དེ་རིང་ཕྱི་དྲོ་བུད་མེད་འཁྲབ་སྟོན་པ་ཅ་ལིན་གྱི་གློག་བརྙན་འདི་ལ་བལྟས། སྒྲོན་སྟེགས་ཆེད་ལས་པར་གཞི་ཡིས་ཟླ་2ཚེས་20ཉིན་སྤེལ་བའི་གནས་ཚུལ་ལ་གཞིགས་ན། མིག་སྔའི་བར་བུད་མེད་འཁྲབ་ཁྲིད་པ་ཅ་ལིན་གྱི་གློག་བརྙན་《ཚ་ངར་གདུ་ཁོལ་》ཞེས་པའི་གྱི་སྤ་སེ་བཙོངས་ཚད་བསྡོམས་འབོར་སྒོར་དུང་ཕྱུར་30བརྒལ་ནས། ཀྲུང་གོའི་གློག་བརྙན་ལོ་རྒྱུས་སྟེང་གི་སྤ་སེ་བཙོངས་ཚད་སྒོར་དུང་ཕྱུར་30ལས་བརྒལ་བའི་གློག་བརྙན་ཨང་ཉི་ཤུ་བར་གྱུར་བར་མ་ཟད། གློག་བརྙན་དེས་ཀྲང་དབྱི་མོ་ཡི་བརྩམས་ཆོས་མན་ཅང་ཧུང་ཞེས་པས་ན་ནིང་གསར་དུ་བསྐྲུན་པའི་ཀྲུང་གོའི་གློག་བརྙན་ལོ་རྒྱུས་སྟེང་དཔྱིད་གསར་དུས་ཆེན་སྐབས་ཀྱི་སྤ་སེ་བཙོང་ཚད་ཆེས་མང་བའི་གློག་བརྙན་དེ་ལས་བརྒལ་ཡོད་འདུག ཤིང་འབྲུག་ལོ་གསར་དུ་ཚེས་མ་ཐག ཀྲུང་གོའི་གློག་བརྙན་ཁྲོམ་རས་ཐོག་མའི་གྲུབ་འབྲས་ཡག་པོ་ཞིག་བསུས་ཡོད། སྒྲོན་སྟེགས་ཆེད་ལས་པར་གཞི་སྟེང་སྤེལ་བའི་གནས་ཚུལ་ལྟར་ན།2024ལོའི་དཔྱིད་གསར་དུས་ཆེན་གྱི་གུང་གསེང་(ཟླ་2ཚེས་10ཉིན་ནས་ཟླ་2ཚེས་17ཉིན་བར་)རྒྱལ་ཡོངས་ཀྱི་གློག་བརྙན་སྤ་སེ་བཙོངས་ཚད་ཁྱོན་སྡོམ་སྒོར་དུང་ཕྱུར་80.34ཟིན་པ་དང་། ཁྱོན་སྡོམ་སྤ་སེ་བཙོངས་ཚད་ཀྱི་གྲངས་ཀ་དུང་ཕྱུར་1.63ལ་སླེབས་ཡོད་པས། དུས་མཉམ་གྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།དེ་མིན། ཅ་ལིན་གྱི་《ཚ་ངར་གདུ་ཁོལ་》ཞེས་པ་དེའི་ཤུགས་རྐྱེན་གྱིས་ཁུ་ཚུར་གཞུ་རྩལ་གྱི་ལུས་སྦྱོང་རླབས་རྒྱུན་སྐུལ་སློང་བྱས་པ་དང་། འབྲེལ་ཡོད་གཞི་གྲངས་ལས་མངོན་པ་ལྟར་ན་"བུ་མོའི་ཁུ་ཚུར་གཞུ་རྩལ་"གྱི་ནང་དོན་སྐོར་འཚོལ་བཤེར་བྱེད་ཚད་ལོ་གོང་མའི་དུས་མཉམ་དང་བསྡུར་ན་ལྡབ་བཅུ་འཕར་ཡོད་འདུག པེ་ཅིན་ན་གཞོན་ཚགས་པར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། དཔྱིད་གསར་དུས་ཆེན་གྱི་གློག་བརྙན་《ཚ་ངར་གདུ་ཁོལ་》ཞེས་པ་ཚ་ཚ་འུར་འུར་ངང་བསྟན་པས། ལྟད་མོ་བ་མི་ཉུང་བ་ཞིག་ཅ་ལིན་གྱིས་ལོ་གཅིག་ལ་རྒྱ་མ་༡༠༠ཇེ་ཉུང་དུ་བཏང་བའི་སྙིང་སྟོབས་ཀྱིས་སེམས་འགུལ་ཐེབས་ཡོད་ལ། ཁུ་ཚུར་གཞུ་རྩལ་སྦྱངས་ནས་ལུས་པོ་རིད་དུ་གཏོང་བ་དང་ཤ་སྐམ་དུ་བཏང་ནས་གཟུགས་དབྱིབས་ཇེ་ལེགས་སུ་གཏོང་བ་སོགས་ཀྱིས་མཚོན་པའི་ལུས་སྦྱོང་དཔལ་འབྱོར་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཏེ། ས་ཁུལ་མང་པོའི་ཁུ་ཚུར་གཞུ་རྩལ་ཁང་དང་། ལུས་སྦྱོང་ཁང་མི་ཉུང་བ་ཞིག་ལ་དཔྱིད་གསར་དུས་ཆེན་གྱི་རྗེས་སུ་ཚོང་ཡག་པོ་རྒྱུག་ཡོད་པ་རེད། དེ་དང་ཆབས་ཅིག ༢༠༢༤ལོའི་དཔྱིད་གསར་དུས་ཆེན་རིང་ཡུལ་སྐོར་ཁྲོམ་རར་ཡང་སྔར་བྱུང་མྱོང་མེད་པའི་དར་རྒྱས་ཀྱི་རྣམ་པ་ཐོན་ཡོད། ཕ་ཡུལ་དུ་ལོག་ནས་གཉེན་ཉེ་ཐུག་འཕྲད་དང་སྤྲོ་གསེང་སྤྲོ་གསེང་གི་དགོས་མཁོ་རྩེག་སྣོན་བྱུང་བ་དང་། རེས་སྐོར་གསར་པའི་ཡུལ་སྐོར་འཛད་སྤྱོད་ཀྱི་ཚ་རླབས་ཤིག་འཕྱུར་ཡོད། རྒྱལ་ནང་གི་ཀུན་གྱིས་དོ་སྣང་བྱེད་པའི་གྲོང་ཁྱེར་གྱི་གནམ་གྲུའི་སྤ་སེ་དང་། མེ་འཁོར་སྤ་སེ། མགྲོན་ཁང་བཅས་སྔོན་མངག་བྱས་ཚད་ལོ་གོང་མའི་དུས་མཉམ་དང་བསྡུར་ན་འཕར་ཚད་ཆ་སྙོམས་བཅུ་ཆ་3ལས་བརྒལ་ཡོད་ལ། དེས་མི་རྣམས་ཁྱིམ་དུ་ལོག་ནས་ལྷན་འཛོམས་དང་ཕྱིར་ཡུལ་སྐོར་དུ་འགྲོ་བའི་སྤྲོ་སེམས་མཚོན་ཞིང་། རིམས་ནད་བཀག་སྡོམ་གྲོལ་རྗེས་ཀྱི་ཀྲུང་གོའི་འཛད་སྤྱོད་ཁྲོམ་ར་སླར་གསོ་ངེས་ཅན་འབྱུང་བཞིན་པའི་གནས་སྟངས་ཤིག་ཀྱང་མཚོན་ཡོད་ཚུལ་བཤད།

