ཧཱུྃ་མགོན་པོའི་བཀའ་ཉན་ཀུན་གྱི་གཙོ་བོ་ཁྱོད།།
            མུན་པའི་མདོག་ཅན་སྲིན་པོ་ཁྲོས་པའི་ཞལ།།
            མེ་ལྕེ་བསྐྱོད་ལྟའི་སྐྲ་བརྫེས་མཆེ་བ་གཙིགས།།
            ཕྱག་གཡས་དགྲ་བགེགས་སྲོག་གཅོད་གྲི་གུག་གདེངས།།
            གཡོན་པ་གདུག་པའི་སྙིང་ཁྲག་གཙོ་ལ་སྟོབ།།
            སྟོང་གསུམ་བགྲོད་ཕྱིར་དོམ་ནག་སྨྱོན་པ་ཆིབས།།
            བལྟས་པ་ཙམ་གྱིས་ས་གསུམ་སྔངས་བྱེད་པ།།
            བདུད་འདུལ་ཆེན་པོ་ཀྵེ་ཏྲ་པཱ་ལ་ཁྱོད།།
            དམ་རྫས་བྱིན་གྱིས་བརླབས་པའི་གཏོར་མ་དང་།།
            བདུད་རྩི་ལྔ་ལྡན་བཏུང་བ་འདི་བཞེས་ལ།།
            རྡོ་རྗེ་འཆང་དབང་དཔལ་ལྡན་བླ་མ་དང་།།
            མྱུར་མཛད་ཡེ་ཤེས་མགོན་པོའི་བཀའ་བཞིན་དུ།།
            སངས་རྒྱས་བསྟན་པ་བསྲུང་ལ་མ་གཡེལ་བར།།
            ཆོས་བཞིན་སྒུབ་པའི་རྣལ་འབྱོར་བདག་ཅག་སྐྱོངས།།
            བཤད་སྒྲུབ་མཐུན་རྐྱེན་ཡིད་བཞིན་བསྒྲུབ་པ་དང་།།
            གདུག་པའི་དགྲ་བགེགས་མ་ལུས་ཚར་གཅོད་མཛོད།།
                                ࿐མཁས་གྲུབ་དགེ་ལེགས་དཔལ་བཟང་པོའི་གསུང་ངོ་།།

࿐འགྱུར་དེབ་འདིར། ལྕམ་མོ་ཅུས་ལིས་དཀའ་ཁག་སྣ་མང་ལ་མགོ་མི་སྒུར་བར<བགེགས་དང་བར་ཆད་སྲོག་གི་ངར>དུ་བསྒྱུར་ཐུབ་པའི་དཔའ་མཛངས་རྟུལ་ཕོད་ཀྱི་རང་གཤིས་དང་། རང་དབང་སྒེར་ཚུགས་ཀྱི་སྙིང་སྟོབས། ཕོ་ལན་རྒྱལ་ཁབ་ལ་ཨུ་རུ་སུས་བཙན་འཛུལ་བྱས་ཏེ་རང་གི་ཡི་གེ་སློབ་མཚམས་བཀག་ནའང་། རིགས་དོན་ལ་ཤ་ཞེན་ཆེ་བའི་ཕོ་ལན་མི་དམངས་ཀྱིས་མེས་རྒྱལ་སྲུང་སྐྱོབ་དང་ཡི་གེ་སླར་གསོ་ཡོང་ཕྱིར་མངོན་ལྐོག་གང་རུང་ནས་ཡི་གེ་སློབ་པའི་ཤ་ཞེན་དེས་ང་ལ་ཡར་སྐུལ་ཐེབས།

འགྱུར་རྩལ་གྱི་ཆ་ནས་ས་བཅད་མ་སྟོང་ཙམ་དུ་གླེང་ན། བོད་མིའི་སྐད་སྲོལ་དང་མཐུན་པར་ལོ་ཙཱ་བྱས་འདུག་ལ། སྐབས་དང་སྐབས་སུ་ཐོན་པའི་སྙན་ངག་གི་རྗོད་པ་རྣམས། ཚིག་ཉམས་ཆེ་ཞིང་ངག་སྐྱོར་བདེ་ལ། བློ་ངོར་ཡང་འབྱོར་སླ་བས་ཡིག་བསྒྱུར་གྱི་རྨ་ཤུལ་མཐོང་དཀའ།

