ཨེ་མ་བསིལ་ལྡན་གངས་ཀྱི་ལྷུན་པོའི་སྤོར། །
སྲབ་མེད་མཁའ་ལ་འཕྱོ་བའི་སེང་ཆེན་ཞིག །
བཤད་སྒྲུབ་གཡུ་རལ་རྒྱས་པའི་ཟིལ་རྔམ་གྱིས། །
ཐུབ་བསྟན་ས་ཆེན་བསྲུང་བ་ཁྱོད་ཉིད་དྲན། །

ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེས། 2024.2.24 https://t.cn/R2Wx1Aq

ངང་པ་གཅིག་རེ་གཉིས་རེ་དགུང་ལ་འཕུར༎
བརྩེ་བའི་མི་རྣམས་གཅིག་རྗེས་གཉིས་མཐུད་བྲལ༎
ང་ཡི་འཇིག་རྟེན་དགུན་ཟླ་རིང་མོའི་ནང་༎
ཁྱེད་ཀྱི་བརྩེ་དྲོད་མེད་ན་གང་ནས་འགྲིག།
མི་ཚེའི་སྒང་གཤོང་ཉི་མ་གཅིག་འདྲ་མིན༎
སྐྱིད་སྡུག་འཕོ་འགྱུར་ནམ་ཐོན་ཆ་མེད་རེད༎
གཉོན་པོའི་སེམས་ལ་གཟན་པོའི་རྨ་ཤོར་ན༎
དགོངས་ཡངས་ཚིག་གི་ཁ་ཡངས་སུ་ལ་ཞུ༎
ང་ནི་འཁོར་བའི་གྲོང་གི་མགྲོན་པོ་ཡིན༎
འཁོར་བའི་བཤུལ་ལམ་ཤིན་ཏུ་རིང་མོ་འདུག།
ཡང་ན་རྔོན་པས་བདས་པའི་རི་དྭགས་ཡིན༎
རི་ལ་འཁོར་བའི་རི་དྭགས་ཁེར་མ་ཡིན༎
[咖啡][抱抱]

