ལྟ་བའི་གནས་འགྱུར།​

—​རང་ཚུགས་ཀྱི་སེམས་རྒྱ།

འདྲེན་ཚིག

ལེ་ལོ་བདུད་ཀྱི་བུ་མོའི་བསླུ་བྲིད་ལ།​།བག་ཡོད་རང་ཚུགས་ཐུབ་པའི་འཁར་བ་དགོས།ང་རྒྱལ་བྲག་གི་མཐོན་པོའི་མགོ་གནོན་ལ།ཁེངས་སྐྱུང་དམན་ས་འཛིན་པའི་ལྷམ་ཆུང་དགོས།

གཅིག།

དུས་གསུམ་གྱི་འབྱུང་རྩ་བརྟན་ཞིང་།​སྣོད་བཅུད་ཉམས་དུས་ཀྱི་དུས་རབས་འདི་རུ།རང་རྟོགས་ཀྱིས་གཞན་གྲལ་དུ་ཚུད་པར་བྱེད་མཁན་ཉུང་བར་སྣང།སྤྱོད་འཇུག་ལས་ཀྱང།“དེ་ལ་འཇིག་རྟེན་ཕལ་བ་ནི།།རྣམ་འབྱོར་འཇིག་རྟེན་གྱི་འབྱོར་ཅིང་།།རྣལ་འབྱོར་བ་ཡང་བློ་ཁྱད་ཀྱིས།།གོང་མ་གོང་མ་རྣམས་ཀྱིས་གནོད།།”

རང་ཅག་ཉན་ཐོས་སྡེ་བའི་ལུགས་ལྟ་བུའི་གནས་འགྱུར་ལྔ་བྱུང་མྱོང་ལ​།ལྟ་བའི་གནས་འགྱུར་རེ་རེ་ལས་ཐུབ་བསྟན།་གྱི་བསྟན་པ་འདི་ཡར་རྒྱས་ཇེ་ལེགས་སུ་འགྲོ་བཞིན་ཡོད།ཡར་རྒྱས་བྱུང་ཚུལ་འདི་ཡང་སྔ་མ་སྔ་མའི་ལུགས་ལ་དཔེ་ལྟ་དང་།སེལ་འཛུད་ལེགས་བཅོས་བྱས་པ་ག་ལ་མིན།དཔལ་ནཱལེ་ནྡྲའི་མཁས་པའི་གདན་ཐོག་ཏུ་བཞུགས་མཛད་པའི་དཔལ་ལྡན་ཟླ་བ་དང་ཕྱོགས་གླིང་སོགས་ནི་ལྟ་བའི་གནས་འགྱུར་འདི་འབྱུང་བར་བྱེད་པའི་རྨང་རྡོ་ལྟ་བུར་ཆགས་ལ།ཤར་ཕྱོགས་མཚན་ཉིད་རིག་པའི་མགོ་ཁུངས་དུ་དེད་བཞིན་མཆིས།ལོ་རྒྱུས་ཀྱི་འདུས་སྡེ་ཆེན་པོ་འདི་ནི་བརྒྱ་ལོ་སྔོན་གྱི་དུས་རབས༣པར་བྱུང་བའི་བསམ་བློའི་འཕོ་འགྱུར་ཆེན་མོ་ཞིག་ཏུ་བརྩི་བཞིན་འདུག

གཉིས།
ལོ་རྒྱུས་ཀྱི་མཐོང་སྣེ་ལ་ལག་པས་འཇུས་ཏེ།མཐོང་དཀོན་པའི་གཟི་མདངས་ལ་འོད་མདངས་བཀྲུས་པར་གྱུར་དགོས་ཚེ།འཕྲལ་ཀྱི་བརྟན་མ་གཞི་ལ་མ་བཅོལ་ཀ་མེད་བྱུང་འདུག

