༄༅།།སྤོས་ལྡན་གྲོང་ཁྱེར་ནས་ཕ་ཡུལ་དཀར་མཛེས་སུ་ཡོང་བར། གནམ་གྲུ་འཛིན་ཡིག་ཉོ་ཐབས་ཡག་པོ་ཞིག་ཤེས་བྱུང་། དེ་ཡང་སྤོས་ལྡན་གྲོང་ཁྱེར་གྱི་ཧྲོང་ལིའུ་གནམ་ཐང་ནས་ཐད་ཀར་དཀར་མཛེས་གེ་སར་གནམ་ཐང་དུ་འཕུར་བའི་གནམ་གྲུ་འཛིན་ཡིག་ཅིག་ཉོ་བར། ཆ་སྙོམས་སྒོར་མོ་༡༥༠༠་ཡན་མན་ཙམ་དགོས་འདུག ཆེས་ཉུང་ནའང་སྒོར་མོ་༡༢༠༠་ཙམ་དགོས་སོ།། འོན་ཀྱང་སྤོས་ལྡན་གྲོང་ཁྱེར་གྱི་ཧྲོང་ལིའུ་གནམ་ཐང་ནས། ལྷ་སའི་གངས་དཀར་གནམ་ཐང་དུ་འཕུར་བའི་གནམ་གྲུ་འཛིན་ཡིག་ལ་ཆ་སྙོམས་སྒོར་མོ་༥༠༠་ཡན་མན་ཙམ་དང་། སྐབས་རེེར་སྒོར་མོ་༣༠༠་ཡན་མི་དགོས་པར་འདུག དེར་བརྟེན། དཀར་མཛེས་གེ་སར་གནམ་ཐང་དུ་འཕུར་འདོད་པའི་འགྲུལ་པ་ཚོས། ལྷ་སའི་གངས་དཀར་གནམ་ཐང་དུ་འཕུར་བའི་གནམ་གྲུ་འཛིན་ཡིག་ཉོས་ན་གོང་ཧ་ཅང་ཁེ་པོ་འདུག འདིར་ངེས་པར་དུ་གཟབ་དགོས་པ་ཞིག་ནི་སྤོས་ལྡན་གྲོང་ཁྱེར་གྱི་་ཧྲོང་ལིའུ་གནམ་ཐང་ནས་ལྷ་སར་འཕུར་བའི་གནམ་གྲུ་ཐམས་ཅད་དཀར་མཛེས་གེ་སར་གནམ་ཐང་དུ་མི་འབབ་པས། དྲྭ་སྟེང་ནས་གནམ་གྲུ་འཛིན་ཡིག་ཉོ་སྐབས་ངེས་པར་དུ་ལམ་བར་ནས་དཀར་མཛེས་གེ་སར་གནམ་ཐང་བརྒྱུད་དེ་འཕུར་བའི་གནམ་གྲུའི་འཛིན་ཡིག་ཉོ་དགོས། དེ་བཞིན་ལྷ་ས་ནས་དཀར་མཛེས་ལ་བསྐྱོད་པའི་འགྲུལ་པ་རྣམས་ཀྱང་ངོ་།། ང་ཚོ་དང་ལྷན་དུ་གནམ་གྲུར་འཛུལ་བའི་གྲས་སུ་ཐད་ཀར་དཀར་མཛེས་གེ་སར་གནམ་ཐང་དུ་དབབ་དགོས་པའི་འགྲུལ་པ་ཡང་མང་པོ་ཞིག་འདུག་པས། དེ་ཚོས་ཕལ་ཆེར་ལྷ་སར་འགྲོ་མཁན་རྣམས་ལས་སྒོར་མོ་མང་བར་སྤྲད་ཡོད་པ་གདོན་མི་ཟ། དཀར་མཛེས་གེ་སར་གནམ་ཐང་དུ་སླེབས་རྗེས། ང་དང་འདྲ་བར་ལྷ་སའི་འཛིན་ཡིག་ཉོས་ནས་དཀར་མཛེས་སུ་འབབ་མཁན་ཏེ། མགོ་བདེ་མོ་ཅན་ཡང་མང་པོ་ཞིག་འདུག་ལ་དེ་དག་གིས་མངགས་འདྲེན་བྱས་པའི་ཅ་ལག་ལེན་པར་ཡང་། དཀར་མཛེས་གནམ་ཐང་གི་ལས་སྒྲུབ་པ་ཚོས་སྟབས་བདེ་གནང་གིན་འདུག་གོ།

