • 在开元寺、承天寺,在刺桐公园、顺济新桥畔,在泉州七中门口、华侨大学校园内……在泉州的很多地方,她在等你。详情了解6月6,钓鱼城科幻学院又添新人:钢琴教师刘然。
  • 中孚——久已远去的仪式表面上看,礼仪奢华繁琐,但在更深层次上,它是一种人类寻求意义的活动。小过——开明通达的批评大节不亏,小节可以有所出入,对一个人小的过错可以
  • 6、有时候,拥有美好的时候,我们却不懂经营,后来遇到复杂的,才怀念从前的纯粹,也许,成长确实需要代价。15、书本上满是你的名字,是我青春最大的秘密。
  • #保护少年的你#【湖南株洲:让“问题家长”改变教育方式】当湖南省株洲市检察院检察官郭雯移动鼠标,点击办案系统里的“流程结束”对一起涉未成年人故意伤害申诉案作出终
  • #赵美延盛世美颜#[女孩儿]#赵美延POWER主唱# 【TWI】220531TWI更新美延相关 /M2MPD 美延个人IG: noodle.zip
  • 而如今也进入到了疯狂的6月份,大多数球队的将会在6月份的进行更多的调整。其中一个个案还约了升仙套餐,一天比一天排解得痛快,净拍师们也感觉拍起来她的身体愈发轻松、
  • 有的被迫只有燒掉,有的不耐保存毁了,只怪我那笔太勤,还拣到一大堆漏,今天看看还怪珍贵的。剜多了多下,剜少了,还得下些别的菜,菜必需下够量的,不这样,因为主粮有定
  • 高考和古时候的科举,就是中国少年的成年礼,一次真正的蜕变,同时也奠定了中国人的精神底色:向自己的努力要未来,向社会的公平要规则。#媒体人周刊#高考,是中国文化最
  • 看到消防车来了,店里的明火也基本被扑灭,郑待赎就骑上电动车离开了,她还要把剩下的牛奶送完。眼看火势越来越大,吴先生突然想到自己的店铺旁边就有消防栓,赶紧喊话告诉
  • 当这一设点呈现在塔可夫斯基的“哲思”科幻电影里时,我们不妨做一个大胆的论断:在《潜行者》的故事中,我们这些观众就是那个创造了“区”的神明,是我们在注视着这些闯入
  • 一天礼拜北斗,到半夜感得斗姥显灵,对李赤城说:“你一生礼拜我极为虔诚,已经增加你的福寿了。几年前,你用药草枉杀病人之事,虽然不是故意的,但是拿人命轻易试验,按大
  • 其实他们都与同一个女人有过一段情,并且她现在比起他们两个妻子,更美过得更好。其实他们都与同一个女人有过一段情,并且她现在比起他们两个妻子,更美过得更好。
  • 滟滟:指水光五颜六色 C、花:芳甸 花林 江流,即对照下联的月照,又对应下句的空流。 江海:春江海上 河伯见海 江流 月照:主谓结构 江流 空流:三
  • 展区规划(一) 整车:A区全部13个展厅,集中展示国内外汽车厂商,充分展现汽车领域新技术、产品、服务和商业模式,向行业传递新理念,向市场展示新模式,为汽车加持新
  • 是故天生神物,圣人则之;天地变化,圣人效之;天垂象,见吉凶,圣人象之;河出图,洛出书,圣人则之。是故天生神物,圣人则之;天地变化,圣人效之;天垂象,见吉凶,圣人
  • 但没想到,在李盈莹重扣让俄罗斯队防线有点懵的时候,袁心玥的发球太强了,造成俄罗斯队卡轮,加上朱婷的重扣几乎无解,中国女排直接连得10分到23-17领先,凭借挑战
  • 只有走好人生的每一段旅程,才算不辜负自己,不辜负岁月。善待自己,懂得选择自己想要的,学会放下留不住的,坦然面对人生中的得与失;善待自己,放低对他人的期待,卸下身