གོང་སྨྲས་ཇི་བཞིན་རྒྱ་གར་ཡུལ་གྱི་ལྟ་བའི་གནས་འགྱུར་རབས་ལྔ་ལས་བྱུང་བའི་ཉིང་བཅུད་དེ་ཐོག་མར་བྷོ་ཊའི་ཡུལ་དུ་གདན་དྲངས་ནས།ལྟ་སྒོམ་སྤྱོད་གསུམ་ལ་སོགས་པའི་ཏམ་ཏིག་རེ་འགྱུར་ཙ་ན།ང་ཚོ་བོད་ཆེན་པོའི་མི་རིགས་འདི་ལ་སྔར་མེད་ཀྱི་སྤོ་སེམས་ཤིག་ངང་ངམ་ཤུགས་ཀྱིས་གྲུབ་བྱུང།འདི་ནི་མི་ཆོས་རིག་གནས་ལ་གཏོགས་པའི་འབྲས་བུ་ཞིག་ཡིན་ཤས་ཆེ།

འཇིག་རྟེན་སྟེང་ནམ་ཡང་ནུབ་པ་མེད་པ་ནི་སྙིང་སྟོབས་རེད་ལ།བདེན་པའི་མཆོག་ཏུ་གྱུར་བ་ནི་སྙིང་སྟོབས་རེད།དེ་ཉིད་མངོན་འགྱུར་བྱ་ཐུབ་མིན་ནི་གཙོ་བོ་མི་བུ་རང་ཉིད་ལ་རག་ལས་པ་ཞིག་ལས།སྤྱི་ལ་བཞག་ཆོག་པ་ཞིག་ཡེ་ནས་མ་རེད།འུ་ཅག་གིས་ཀྱང་སྙིང་སྟོབས་དེ་ལྟ་བུའི་ཡོད་པའི་མི་རྒྱང་འབོད་བྱེད་དགོས།“བོད་ཆེན་པོའི་རིག་གནས་ཀྱི་སྙིང་སྟོབས་དང།དཔེ་ཀློག་སྙིང་སྟོབས།མི་ཆོས་སྙིང་སྟོབས།དཔའ་བོའི་སྙིང་སྟོབས་སོགས་དཔྱོད་ཤེས་ཀྱི་རྒྱང་འབོད་བྱེད་ཀྱི་གལ།ཁོ་བོས་བསམ་ན་འདི་ཡང་ལྟ་བའི་གནས་འགྱུར་གྱིས་བསྐྱེད་པའི་མཐའ་འབྲས་ཡིན་སྲིད།གཏན་ཚིགས་ཀྱི་སྒྲུབ་ངག་འདི་བཀོད་ཕྱིར།ངས་ནི་རང་ཚུགས་ཀྱི་སེམས་རྒྱ་ཞིག་ཅིས་ཅིང་བསྐྱེད་དགོས་སྙམ།”