དེ་ལྟར་ང་རང་ནི། དེ་རིང་ཉིན་དགུང་དུ་ཧྲོང་ལིའུ་གནམ་ཐང་ནས་རྩམ་པ་ཞིམ་པོ་ཞིག་བཟས་ཏེ་གནམ་གྲུར་འཛུལ་རྗེས། སྤོས་ལྡན་གྲོང་ཁྱེར་གྱི་ནམ་མཁའ་ནས་རྒྱུས་མངའ་ཆེ་བའི་ཕ་ཡུལ་གྱི་མཁའ་དབྱིངས་སུ་ལྡིང་སྐོར་འགའ་དང་བཅས། ཡུད་ཙམ་གྱིས་དྲོད་ཁོལ་འཛོམས་པའི་ཁྱིམ་གཞིས་སུ་བདེ་བར་སླེབས་སོ།།
དེ་རིང་ཉིན་དགུང་སྤོས་ལྡན་གྲོང་ཁྱེར་གྱི་ཧྲོང་ལིའུ་གནམ་ཐང་དུ་ངལ་གསོ་སྐབས་མཇལ་བའི་སྤྱོད་འཇུག་གི་ཚིགས་བཅད་འདི་ཡང་། དྲན་གསོ་ཞིག་གི་ཚུལ་དུ་ཡི་གེར་ཕབ་པ་ཡིན། ཇི་སྐད་དུ།
ནད་མེད་ཉི་མ་འདི་ལྟ་བུ།།
ཟས་བཅས་འཚེ་བ་མེད་ཀྱང་ནི།།
ཚེ་ནི་སྐད་ཅིག་བསླུ་བ་སྟེ།།
ལུས་ནི་ཐང་ཅིག་བརྙན་པོ་བཞིན།།
ཞེས་སོ།།

#微博[超话]# ༄༅།།འདུལ་དཀའི་གདུལ་བྱ་ལྟ་བུར་གྱུར་བ་བདག།

བཀྲ་ཤིས་འཁྱིལ་དུ་ཐོས་བསམ་བྱས་པའི་མཐུས།།

འཇམ་དབྱངས་བླ་མས་ཚེ་རབས་ཐམས་ཅད་དུ།།

འབྲལ་བ་མེད་པར་རྗེས་སུ་འཛིན་གྱུར་ཅིག།

࿐ཀུན་མཁྱེན་དྲུག་པ་ཆེན་པོས།

白瑪鄧登全集 第 04 函【 ༄༅། །ལྷང་ལྷང་ནོར་བུའི་ཡང་རྩེའི་བཀའ་ཡི་བློན་པོ་རི་རྒྱལ་སྔོ་མཛོའི་བསང་ཡིག་བཞུགས་སོ། ། 朗朗摩尼極頂峰護法大臣山王奧左淨煙供 】

༄༅། །ཀྱེ་ངོ་མཚར་པདྨའི་གཏེར་འབུམ་གླིང་། །ལྷང་ལྷང་ནོར་བུའི་ཡང་རྩེ་ཡི། །བཀའ་ཡི་བློན་པོ་གཙོ་བོ་རྗེ། །རི་རྒྱལ་སྔོ་མཛོ་ནོར་ཕྱུགས་ལྷ། །