ང་ཚོས། འདས་ཟིན་པའི་ལོ་ཟླ་ལ་བསྐྱར་ཞིབ་དང་ཕྱིར་དྲན་ཁོ་ན་བྱེད་པ་ལས།
མ་འོངས་པའི་ལམ་ཁ་ལ་འཆར་འགོད་དང་འབད་བརྩོན་བྱས་ན་དགའ།


ང་ཚོས༢༠༢༤ལོར་བྱ་བ་མང་བོ་ཞིག་འགྲུབ་དགོས་ན། ངེས་པར་དུ་བྱ་བ་དེ་བསྒྲུབ་རྒྱུའི་འཆར་གཞི་བཟོ་དགོས་ཤིང་། འཆར་གཞི་དེ་ཡང་ཟླ་བ་རེ་རེ་དང་བདུན་ཕྲག་རེ་རེ། ཉི་མ་རེ་རེ་བཞིན་དུ་བསྒོ་བྱ་རྒྱག་ཐུབ་པ་ཡིན་ན། ང་ཚོའི་འཆར་གཞི་དེ་འགྲུབ་རྒྱུའི་ལས་ཕྱོད་ཆེ་ཞིང་། ཉི་མ་རེ་རེ་བཞིན་དུ་འགྲུབ་ཀྱིན་ཡོད་པ་དང་མེད་པའི་བརྟག་དཔྱད་ཀྱང་བྱ་ཐུབ།


