མང་པོ་ཞིག་གི་ངོ་བསྲུང་བྱེད་པ་ལ་བརྟེན་ནས།།
ཐ་མ་རང་ཉིད་ཀྱི་གོམ་ཁ་དེ་ཡང་བརླགས་སོང་།།
དེ་མ་ཚད། ཁོ་ཚོ་བསམ་པའི་ནང་དུ་ང་ནི་རང་ཚུགས་མེད་པའི་མི་བུ་ཞིག་ཏུ་འགྱུར།།
འཇིག་རྟེན་འདི་ནས་དཀའ་མོ་ཞིག་གི་མིང་ལ་ཕུགས་བསམ་ཟེར་བ་རེད་མ་གཏོགས། མི་ཀུན་པོས་མྱུར་བ་མྱུར་དུ་བསྒྲུབ་ཐུབ་པ་ཞིག་གི་མིང་ལ་ཕུགས་བསམ་མི་ཟེར། དཔེར་ན། གསེར་རྟ་ལ་འགྲོ་རྒྱུ་ཡིན། དཀར་མཛེས་ལ་འགྲོ་རྒྱུ་ཡིན། དེ་ངའི་ཕུགས་བསམ་ཡིན་ཟེར་ན། དེ་ཕུགས་བསམ་ཞིག་རྩ་བ་ཉིད་ནས་མ་རེད། འཕྲུལ་རྟ་ཞིག་ལ་ཞོན་ནས་བུད་སོང་ན་ཐོན་ནི་རེད། ཕུགས་བསམ་ཟེར་ན། རྨི་ལམ་ཟེར་ན། འགྲུབ་དཀའ་མོ། བསྒྲུབ་དཀའ་མོ། དཀའ་སྡུག་ཅན་ཞིག་གི་མིང་ལ་ཕུགས་བསམ་ཟེར་བ་རེད།
—— སྒོ་ཤེས་རབ་རྒྱ་མཚོ།
—— སྒོ་ཤེས་རབ་རྒྱ་མཚོ།
ནམ་ཞིག་རང་གཤིས་འགྱུར་བའི་སྣང་བ་ཡིས།།
རེ་བའི་རྨི་ལམ་ཁད་ཀྱིས་དཀྲོགས་པ་ན།།
བདེན་བདེན་འདྲ་བའི་ཕྱིར་དྲན་རབ་མ་རིབ།།
མི་བརྟན་དྲན་པའི་ངོས་ནས་ཡལ་ནས་འགྲོ།།
རེ་བའི་རྨི་ལམ་ཁད་ཀྱིས་དཀྲོགས་པ་ན།།
བདེན་བདེན་འདྲ་བའི་ཕྱིར་དྲན་རབ་མ་རིབ།།
མི་བརྟན་དྲན་པའི་ངོས་ནས་ཡལ་ནས་འགྲོ།།
✋热门推荐