རྩ་བརྒྱུད་བླ་མའི་བྱིན་རླབས་སྙིང་ལ་ཞུགས། །
ཡི་དམ་ལྷ་ཡིས་རྗེས་བཟུང་དངོས་གྲུབ་ཐོབ། །
མཁའ་འགྲོ་དམ་ཅན་ལུས་དང་གྲིབ་བཞིན་འགྲོགས། །
གང་བསམ་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག །

འཕགས་པ་སྡོང་པོ་བཀོད་པའི་མདོ་ལེའུ་དཔལ་འབྱུང་བའི་རྣམ་པར་པར་ཐར་པ་ལས། དགེ་བའི་བཤེས་གཉེན་གྱི་བསྙེན་བཀུར་བསླབ་པར་བྱ་སྟེ་ཤེས་པར་བྱའོ། །ཇི་སྐད་དུ་འཕགས་པ་སྡོང་པོ་བཀོད་པ་ལས། འཕགས་པ་དཔལ་འབྱུང་གིས་བསྟན་པ། དགེ་བའི་བཤེས་གཉེན་གྱིས་ཡང་དག་པར་ཟིན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ངན་འགྲོར་མི་ལྟུང་ངོ་ཞེས་བྱ་བ་ནས་དགེ་བའི་བཤེས་གཉེན་ནི་བྱ་བ་མ་ཡིན་པ་རྣམས་ཁོང་དུ་ཆུད་པར་བྱེད་པའོ། །བག་མེད་པའི་གནས་ལས་ཡང་དག་པར་བཟློག་པའོ། །འཁོར་བའི་གྲོང་ཁྱེར་ནས་འདོན་པའོ། །རིགས་ཀྱི་བུ་དེ་ལྟ་བས་ན་དེ་ལྟར་ཡིད་ལ་བྱ་བ་རྒྱུན་མ་ཆད་པས་དགེ་བའི་བཤེས་གཉེན་རྣམས་ཀྱི་དྲུང་དུ་འགྲོ་བར་བྱའོ། །ཁུར་ཐམས་ཅད་བཀུར་བས་ཡོངས་སུ་མི་སྐྱོ་བས་ས་ལྟ་བུའི་སེམས་དང་། བསམ་པ་མི་ཕྱེ་དཔས་རྡོ་རྗེ་ལྟ་བུའི་སེམས་དང་། སྡུག་བསྔལ་ཐམས་ཅད་ཀྱིས་མི་བསྒུལ་བའི་ཕྱིར་ཁོར་ཡུག་ལྟ་བུའི་སེམས་དང་། ལས་ཐམས་ཅད་ཉམས་སུ་བླང་བ་ལ་མི་སྨོད་པས་འཇིག་རྟེན་གྱི་བྲན་ལྟ་བུའི་སེམས་དང་། ང་རྒྱལ་དང་ཆེ་བའི་ང་རྒྱལ་རྣམ་པར་སྤོང་བས་ཕྱག་དར་བ་ལྟ་བུའི་སེམས་དང་། ཁུར་ལྕི་བ་ཁུར་བས་ཐེག་པ་ལྟ་བུའི་སེམས་དང་། མི་ཁྲོ་བས་ཁྱི་ལྟ་བུའི་སེམས་དང་། འགྲོ་ཞིང་འོང་བས་ཡོངས་སུ་མི་སྐྱོ་བའི་གྲུ་ལྟ་བུའི་སེམས་དང་། དགེ་བའི་བཤེས་གཉེན་གྱི་ངོར་ལྟ་བས་བུ་མཛངས་པ་ལྟ་བུའི་སེམས་ཀྱིས་དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱི་བདག་ལ་ནི་ནད་པར་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་ནི་སྨན་པའི་འདུ་ཤེས་དང་། རྗེས་སུ་བསྟན་པ་ལ་ནི་སྨན་གྱི་འདུ་ཤེས་དེས། ནན་ཏན་ཉམས་སུ་བླང་བ་ལ་ནི་ནད་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་བདག་ལ་ནི་འཇིགས་པའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་ནི་དཔའ་བོའི་འདུ་ཤེས་དང་། རྗེས་སུ་བསྟན་པ་ལ་ནི་མཚོན་ཆའི་འདུ་ཤེས་དང་། ནན་ཏན་ལ་ནི་དགྲ་སེལ་བའི་འདུ་ཤེས་བསྐྱེད་པར་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་ལྟ་བུའོ། །

རྒྱུན་འདེབས་སྨོན་ལམ།།
བདག་ནི་འདི་ནས་ཚེ་རབས་ཐམས་ཅད་དུ།།
བླ་མ་ལྷག་པའི་ལྷ་ཡི་བདེན་སྟོབས་ཀྱིས།།
གང་གིས་མཐོང་ངམ་ཐོས་དང་དྲན་པ་དང་།།
རེག་དང་སྨྲ་དང་འདོད་སྡང་སྐྱེས་པ་སོགས།།
བཟང་དང་ངན་གྱིས་འབྲེལ་བ་གང་ཡོད་པ།།
བྱང་ཆུབ་སེམས་སྐྱེས་རྫོགས་སངས་རྒྱས་ཐོབ་ཤོག།
ཅེས་སྨོན་ལམ་འདི་ཉིད་དམན་པ་བདག་གིས་དུས་རྒྱུན་དུ་ཉམས་ལེན་གྱི་གཙོ་བོར་དམིགས་དེ་༢༠༢༤ལོའི་བོད་ཟླ་༡ཚེས་༡༦ཉིན་དུས་ཚོད་༢པར་བྲིས་པ་དགེ་ལེགས་འཕེལ།།