ཁ་ཤས་ཀྱིས་ཚན་རིག་དང་འཕྲུལ་ཆས་དར་བའི་སྤྱི་ཚོགས་ལ་སྙིང་བོ་མེད་ཚུལ་སོགས་ལབ་ཀྱི་འདུག་མོད། ང་ཚོས་སེམས་ལ་གཟུང་དགོས་པའི་དོན་དངོས་ཤིག་ནི། དུས་རབས་ཀྱི་འགྱུར་ལྡོག་ལ་ང་ཚོ་ནམ་ཡང་གཡོལ་ཐབས་མེད་དེ་རེད། ལོ་བཅོ་ལྔའི་ཡན་ཆོད་དུ། ང་ཚོའི་འཚོ་བའི་ནང་ཁ་པར་ཟེར་བ་ཞིག་མེད་ཀྱང་། དེ་རིང་ཁ་སང་ཁ་པར་མེད་པ་ཡིན་ན། འདུག་མི་བཟོད་པའི་ཚད་དུ་སླེབས་ཡོད་པ་འདི་འདྲ་རེད། འདས་ཟིན་པའི་ལོ་ཟླ་ཅི་ཙམ་བཟང་རུང་། ང་ཚོ་འགྲོ་ས་དེ་མདུན་ཡིན་གྱི། རྒྱབ་མིན་ནོ། །


ང་ཚོ་མི་སྒེར་རེ་རེ་ཡིན་ན་འདྲ། རྒྱལ་ཁབ་ཡིན་ན་འདྲ། འཛམ་གླིང་ཧྲིལ་བོར་ང་ཚོར་རེ་བ་ཉག་གཅིག་ཡོད་པ་ནི། དུས་རབས་གསར་བའི་འགྲན་རྩོད་ཁྲོད་ནས་འབད་བརྩོན་བརྟེན་ནས་རྒྱལ་ཁ་ལེན་རྒྱུ་དེ་རེད། གཞན་དུ་ན། རྗེས་ལུས་ཡང་ལུས་ཀྱི་ཁྲོད་ནས་སྡུག་སྐད་ཅི་ཙམ་བརྒྱབ་རུང་། ང་ཚོར་འབྲས་བུ་རྩ་བ་ནས་མེད་པ་གསལ་བོར་ཤེས་ཐུབ་བོ། །

ང་ཚོའི་ཉིན་རེའི་འཚོ་བའི་ནང་གི་གོམས་གཤིས་ངན་པ་སྣ་གཅིག་གིས།
ང་ཚོའི་མི་ཚེའི་རེ་བ་ཡོངས་རྫོགས་འཕྲོ་བརླག་ཏུ་གཏོང་ཉེན་ཆེ་འདུག

གོམས་གཤིས་དེ་ནི། སྤྱིར་བཏང་གི་མི་ཕལ་བ་ནས་བཟུང་སྟེ། ཆེན་པོ། རྒྱུ་ཆེན། མིང་གྲགས་ཅན། འཇོན་ཐང་ཅན་མང་བོ་གཡོལ་ཐུབ་ཀྱི་མེད་པའི་གོམས་གཤིས་ངན་པ་ཞིག་སྟེ། དེ་ནི་སོ་སོ་རང་ཉིད་ཀྱི་འཕྲོད་བསྟེན་ལ་ལག་ལེན་དངོས་ཀྱི་ཐོག་ནས་གཟབ་གཟབ་བྱེད་ཐུབ་ཀྱིན་མེད་པ་དེའོ། །

དཔེར་ན། ཀུ་ཤུ་ཚང་གི་གསར་བཏོད་པ་ཆོབ་སྦི་སི་ལ་མཚོན་ན། འབྲས་སྐྲན་གྱི་ནད་ཡོད་པ་སྔོན་ནས་ཤེས་པས། ཁོའི་ཉེ་ཁོར་གྱི་མི་མང་བོས་སྨན་བཅོས་བྱ་དགོས་པའི་རེ་བ་བཏོན་ཀྱང་། ཁོས་དེ་ལ་དོ་སྣང་དང་བདག་སྐྱོང་མ་བྱས་པས། མཐར་འབྲས་སྐྲན་གྱི་རྐྱེན་པས་དགུང་ལོ་གཞོན་པའི་སྟེང་སྐུ་བཤེགས་སོང་བ་དེ་འདྲ་རེད།

