ཚེ་རབས་ཀྱི་ལན་ཆགས་དེའི་ཆེད་དུ་དགོད་སླ་ལ་ངུ་ཡང་སྐྱེན།

ཁ་ཅིག་ཡིད་ལ་གོམས་པས་བསྐྱུར་མ་འདོད།།
འགའ་ཞིག་ཡིད་ལ་འཐད་ཀྱང་སྨྲ་མ་ཕོད།།
གང་ཕྱིར་འགལ་མེད་གནད་དེ་མ་སྨྲས་ན།།
བློས་བྱས་ཅུང་ཟད་ཡོང་བ་མི་ཡི་གཤིས།།

ལོ་མང་དཀའ་བས་བསྐྲུན་པའི་ཡིག་འབྲུ་རེར།།
བལྟས་ན་སྡུག་པའི་བུ་བཞིན་སྙིང་ཉེ་བས།།
དོན་མེད་ཤོག་ཡིག་ངོས་སུ་མ་ལུས་པར།།
ཡངས་བའི་འཇིག་རྟེན་ཞིང་འདིར་ཁྲིད་ན་བསམ།།

མེད་ནས་ཆེད་དུ་གཉེར་བའི་ངལ་བ་དང་།།
ཡོད་ཀྱང་ཚིམ་པ་མེད་པའི་སྡུག་བསྔལ་གྱིས།།
མཐོ་དམན་སྐྱེ་བོ་མནར་བའི་ངང་ཚུལ་འདི།།
འཁོར་བའི་ཆོས་ལ་ཡིད་བརྟན་མེད་ལས་ཅི།།

ལྷན་འཛོམས་རེ་བས་སྒུག་པའི་གདུང་བ་དང་།།
གྱེས་བྲལ་ལས་ཀྱིས་བྲིས་པའི་སྐྱོ་སྣང་གིས།།
ཆེ་ཆུང་སྐྱེ་བོ་མནར་བའི་ངང་ཚུལ་འདི།།
གཅིག་ཏུ་ཡིད་གཏད་མེད་པའི་རྒྱུ་མཚན་ཡིན།།

མ་ཐོབ་ཐོབ་པར་འདོད་པའི་མྱ་ངན་དང་།།
ཐོབ་ཀྱང་ཤོར་བར་དོགས་པའི་དངངས་པ་ཡིས།།
མཁས་བླུན་སྐྱེ་བོ་མནར་བའི་ངང་ཚུལ་འདི།།
ཞེན་པའི་གཏད་སོ་མེད་པའི་གཏན་ཚིགས་ཡིན།།

༤༽ལྷིང་འཇགས་ཀྱི་སྒེའུ་ཁུང་ལས་རྨི་ལམ་གྱི་གསང་བ་ཁུར་བའི་ཕྱི་རོལ་གྱི་འཇིག་རྟེན་མཐོང་ཐེངས་རེར། བདག་གིས་ཚེ་སྲོག་གི་རྒྱུ་བ་ཧ་ཅང་མང་པོ་ཞིག་གི་སྐྱེ་འཇིག་ལ་བསམ་བློ་ཡང་ཡང་འཁོར། འདི་ནི་མི་ཕབ་ལ་ཞིག་གི་ནང་སེམས་ཀྱི་འཕོ་འགྱུར་ཙམ་ལས་ཅི་ཡང་མིན་སྲིད་ཀྱང་། ཧ་ཅང་མགྱོགས་དྲག་པའི་ལོ་ཟླའི་འཁོར་བསྐྱོད་ཁྲོད་ནས་ཚེ་སྲོག་གི་སྐྱེ་འཕོ་ནི་དེ་བས་ཀྱང་མགྱོགས་པ་ང་ཚོའི་གཞི་ནས་ཚོར་གྱིན་མེད་པ་འདྲ། གང་ལྟར་མུན་རུབ་ཐེངས་རེར་ཚེ་སྲོག་གི་འགྲུལ་བཞུད་ད་དུང་མཚམས་བཞག་པ་གསལ་བོར་མཐོང་བ་ནི་ཆོས་ཉིད་ཅིག་རེད།

ཟབ་པའི་རིག་གནས་ཁུང་དུ་སྦས་ཁུལ་གྱི།།
དཔྱོད་པའི་མདའ་མོའི་གཟུར་གནས་མངའ་ཚུལ་གྱི།།
ཆོས་མིན་ཐུབ་པའི་བསྟན་པ་སྤེལ་མཁན་གྱི།།
མགོ་རེག་བཤད་མཁས་ཅན་ཚོ་སྨྱོན་པ་རེད།།

གནས་ལུགས་ཕྲ་མོའི་རང་བཞིན་ཤེས་ཁུལ་གྱི།།
གཞུང་ལུགས་ཟབ་མོ་དགོངས་དོན་མ་རྟོགས་པར།།
རང་ཉིད་ཀུན་ལས་མཛངས་པའི་ང་རྒྱལ་གྱི།།
མཐོ་མཐོ་གནམ་ལྷ་ལྟ་མཁན་སྨྱོན་པ་རེད།།