发布     👍 0 举报 写留言 🖊   
✋热门推荐
  • 我要乔装成一颗小奶糖,夜深了提着星星灯快快溜到你的梦里安喜欢就像是烟花升空,在心里zha开了花~我的意思是>我好喜欢你你到底是有多喜欢我为了见我又跑到我的
  • 大券!!
  • 可我只是一个普通人啊,我珍惜现在我所拥有的,对我将失去的也很惶恐,彷徨又迷惘,患得亦患失。到了最后,你会发觉,每一样都配得好好的,每一种痛苦与快乐,每一样你所得
  • 诶多……☆是♡同♡类♡呢♡喵♪(由乃逆光捧脸.jpg)那群八嘎是不会懂的呀……关于「二次元の美好」♡呐,如果说吾の存在有意义的话、那一定是因为「二·次·元」吧☆
  • 太短就不发超话啦[开学季]我是xx小区便利店的老板,最近我的熟客tong好像有点情况他是个演员,不过我没有看过他的戏,之前还有个8.9岁的小男孩跟他一起住,后来
  • 起世经卷第二 隋天竺三藏闍那崛多等译 欝单越洲品第二之余 「诸比丘!欝单越人,发绀青色,长齐八指,人皆一类,一形一色,无别形色可知其异。诸比丘!欝单越人,
  • )(p3是他说想也谈一个,但是他觉得也不太好,我:来,加入我,我们一起追梁精寅[耶])别人以为的我写本子: 坐在电脑前,快速敲击键盘,一气呵成。真想骂人了[太
  • 再如,今年,重庆企业首次通过马来西亚、越南金融机构获得了国际商业贷款,重庆企业(洪九果品)通过内保外贷为子公司融资泰国机构的低成本资金,实现跨境融资领域第三方市
  • 祥吉‬号码定的‬制根需‬据个人天先‬能所量‬缺所需,遵循磁的场‬生克制原化‬则,做整到‬体场磁‬协调平衡,这样的号才码‬能给人带来正向的改变。祥吉‬号码定的‬制
  • :虽然自己也比较怕冷,但micchi说的「叠穿7件衣服」是骗人的!家属煎的鱼口感非常不错,当然我的烤鸡翅也旗鼓相当[嘻嘻][嘻嘻][嘻嘻][doge]昨晚上才发
  • 但是什么时候该主动,什么时候该等待机会,并没有一定的规则,毕竟人的感情是流动的。如果因为你的消失,他主动来找你,那么你有两个选择:(1)不理他。
  • ”11时许,在城中区石坡街排队买菜的李女士说,除了购买生活物资,她还看到了一群默默付出的超市员工。“店内100多名员工全部驻店,严格落实核酸检测工作,大家24小
  • 而你每次不是说我笨就是不耐烦…… 让我想起了我们刚开始的时候,我明明看穿了你的谎却依然陪你演下去。今天就这么突然,她坐在原来我坐的位置上,吃我们一起吃过的火锅
  • 垃圾可变宝,分类更环保,为加强社区居民环保意识,增强对垃圾分类知识的了解,助力居民做好垃圾分类工作及资源可变废为宝,2022年10月25日,武汉鑫鑫运公司垃圾分
  • #cv阿春[超话]#春哥早上好啊[新鲜好柿][新鲜好柿][新鲜好柿]又是明媚阳光的一天,开心ヾ ^_^♪今天星期五明天春哥就来啦~叫人如何不开心话说我不怎么喝可
  • 我羡慕别人从小 脚是被温暖的鞋子,包裹着长大的,是被小朋友欺负,可以回家有大人开导的。我讨厌因为自己哭太多,现在每晚睡觉眼角会缓缓滴落一滴一滴的眼泪,它好像总提
  • 你永远无法触摸同样的流水两次,因为已经流逝的流水不会再来,享受生命的每个当下。你深深地知道,生命的孕育离不开严寒的洗礼,因为只有这样生命才会更加坚强。
  • 先是电影市场相继涌出《六弄咖啡馆》《闪光少女》《六人晚餐》等相关作品,紧接着,电视剧市场也随即迸发出一批“小而精”的怀旧青春剧。 庄重文文学奖给予鲁敏的获奖评
  • 4.克里纳教堂酒庄1949年份正牌酒曾以卓越的表现赢得了罗伯特·帕克(Robert Parker)99分的高分,并被称赞为“本世纪最被低估的好酒之一”。2021
  • 我念旧情,但我希望你们往前看,每个人都有自己不同的选择,我只愿你们自由快乐,幸福平安~我永远是恩狗,永远爱着你们。不是,其实是我们王老师的小奶膘[哈哈][哈哈]