དཔེ་མཚོན་གཉིས་པ་ནི། དེ་རིང་ཁ་སང་མིང་དུ་གྲགས་བཞིན་པའི་ཨེ་ལོང་མ་སུ་ཁི་ལྟ་བུ་སྟེ། ཁོང་ནི་འགྲོ་བ་མིའི་རིགས་འདི་གླིང་ཕྲན་གཞན་དང་གཞན་གྱི་ནང་དུ་གནས་སྤར་ཏེ། མིའི་རིགས་ཀྱི་རིགས་རྒྱུད་ཆད་དུ་མི་འཇུག་རྒྱུ་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དུ་བྱས་རྗེས་རླབས་ཆེན་བཞག་དང་འཇོག་བཞིན་པའི་མི་བུ་རླབས་ཆེན་ཞིག་རེད། ཁོང་གི་ཟ་མའི་འཕྲོད་བསྟེན་གྱི་ཐད་ནས་བལྟས་ན། གཅིག་ནས། ཟ་མ་དུས་ཐོག་ལ་ཟ་ཐུབ་ཀྱིན་མེད་པ་དང་། གཉིས་ནས། ཟ་བཞིན་པ་དེ་ཡང་ཧེབ་བག་དང་འཁྱགས་སྤྲི། སིལ་ཁུ་སོགས་རེད། དེའི་རྐྱེན་གྱིས། ཁོང་གི་ལུས་པོའི་ལྗིད་ཚད་ཀྱང་རྒྱུན་ལྡན་གྱི་ལྗིད་ཚད་ལས་བརྒལ་འདུག་པ་རེད།

དཔེ་མཚོན་གསུམ་པ་ནི་ང་ཚོའི་ཕྱོགས་ནས་བཞག་ན། ང་ཚོའི་འཁྲབ་ཁྲིད་པ་པད་མ་ཚེ་བརྟན་ལྟ་བུ་སོགས་འཇོན་ཐང་ཅན་གྱི་མི་མང་བོས་ཀྱང་། འཕྲོད་བསྟེན་ཡག་པོ་མ་བྱུང་བས་ང་ཚོ་དང་རིང་དུ་གྱེས་སོང་བ་རེད།

མི་སྐྱོན་མེད་འཛམ་བུ་གླིང་ན་མེད། ཟེར་བ་ལྟར། སྐྱོན་མེད་སའི་མི་ཞིག་མེད་ཀྱང་། འཕྲོད་བསྟེན་ལ་དོ་སྣང་བྱེད་ཐུབ་ཀྱིན་མེད་པ་འདི། ང་ཚོ་འགྲོ་བ་མིའི་རིགས་ཀྱི་ཞན་ཆ་གཙོ་བོ་ཞིག་རེད་ཅེས་སྨྲས་ཀྱང་མི་ཆོག་པ་མི་འདུག འཚོ་བའི་ཁྲོད། ང་ཚོས་འཕྲོད་བསྟེན་ལ་དོ་སྣང་བྱ་དགོས་པ་མ་ཤེས་པ་མིན་ཀྱང་། ལག་ལེན་དངོས་ཀྱི་ཁྲོད་དུ། ཟ་མ་ལ་འཛེམ་ཟོན་དང་། ལུས་ཕུང་སྦྱོང་བརྡར་སོགས་ཉིན་རེའི་འཚོ་བའི་ནང་ལག་ལེན་དུ་འདེབས་མ་ཐུབ་པ་དེས་ལན་འདུག

མདོར་ན། ཁྱེད་ལ་འཕྲོད་བསྟེན་མེད་ན་ཁྱེད་ལ་ཅི་ཡང་མེད་ཅེས་པའི་སྡོམ་ཚིག་འདི་ནང་བཞིན། ང་ཚོས་འཕྲོད་བསྟེན་ལ་གཟབ་གཟབ་བྱ་རྒྱུ་གལ་ཆེ་བར་འདུག