གསུམ།

ལྟ་བའི་གནས་འགྱུར་ནི་འགོག་ཐུབ་མེད་པའི་ཤེས་སྤྱོད་ཀྱི་ཆ་ཞིག་ཡིན་ལ།དུས་ཚོད་ཀྱིས་བསྐུལ་བའི་མཇུག་འབྲས་ཀྱང་ཡིན།དེའི་རྐྱེན།ང་ཚོའི་མི་རབས་འདི་ལ་མཚོན་ན་ལྟ་བའི་གནས་འགྱུར་འདིའི་ལེགས་ཕྱོགས་མ་ཟིན་པས།རིག་གནས་ལ་གཞན་གྱི་བསླད་འདྲེས་པར་བྱས་ལ།མི་སེམས་ལ་འགལ་འདུ་སྐྱེན་པའི་དུག་རྩ་ཞིག་ཀྱང་བཞག་ཡོད་གཤིས།རང་ཉིད་ནི་ཀུན་ལས་མཆོག་གྱུར་དང་གཞན་རིགས་ནི་ཀླ་ཀློ་ཡིན་རིགས་སོགས་རྔམ་དྲགདྲག་གིས་བསྡུས་བརྗོད་བྱེད་བཞིན་ཡོད་ལ།གཞན་ལ་མཐོང་ཆུང་གིས་མིག་སྡང་བགྲད་ཀྱིན་འདུག ཐ་ན་ཁབ་སྐུད་ཙམ་ཡང་ཐོན་སྐྱེད་བྱེད་མི་ཐུབ་པའི་རང་རིགས་ལ་འདི་འདྲའི་ང་རྒྱལ་ཞིག་ག་ནས་ཡོང་བ་ཡིན་མིན།རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ལས“གཞན་ལ་བལྟ་བའི་མིག་ཡོད་ཀྱང་།།རང་ལ་བལྟ་ན་མེ་ལོང་དགོས།”ཅེས་གསུངས་བཞིན་ཡོད་ལ།ཕལ་ཆེར་འདི་ལྟ་བུའི་སྣང་ཚུལ་བྱུང་བ་ནི“རིག་གནས་ཀྱི་ངར་ཤུགས”མ་བསྐྱེད་པ་དང“ལྟ་བའི་གནས་འགྱུར་ལ་གཏད་སོ་མ་ངེས་པའི། ”རྐྱེན་ཡིན་སྲིད།

རང་རིགས་ཀྱི་ལྟ་སྤྱོད་ཡག་པོ་རྒྱུད་འཛིན་སྒོས་འཛམ་གླིང་འཕོན་ཆེན་པོའི་ཡང་སྟེང་གི་ལྟ་བའི་གནས་འགྱུར་ལ་རང་ཚུགས་ཀྱི་སེམས་རྒྱ་བསྐྱེད་རྒྱུ་ཧ་ཅང་གལ་ལོ།

ངས་ནི་བསྟུན་པ་ཡོད་ཚད་སྲོལ་དུ་མི་འཛིན་ཞིང་།གནད་དོན་གང་ལ་ཐུག་ནའང་དེ་རུ་རང་ཉིད་ཀྱི་བསམ་ཚུལ་དང་དྲན་ཚུལ་ཡོད་པའི་ལང་ཚོ་ཡི་འདས་གཟུགས་ལ་དཔལ་གདེངས་ཆེན་པོས་གཙི་མཐོང་བྱེད་སྲིད།

སྐྱ་རེངས་བུ་མོས་མུན་པའི་ཐུམ་ལས་བཏོན་ཀྱང་། །
ཉི་མས་འོད་ཟེར་མར་ཁུ་མགོ་ལ་བྱུག་ཀྱང་། །
སྨུག་པས་མཛེས་པའི་ན་བཟའ་ལུས་ལ་བསྒྲོན་ཀྱང་། །
དྲིན་གཟོའི་སེམས་པ་མེད་པའི་རི་རྒྱལ་ལྷུན་པོ། །

ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བ་གཉིས་ཀ་ཁམས་ལྔ་ཡིས་གྲུབ་ཡོད་པ་གཅིག་མཚུངས་ཡིན་པ་རེད།གཟུགས་ཅན་གྱི་ཆོས་གཞན་ཀུན་ཀྱང་དེ་མཚུངས་རེད།#ཚེ་སྲོག་དང་ཆོས་ཉིད། #