嗟!希有白瑪德繃林,朗朗摩尼極頂峰,護法大臣上首尊,山王奧左牛畜神,

དེར་གནས་གཉུག་མར་གཞི་བདག་ནི། །གསང་མཚན་ཕྲིན་ལས་ལྷུན་གྲུབ་རྩལ། །སྐུ་མདོག་སྔོན་པོ་གཡུ་འོད་འབར། །དཀར་པོ་དུག་གི་ལ་ཐོད་གསོལ། །

常住此處土地神,密名陳類楞哲匝,身體藍色玉光熾,頭戴白色毒頭巾。

ལྗང་གུ་རྨ་བྱའི་སྒྲོ་འཕྲུ་བཙུགས། །རལ་པ་དར་སྣ་ལྔ་ཡིས་བཅིངས། །གསེར་གྱི་ཨ་ལུང་སྙན་ཆ་ཅན། །རིན་ཆེན་སྣ་ཚོགས་མགུལ་དུ་རྒྱན། །

綠色孔雀花翎插,髮辮五色絲綢繫,黃金耳環飾雙耳,種種大寶頸上嚴,

............(中略)............

ཀྱེ་རི་རྒྱལ་སྔོ་མཛོ་ལྷུན་གྲུབ་རྩལ། །དེ་རིང་སྤྱན་འདྲེན་བསང་མཆོད་འབུལ། །དེ་ཡི་བཀའ་ཉན་ཆེན་པོ་བརྒྱད། །གཡས་ན་སྤྱང་མཛོ་སྐུ་མདོག་དཀར། །རྟ་སྔོན་བཅིངས་ཤིང་ཀླུ་བུམ་བསྣམས། །གཡོན་ན་ཁྱུང་རྒོད་སྐུ་མདོག་དམར། །རྟ་དམར་བཅིབས་ཤིང་མདུང་དར་བསྣབས། །མདུན་ན་རྒྱ་ཉ་སྐུ་མདོག་མཐིང་། །རྟ་ནག་བཅིབས་ཤིང་དར་ནག་ཕྱར། །རྒྱབ་ན་དགའ་མཛོ་སྐུ་མདོག་དཀར། །རྟ་དཀར་བཅིབས་ཤིང་དུང་དཀར་བསྣམས། །དགའ་རབ་ཁྲ་བོ་སྐུ་མདོག་དཀར། །

嗟!山王奧左楞哲匝,今者迎請淨煙供!彼之八大眷屬者,右邊香左身色白,乘騎藍馬持龍瓶;左邊瓊郭身色紅,乘騎紅馬持綢槍;前面甲聶身色藍,乘騎黑馬舉黑旗;背後嘎左身色白,乘騎白馬持白螺;嘎繞叉沃身色白,

སེང་གེ་བཅིབས་ཤིང་དར་དཀར་ཕྱར། །རྡོ་རྗེ་བྲག་ནག་སྐུ་མདོག་སྨུག །རྟ་ནག་བཅིབས་ཤིང་ཕུར་བུ་བསྣམས། །སྲིང་མོ་དམར་མོ་ཁྲ་ཅོག་མ། །དྲེའུ་དམར་བཅིབས་ཤིང་སྤུ་གྲི་བསྣམས། །རྒྱལ་མཛོ་ནོར་བདག་སྐུ་མདོག་དཀར། །ལྷ་གཡག་བཅིབས་ཤིང་རྔ་སྒྲ་སྒྲོགས། །རི་རྒྱལ་སྔོ་མཛོ་གཙོ་འཁོར་བཅས། །དེ་རིང་སྤྱན་འདྲེན་བསང་མཆོད་འབུལ། །ཐམས་ཅད་དགའ་མགུ་དགྱེས་པར་མཛོད། །

乘騎獅子舉白旗;多吉紮納身色紫,乘騎黑馬舉普巴;妹妹紅色叉焦瑪,乘騎紅騾持利刀;嘉左財神身色白,乘騎神牛擊鼓聲;山王奧左主眷眾,今者迎請淨煙供!悉令歡喜得滿足!