发布     👍 0 举报 写留言 🖊   
✋热门推荐
  • 你会发现再苦再难,做这些事情是为了众生,你都心甘若怡。实际上,因为你没有好好观察自己的起心动念,没有去观察情绪的起伏,所以就不会发现好不容易累积的功德,被漏掉了
  • 答:关于美众议长佩洛西计划访台事,中方此前多次表明了坚决反对的立场。国防部新闻发言人谭克非回应:关于美众议长佩洛西计划访台事,中方此前多次表明了坚决反对的立场。
  • [A]電池なら100円ショップでも買えますよ。#前田佳织里#Namiki Aki给做的造型非常棒的服装 拍摄情绪也非常高Namiki真的天才 还有聊天之后很治愈
  • 也没有口罩一个给我,释怀说了太多就成真不了,也许时间是一种解药也许我现在正服下了毒药。没有地球太阳☀☀☀还是会绕,没有理由我也能自己走。
  • #电视剧开端[超话]# 关于循环的原因 看到开叔和端姨被捕的时候,王萌萌剪影闪现,我在想,她会不会是这个循环的原因。 不是之前大家猜测的复杂架构,结合原著没有交
  • 不过,今天的扬州又出现了许多新兴的“网红”打卡地,很多不仅是胜在外表,也深藏着历史底蕴。不过,今天的扬州又出现了许多新兴的“网红”打卡地,很多不仅是胜在外表,也
  • (就是图上那样)我甚至微信支付宝用的都是缩写…最后qq人脸识别给我解冻了,但是跟我说如果再犯会有更严重的惩罚啥的[苦涩][苦涩][苦涩][苦涩]我之前转单也没这
  • 从感情方面来讲,其实双子和射手还是有很大的区别的,比如说一个双子座男生,可能遇见喜欢的女孩会很主动,完全直线球,但是他可能仅仅是当下因为一时的好感才这样,未来
  • 夏天,晚风~你好,再见,再也不见,自由的人。#晋江文学城[超话]#偷偷的爱你是在我最难过的时候开的,虽然不了解言情,但慢慢琢磨,以及三更半夜卡文,在每次想放弃的
  • #翔霖[超话]#《我与我的儿子跟前夫合租了》【番外篇】:说你乖吧,又不是很乖。终于有个人能陪我聊天了马哥:儿砸出息了!
  • 美国,印度,中国,日本新冠疫情最新情况(数据更新时间:2022.08.07 8点左右) 人口3.33亿人的美国累计感染达九千多万,累计死亡105万多人。-哔
  •   3、瘦腿/瘦肩  上榜理由:好身材更有型更出挑   纤细漂亮的美腿、美肩谁都喜爱,到了夏天身体各部位暴露出来就会让人产生尴尬感,当自己的大腿壮而肥,就会失去
  • 现在所有的憋屈,都是几十年前我们国家被侵略的历史遗留问题,真觉得憋屈了,你去搞科研,造军备,让所有的国家都不敢试图叫嚣,少在网上喷几句没用的废话这个老妖婆为什么
  • )今天看到一句“别人锁榜不是我们佛系的理由”真的被戳到了,之前我们家的数据打投包括捐款,可以两小时内有秩序端掉一个黑c,也可以半天内让dd票数翻番,看不到gg我
  • 日系车在以前,给大家的印象就是比较耐用,油耗比较低,但是最近几年,随着汽车工业的技术越来越先进,在某些方面,特别是油耗方面,日系车确实已经不占优势了,日系车可能
  • 举例:以前,红结家做改印儿饭了,老住去喊喊她婆子过来吃,她婆子那时候搁老大家住哩,喊了几回,她大伯子说:"你要真孝顺了,给咱妈接恁家去吧!"
  • 这一步可以看出Ta心中哪个需要先做第二,这么有序罗列以后,领导的心思一般都放在“如何让下级把最重要的事情先做好”、“既然ta手上有这么些重要的事情,那有的活安排
  • 站在岁月的河畔,寒来暑往,尽在不言,只要心中有一份温暖;笑看世间的沧桑,花开花落,无需挽留,只要心存一份感激;静数尘世的纷扰,缘聚缘散,只想曾经拥有,曾经无悔无
  • 故事的主人公叫阿巴,是“5.12”大地震中幸存的移民,在搬到移民村后做了木材厂里的工人,因为一些人,一席话,他孤身回到了注定将消失的“云中村”重新拾起了祭师的身
  • #小詹好可爱[超话]#我的二十岁就这样平平淡淡的来了 跟我预期的好像不一样 这个生日一点准备和惊喜都没有 仿佛没有长大 好吧 这只是我的第三个十八岁罢