发布     👍 0 举报 写留言 🖊   
✋热门推荐
  • 我常常为自己不爱看书而感到羞愧但当我下定决心读一本书 我希望我能认真读纸质版的书 这本书是参加图书馆晨读活动之后 图书馆送给我们的礼物 开学的时候打开了他 在第
  • #刘宇宁帝林# | #刘宇宁开始推理吧# | #摩登兄弟[超话]#5,忙碌充实的一天,希望明天更美好,摩登兄弟刘宇宁 刘宇宁@摩登兄弟刘宇宁 ——♡⃛  Lᵒ
  • 我现在回答你的笫一个问题,如何找到真正的中毉,我告诉你,上网查金龙老三的微博,博主就是真正的中毉大夫,我回答你第二个问题,知道真相了如何帮助家人,答:最理想的是
  • 又是一趟南京之旅 24年第二趟来南京咯 说走就走吃了沙县的小馄饨 好吃 来红山动物园了 20块的门票只是入场费罢了 在里面怒花一百多哈哈 真的很难有人进去不买东
  • 巴以冲突严重影响以色列内部消费投资,大规模动员造成劳动力短缺根据以色列官方数据显示,2023年以色列经济增长2%,与以色列央行和财政部去年11月的预测一致,但明
  • 然而这文作者设定居然是:副本是现实即将发生的真实事件,男主附身的也是个真实的人,爽点-50,就不能纯写穿游戏后被游戏强化经验非得跟现实挂钩是吧,感情戏也好尬。谁
  • 这就导致了,但凡有丁点不满意,都忍不住挑刺,不断释放任性,横蛮,不讲道理的坏毛病,分分钟成为更坏的自己,妥妥自我消耗。而如果频繁将时间浪费在自己不爱的人身上,别
  • 爱情,这个永恒的话题,在不同的文化和背景中有着千变万化的表达方式,但某些共通的行为和信号,却能跨越文化的界限,触动每一个人的心弦。男女交往,女人同意让你“动”这
  • 机构简介:武汉亲子鉴定机构,一家正规专业的个人亲子鉴定咨询机构,力求满足每一位客户合理需求,依据相关法律法规、严格遵守鉴定标准,绝不泄露客户信息的同时保障每一位
  • 那就不知道了,不过田家怎么可能允许站街女进家门啊,想想就不可能哈哈哈哈哈哈”“那倒也是哈哈哈哈哈哈……”那站街女最后死在了床上,她浑身都是被虐待的伤痕,妓街的其
  • 当我朋友开始回忆关于夏之光的一晚,鉴于这位已经很久没见,跟我感叹:“之光现在好bking”的同时,她总认为夏之光还是个小孩,然后一晃眼,哇去,电线杆子那么高。”
  • 如果这种猜想正确,那便意味着唯物观下人类的确定态意识,是这个物质世界存续的源动力,是“道”之“作品”的继承和守护者。 按照上述的比喻和定义,那么便是人们看见物质
  • 后来有一天,她姐回来时身上没有酒气,只有藏不住的喜气洋洋,手里挥舞着一份协议,开心得像个孩子,说,“开公司就像扯了个证,所以——”“阿斐,你愿意和我领证吗?庆功
  • 揍字数是什么鬼,那我也叭叭两句,我的修图理念就是随性而为,开始有思路,就会去修,修着修着,思绪会不定的往各个线路跑最终挑自己喜欢的一条去完善修补,尽量做到极致,
  • 再过个剧情我直接爱死[抱一抱]但消音哥纯看就很好看!在我这四哥不属于一眼惊艳型,但是越看越好看!
  • 曾经我想做更好的自己,现在我想更好的做自己,别担心因绝望而失去的时间,熬过绝望,时间的价值会翻倍把收到的每一份温柔和爱意悉数珍藏,有时生活无情,随手熄灭我的几盏
  • 似乎是梦中梦,因为梦里我也跟别人说:我梦到小蝴蝶曦了!不是runaway无所谓了我会发疯 太紧张考官说home我听个hometown 问我喜不喜欢打游戏平时看
  • We always think that children don't lie, but in fact, they often lie.世界上存在着太多的恶意
  • 男二塑造得也不错,自恋狂一枚,一开始看不上女主,觉得没个正型,关注中却情根深种,各种吃飞醋~总之,师徒cp,一路发生各种奇奇怪怪的故事,女主还邂逅了年轻时候的师
  • 同住一层的有两个在这里工作了五年以上的前辈同事,我看他们的生活跟我现在的生活没有任何区别,下班的时候都在自己的宿舍,这样的日子他们过了五年……在这个陌生的城市,