པདྨའི་སྦས་གནས་བསྟན་པ་སྲུངས། །རྣལ་འབྱོར་སྒྲུབ་པའི་སྡོང་གྲོགས་ཀྱིས། །ནད་གདོན་འཇིགས་བརྒྱད་ཞི་བ་དང་། །ཚེ་བསོད་དཔལ་འབྱོར་རྒྱས་པར་མཛོད། །ཁམས་གསུམ་སྲིད་གསུམ་དབང་དུ་བསྡུས། །གནོད་བྱེད་དགྲ་བགེགས་རྡུལ་དུ་རློག །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །

蓮花隱境教法護!瑜伽修行作善友!病魔八怖令息滅!福壽財勢令廣增!三界三有遍懷攝!能害敵魔碎為塵!託付事業令速成!

ཨེ་མ་རི་རྒྱལ་ངོ་མཚར་ཅན། །པདྨའི་གཏེར་གྱི་སྦས་གནས་ཡིན། །རྗེ་བཙུན་མི་ལའི་བསྒྲུབ་གནས་ཡིན། །མཁའ་སྤྱོད་དབང་པོའི་གཏེར་གནས་ཡིན། །ཡང་ནས་ཡང་དུ་མཐོང་སྣང་བྱུང་། །བདུད་འདུལ་མིང་གིས་སྦྱར་བའོ། །དགེའོ། །དགེའོ། །དགེའོ། །

誒瑪山王誠希有!貝瑪伏藏隱境處,至尊密勒修行處,空行勇士寶藏處,數數現起所見境,名為鄧登者撰著。善哉!善哉!善哉!

----------------------------------

༄༅། །ཡང་དག་ཚད་མ་གསུམ་གྱི་ང་རོ་ཡིས། །ལྟ་དམན་རི་དྭགས་ཚོགས་རྣམས་སྐྲག་མཛད་པ། །ཐེག་མཆོག་སེངྒེའི་སྒྲ་དབྱངས་ས་གསུམ་ཁྱབ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །རྒྱལ་བསྟན་ཡོངས་སུ་རྫོགས་པའི་གོས་བཟང་རྩེར། །འོད་གསལ་རྡོ་རྗེ་སྙིང་པོའི་ཏོག་མཛེས་པ། །ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་མཐོ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག ། མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།

三種真實正量吼聲震, 一切劣見獸眾皆驚恐,
勝乘獅子吼音遍三地, 蓮師大寶教法願興盛!
聖教圓滿殊勝妙旗頂, 光明金剛藏要寶珠嚴,
勝伏一切法幢高聳立, 蓮師大寶教法願興盛!

- 彌龐蔣揚南傑嘉措(不敗文殊尊勝海)