སྒྱུར་བ་བོ་ཁོང་ནི། སྐད་རིགས་གསུམ་ལ་དབང་འབྱོར་བའི་ཤེས་ལྡན་པ་རབ་ཀྱི་གྲས་སུ་གཏོགས་ཤིང་། ལས་ཞོར་གྱི་ཁོམ་གླགས་ཅི་རིགས་ཆུད་མི་འཛའ་བར་ཡིག་སྒྱུར་ལས་ཀའི་སྟེང་ལ་བབས་ཏེ་གྲུབ་འབྲས་གཟུགས་ཅན་དུ་བྱུང་བ་ལ་རྗེས་སུ་ཡི་རངས་དང་། འགྱུར་དེབ་འདིའི་མཚན་བྱང་ལ«ལྕམ་མོ་ཅུས་ལིའི༼རང་རྣམ༽»ཞེས་གསོལ་བ་ལས་ཀྱང་། ཁོ་རང་ལྕམ་མོ་ཅུས་ལིའི་མཛད་པ་ལ་དགའ་བ་དང་སྤྲོ་བ། དད་པ་བཅས་ཡོད་པ་རྟོགས་ཐུབ།

མཇུག་ཏུ། སྒྱུར་མཁན་གྱིས། <དེབ་འདིས་ཁ་བ་རི་བའི་གཞོན་སྐྱེས་དག་ལ་ཧུར་སེམས་བསྐྱེད་ཅིང་། འཚོ་བའི་ལམ་ཁ་ནས་སྙིང་སྟོབས་དང་ཡིད་ཆེས་ཤིག་སྩོལ་ཐུབ་པར་སྨོན>ཞེས་པ་ལྟར། ཀློག་མཁན་ངས་ཀྱང་ཀུན་ལ་ཕན་ཐོགས་པར་གྱུར་ཅིག་ཅེས་སྨོན་ནོ། །

࿐དྲན་པའི་ཡོལ་བའི་ངོས་སུ་དམའ་འབྲིང་ལོ་རིམ་གཉིས་པ་ནས་བཟུང་ཏེ་ལོ་རེ་བཞིན་ཕ་ཡུལ་མདོ་སྨད་ཤར་ཕྱོགས་ཀྱི་ཆོས་སྡེ་ཆེན་མོ་ཀླུ་ཚང་དགོན་ཆེན་མོའི་གླིང་སྨད་ཀྱི་གྲྭ་ཤག་འདི་ནས་རིག་པའི་གནས་མཐའ་དག་ལ་མངའ་བརྙེས་པའི་དགེ་བའི་བཤེས་གཉེན་ཆེན་མོ་༧རྒྱ་གྲོལ་ལམ་ཤེས་རབ་བསྟན་དར་སོགས་ཀྱི་ཞབས་ལ་གཏུག་ནས་ས་ལམ་གྲུབ་མཐའ་དང་ལམ་རིམ། སྤྱོད་འཇུག སུམ་རྟགས། སྒྲ་རིག་པ། བསྡུས་གྲྭ། སྙན་ངག། ལོ་རྒྱུས་སོགས་གཙོས་པའི་གཞུང་རྣམས་བག་ཆགས་ཙམ་བཞག་མྱོང་བའི་ཁུལ་བྱས། ༢༠༡༥ལོ་ཡས་མས་ཙམ་ལོ་རེར་བཞིན་གནས་འདིར་ཡོང་པའི་སྐལ་བ་མ་ལྡན་ཡང་། ལོ་གཉིས་གསུམ་ནང་ལ་ཐེངས་ཤིག་ཅིས་ཀྱང་འདིར་ཡོང་ནས་དགེ་བའི་བཤེས་གཉེན་རྣམས་དང་གཞན་བློ་ཁ་མཐུན་པའི་ཆོས་གྲོགས་ཁ་ཤས་དང་ལྷན་ཏུ་ཁ་བརྡ་ཀློད། གུ་རེ་རྩེ། རྒྱ་ཇ་འཐུང་། ཟ་མ་ཟ་བ་སོགས་ལས་སྣ་ཚོགས་བྱས་པ་ཡིན། དེ་རིང་ཡང་བསྐྱར་གནས་འདིར་ཡོང་ནས་དགེ་བའི་བཤེས་གཉེན་རྣམས་ལ་ཁམས་བདེ་འཚམས་ཞུས་པ་ཡིན་ལ། ཕྱིར་ལམ་དུ་ཆས་དུས་དགེ་བའི་བཤེས་གཉེན་ཆེན་མོ་༧རྒྱ་གྲོལ་ལགས་ནས་བསམ་པའི་རྒྱགས་ཕྱེ་གྱ་ནོམ་པ་ཞིག་གིས་སྐྱེལ་མ་ཞུས།