མདོར་ན་རང་གཞན་དྲིན་ཤེས་རྨོངས་པ་ཡི།།
ཚུལ་མིན་གཞན་ནོར་ཧམ་གྱིས་སྤྱད་པ་སོགས།།
ཤེས་མེད་བླུན་པོའི་ཚོགས་རྣམས་འདི་ག་ནས།།
ང་ཉིད་སྨྱོན་པའི་གྲལ་གྱི་མགོ་མ་ཡིན།།


发布     👍 0 举报 写留言 🖊   
✋热门推荐
  • 感谢董姐出了一本这么好的书,让我懂得很多道理,让我相信爱情[星星][星星][星星][星星],适合打发时间的喜剧片,说教成分不算多吧,可以图个乐,也不像He's
  • 九牛牧业实力证明“优质奶产自本土”3月25日,九牛巴氏鲜奶营养丰富的品质,赢得国家奶业科技创新联盟专家一致认可和高度评价,九牛牧业成功通过“国家优质乳工程”验
  • #林彦俊遇见林格# #林彦俊校服造型花絮# [哆啦A夢吃驚]善良是一种修养,善待他人就是善待自己,要想得到别人的爱,首先要学会爱别人,一个善良的人一定是温暖的人
  • 【"15 Temmuz Demokrasi ve Milli Birlik Günü" Anma Töreni】15 Temmuz Demo
  • 「好看的皮囊千篇一律,有趣的靈魂萬里挑一」一年前我還在流浪,一年後我在這裡找到了家,從來都不追星的我,到現在都還覺得自己追星這件事很不可思議。一年後的今天,第三
  • 媳妇当时回答说:“听到您为了我多次被罚,心生惭愧,就诚恳痛切念佛,马上看到如来从地下踊出来,看见(佛的好相)后(非常)欢喜,我的身体就变好了。”时长者子白王言:
  • 或许,人生最好有个知音才好,我们不计较,却不等于不希望被欣赏,那样会更快乐。 你只要知道自己很重要就好,我们所看到的风景,记忆中的东西,对事物的理解,都取决于自
  • 又或是个人利益高于所有 想到这儿又突然联想到了那些被收买的间谍 他们好像也是看重个人利益高于国家利益的 突然就觉得非常非常难过 这不是我认识的朋友我始终
  • 他们不约而同地用温润的情感和表现手法来展现新时代的“乡村巨变”用影视艺术歌颂国家的乡村振兴战略和三农政策,为我们呈现了丰富多彩、立体鲜活的新时代乡村人物图谱,也
  • 不过炫这个人的理念和实际演唱能力,支撑着他一直在做现场艺术,这几乎是很吃力不讨好的事,现在垫音,修音,假唱,舞台好看就行,人家边跳舞边假唱还是会被夸奖,一提起真
  • 给生命一份感​指路必回,水产不回,谢谢有一种人品,相处让人愉悦,离开让人眷念;有一种风格,办事让人放心,成事让人赏心。#每日一善[超话]##每日一善##阳光信用
  • ”忙碌的背后,有眼前的丰收,也有未来的希望,喜悦都来不及呢…生活或许也是这样,一步一步适时而行,到了对的时间,便去做具体的事情就好了,不焦虑,不迷茫。千姿百态的
  • #王源[超话]##王源德亚全球品牌代言人#wy #王源解析面对生死的浪漫主义色彩#wy #环球人物专栏王源说# "书有结局,但我与你的故事没有&qu
  • 部分网友看到陈小春、张智霖、李承铉和张云龙的名字后,他们觉得很正常,因为在《乘风破浪》节目中,节目组也邀请前两季的选手,比如那英和宁静,这样会让节目变得更有
  • #心爱的房子# Borgo Gallana是位于意大利普利亚的三座极简住宅的集合,由两座老建筑改造而成,在其中间加建了一个现代的新建筑,同时设计了一个充满生活气
  • 有一种真情叫长久,于平静中波澜壮阔,于意境里天涯咫尺,在阳光下享受难得的温情,在午夜梦回时心生柔情,在心路同行的过程中演绎天长地久的浪漫肖战,余生请多指教你的一
  • 我个人倒是挺喜欢这个手感,不过如果你喜欢的是液态硅胶壳那种摩擦感的话就不建议入这款了[笑cry]不管怎么选,不管什么标准,iOS基本上都是最耐看的,同时图标也最
  • 附送一只舔手指的猫猫【#济宁# 33路只有1辆车运行班次太少,和没有有什么区别?官推问答环节有提及二宮队和太刀川队rank的构想,孩子真的很希望两位能打一架配图
  • 那也有14小时+,又在累啊烦啊走不走啊走了吃什么啊活都交给我我以后交给谁啊中失眠了,1个小时后又得重复我枯燥乏味机器人般的一天了呢!谢谢你们陪伴了我这个暑假,这
  • ”“傻狗”“晚安好梦”“你穿汉服的话 什么动作都不用学 光转几个圈就美死了”“有的鱼 摸着摸着就到了饭点”“我姑娘最好看了”“老顾,孩子明白的比你多,看人比你准