寧瑪文殊 - 經典伏藏漢譯 NMKT ༄༅།།རྙིང་མ་འཇམ་དབྱངས། བཀའ་མ་གཏེར་ཆོས་རྒྱ་སྒྱུར།།


发布     👍 0 举报 写留言 🖊   
✋热门推荐
  • 为打造“10分钟健身圈”提高全民健身的参与度,兴国县外引内联,统筹各项目资金,在全县范围内兴建广场、篮球场、跑步道等健身场所,初步建成了三级全民健身设施网络。截
  • 就在刚刚比我小几个月的侄女长发齐腰,一袭水绿色长裙快步朝我飞奔而来,然后用她那一米七几的模特身高把我无情地碾压了~[摊手]于是我两就开始在大庭广众之下当着众人的
  • 高价回收情人节礼物,男友送的,老公送的,情人送的,干爹送的,手机[机智],名表[奸笑],黄金首饰[机智],名包[机智],高价回收,能不拆封的尽量别拆,拿不回家的
  • 成毅沉香如屑·沉香重华成毅唐周英俊潇洒成毅应渊心许苍生成毅玄夜叱咤风云胸怀大义应渊帝君活泼可爱捉妖师唐周蛊惑人心修罗王玄夜成毅打戏精彩成毅演技炸裂成毅应渊帝君沉
  • (北方新报)【国家卫健委:要毫不动摇坚持动态清零总方针】5月6日,在国务院联防联控机制新闻发布会上,国家卫生健康委新闻发言人、宣传司副司长米锋介绍,5月5日,
  •   据了解,雨润公司与雅洁丽保洁公司是合作关系,雅洁丽公司与保洁员是劳动关系,这里有38名保洁员,今年6月之前,公司一直按月发放工资。【西安北郊一保洁公司为留人
  • 上飞机之前下载《夜色温柔》晕晕乎乎读了小半本,记笔记云“技巧显著,用力过度”然后丢掉,开始思考一些现实的事;或者说,回杭州的飞行履行到一半,一些问题就逐渐开始面
  • 装修细节更好看[锦鲤附体]点击关注不迷路[虎爪比心]————————————点击看 该实景设计案例更多细节更多原木风与新中式实景案例◕‿-。 咨询入口#成都装修
  • 兄弟们下午好,今天给大家讲一下美杜莎传奇如何快速去获取元宝的方法,这个也是很多玩家困扰的一个问题,那接下来木木就给大家简单说一下。不得不说,该网友的想法也不无道
  • 生命总要有光,尘烟之下,相守为家,这是马老四对生活最简单的渴望了。王医生给患者重新做了瓷贴面,在最大程度上保护了原有的牙齿,也得到了足够的美观和舒适。
  • 我很有几对谈了四五年甚至七八年恋爱至今的大学或者高中同学,看到真的很震惊,祝福之余心说真的有这种小说经历照进现实么,虽然我独处能力还算可以但处理亲密关系可以说是
  • 原本看看档综和听歌就能很高兴,但是现在好像还是很emo[单身狗]有没有姐妹安慰我两句[泪][泪]不敢水帖,看下面:出未拆mini4新专一套,215r不包(可包续
  •   为高质量发展筑大道  许庆光  随石榴云/新疆日报“南疆新貌”全媒体报道团队在和田采访时,记者问起选择在南疆落地发展的理由,不论是现代农业园高新技术企业的高
  • #影像上海艺术博览会# 首期线上展览 #云游#✨参展作品聚焦✨作品:破壁记 之大手(图1)作品:破壁记 之野花(图2)年份:2022艺术家:严明代理画廊:see
  • 中国北京首座对公众免费开放的流行乐之王#麦可杰克森[超话]#铜像于2021年5月1日在@北京丰科万达广场 正式揭幕!!!感谢全国迈迷们在过去一年对北京MJ铜像计
  • #七夕表白送什么# [打call]olay七夕品牌专场[打call]【点赞】[赞]抽一位姐妹送一支MAC‍♀️下单记得备注【科学变美】会加送2片抗糖面膜~【20
  • 羽毛男孩978-7-5117-4112-7定价:36元孩子们都曾梦想可以身临其境地去经历那一个个让自己无比喜爱的梦幻童话,它不只是文字,更是在书写孩子们心灵深处
  • #广州整牙# #广州牙齿矫正# [带着微博去旅行]Dr.Zheng矫正心得分享[带着微博去旅行]【纠正前突+露龈笑,改善脸部轮廓】[微风]这是一个蛮典型的前突案
  • )[舔屏]比较现实向吧 所以看起来会感到沉重两人第一眼后 攻就看上了受 苏云台为了母亲临终托付他照顾的同母异父的弟弟签了合同 一跟就是六年 攻对受很好捏[抱一抱
  • #武汉兄弟[超话]#因为喜欢千玺,而喜欢他们太甜喜欢吃醋的韩宇喜欢宠韩宇的亮亮因为重要才会吃醋和宠爱,不管别人怎么说,怎么看,武汉兄弟永远在哦,感情永远不会变,