发布     👍 0 举报 写留言 🖊   
✋热门推荐
  • 我看到有的版本把名字翻译成了绫子,导致有人认为这个女生不是彩子,其实这就是个翻译问题,彩子、绫子的原文都是Ayako。但是现在感觉怎么都不对了[跪了]#灌篮高手
  • 大哥这段表演真的!!
  • 宫城良田,神奈川县湘北高中高二学生,湘北篮球队的主力队员之一,司职控球后卫。#灌篮高手# #灌篮高手[超话]# 宫城良田,神奈川县湘北高中高二学生,湘北篮球队的
  • 4.我知道你也在向我靠近,星河万顷都是你的见面礼,所以我也走向了你,暮色千里皆是我的回礼5.你是我粉色白日梦里,撒满星星的森林夜6.我还是很喜欢你,长安城内,万
  • 兴许戚顾本就是不合适的吧,武林大业与儿女情长,戚少商要去找平衡,应该比小侯爷更容易,只是他做不到。十一年前唱的是“相遇的时候如果是个意外离别的时候意外的看不开”
  • 生性不喜欢热闹 年迈的时候 如果是繁华的城市车水马龙和清贫的小屋炊烟袅袅 我会毫不犹豫选择小屋 好是在山林里 更好的是有你 我们一起种花浇水 一起品茶 看日出日
  • #魔法仪式反馈#魅力仪式反馈 ·从结婚到宝妈一直跟随我的老客人~好暖心的告白和反馈 之前和老公很冷淡 做了促进以后热情满满 做了魅力生孩子以后比之前还要好看 会
  • 财星代表世俗、金钱、利益、财产,财星制印说明以金钱贿赂贵人,使印星代表的人物、事象为自己所用,这类人属于拥有公用资产的人。三、八字中财星生官星,印星生日元八字中
  • 闲置的iPad在这两个月的听课后变的内存不足,实在不够用了决定在官网重新买一个,今天终于收到了,期待满满结果发现麦克风孔旁边有一道小缺口,虽然很小,可是我一个近
  • #医护后盾#[爱你]【#谢谢每个依然坚守在战疫一线的你#!】如约绽放的樱花,为武汉的春天按下播放键。这个春天,离不开一群人的逆行与坚守。“为了胜利,我们宁愿迟点
  • Q.AAA组合的PULS Live视频你看了嘛?总之我拍了很多可爱的照片,要是有机会的话就发给你们看哦。
  • 不要忘记过去那一个多月,不要忘了我们这么多天的坚持是为了什么他只是分享了一张图片zy并没有如我们所愿。!
  • 很多人在看到这个问题的时候都会觉得肯定是不能够原谅的。但是在实际生活当中未必每个人都能做出最客观的选择。
  • 灌篮高手 《灌篮高手》最新画集《PLUS/SLAM DUNK ILLUSTRATIONS 2》将于2020年4月3日发行,该新画集封底上为湘北篮球队的赤木刚宪
  • #美甲分享[超话]# U3 Today Nail | 天会晴心会暖阳光在手指间到店前请提前预约喔[愛你]朝外SOHO店地址:北京市朝阳区朝外大街乙六号朝外SOH
  • 对孩子来说更是如此,这一次,i舞再次强势聚焦业余国标舞领域,张罗集结了所有精英国标少年,这个夏天,我们一起来跳舞。对孩子来说更是如此,这一次,i舞再次强势聚焦业
  • 这时需要你做的就是分辨清哪类人是与你志同道合的,值得自己去花时间和精力去交往的,甚至值得你用一生的时间去守护这份朋友之情胜似亲情的感情的。在我们的一生中可能会出
  • 未来是奇妙的,可贵的。未来是奇妙的,可贵的。
  • 3. 我公司的保证金全国最低,资金量达到2万或以上就可以给您申请交易所保证金,不申请的情况下一般都是在交易所基础上加2%左右,使您的资金利用价值最大化,特别适合
  • @TFBOYS-易烊千玺[太阳]#Gone-TFBOYS-易烊千玺[音乐]#[太阳]#两个傍晚的月亮[音乐]#[太阳]#再一,再二,再三[音乐]#[太阳]#牺牲