ལོ་སར་སྨོན་ཚིག

མཁྱེན་བརྩེ་ཡོན་ཏན་བརྒྱ་ཡིས་ཐུགས་རྒྱུད་གཏམས། ། 

བསྟན་འགྲོའི་ཁུར་གྱིས་ཉིན་མཚན་མི་དལ་བ། ། 

བླ་མ་རྣམས་ཀྱི་སྐུ་ཚེ་ཡུན་རིང་བརྟན། ། 

མཛད་ཕྲིན་འོད་དཀར་ཕྱོགས་ཀུན་ཁྱབ་པར་སྨོན། ། 

སྟོན་པ་གཅིག་གི་བསྟན་པ་ལ་ཞུགས་ཤིང་། ། 

སློབ་དཔོན་གཅིག་གི་དྲུང་དུ་ཆོས་ཉན་པའི། ། 

ཆོས་གྲོགས་ཀུན་གྱི་ཐོས་དང་བསམ་པ་ཡི། ། 

ཤེས་རབ་གོང་ནས་གོང་དུ་འཕེལ་བར་སྨོན། ། 

ཁྱིམ་ཚང་གཅིག་གི་ནང་ནས་སྐྱེས་པ་འམ། ། 

ཤ་དང་ཁྲག་རྒྱུད་ཉེ་བའི་སྤུན་ཉེ་རྣམས། ། 

སེམས་ལ་དགེ་ལེགས་བློ་གྲོས་འབྱུང་བ་དང་། ། 

ལག་ཏུ་དཔལ་འབྱོར་རྙེད་པའི་སྨོན་ཚིག་ཞུ། ། 

ན་ནིང་ལོ་རྙིང་ཁ་རྩང་མཇུག་རྫོགས་ཏེ། ། 

ད་ལོའི་ལོ་གསར་དེ་རིང་གསར་དུ་ཚེ། ། 

ཐ་གྲུ་ཀུན་ན་གནས་པའི་བོད་པ་ཀུན། ། 

ཏཱ་རེ་ལྷ་ཡིས་རྟག་ཏུ་མགོན་སྐྱབས་མཛོད།

ཞེས་༢༠༢༤་བོད་ཟླ་༡་ཚེས་༡། 


发布     👍 0 举报 写留言 🖊   
✋热门推荐
  • (龙树菩萨说法要偈)一、孝顺父母的意义      父母有生育、养育、教育之恩,可说是功德巍巍,在《父母恩重难报经》当中,曾以七种比喻来说明父母恩德深重,难以报答
  • 分享今日事今早我在家悠哉悠哉的玩着手机,突然,妈妈打来一个视频 说她昨晚做的凉粉放在了窗台上,害怕太阳晒的不能吃,今天榆林低温20度,高温33度。 现在我又做了
  • 现在市场上假表泛滥,象江诗丹顿,爱彼,或者伯爵,劳力士这样的一,二线名表还好一些,大都为精仿表,所以通常都是说明了当精仿表卖;然而象西铁城,天梭,精工,西铁城手
  • 】 本报讯 谈起前几天的经历,患儿妈妈陈女士(化姓)仍心有余悸,“孩子现在正是口欲期,我平时重点只注意纽扣、硬币、小弹珠之类的小物品,但没想到不起眼的头发丝也会
  • 我们专注于耳鼻喉领域,以精湛的医术和先进的技术,为您守护耳部、鼻部和喉部的健康。无论是耳部的不适、鼻部的困扰,还是喉部的问题,我们都能精准诊断、科学治疗。
  • 2023.05.16 boun twi updated好像没有行程的时候bb你的生活真的超级有规律和简单呢[哆啦A梦微笑],上次汇报时说睡到中午11点,今天是
  • 维修案例一:Medtronic IPC主机 主板故障,触摸屏坏设备名称:Medtronic IPC主机检测故障:主板故障,触摸屏坏维修方案:更换主板 触摸屏
  • #任嘉伦[超话]#“这次最大的感受就是可以跟这么多优秀的老前辈同台领奖,对我心里也是非常的一个开心的收获,毕竟可以跟他们站在一起领奖,对我来说,算是观众对我的一
  • 先帝在时,每与臣论此事,未尝不叹息痛恨于桓、灵也。今南方已定,兵甲已足,当奖率三军,北定中原,庶竭驽钝,攘除奸凶,兴复汉室,还于旧都。
  • 我坚信,这次 618,苹果 15 定会带来让我惊喜不已的降价幅度。降价后的iPhone 15系列,已经进入国产旗舰手机的价格区间,与华为Pura 70、小米14
  • 我想说,你们吵归吵,别扯到太阳月亮啊,他俩都是无辜的.....[笑cry]#太阳##紫微斗数#纪梵希异形鞋价格多少钱 纪梵希浅口鞋真假对比图片梵克雅宝 TOMF
  • ” 张桐“这样啊”的一声,本来还以为要费很大的力气的,没想到三言两语的就直接解决了 旅游社的第一个站点是意大利。 这个女导游在听了之后直接一笑,像这种打着
  • 高仿手表由于低,所以材料和工艺降低,外观和性能可能不同于正品,但相对高仿手表和正品差距不是特别大,如果你只是穿,不考虑未来的投资和收藏,高仿手表可能是更好的选择
  • 友夤夜共饮,子时乃去,余了无睡意,久不为文,稍以记之。有兽迹,海屿言之凿凿,野猪君去而未远,且目所及处正吾之驻地。
  • 但我还是希望走出乡下的小镇,将来到贵阳,或其它地方去,社会化、城市化的阵痛,是必须经历的事,一代不承受经历,下一代还得继续挣扎。此刻可见,与其留心旁人的背弃和短
  • #每日一善[超话]# [赢牛奶]#免费午餐# [赢牛奶]#公益# 一个人只要努力去做他能够做的事,他的能力就能达到惊人的地步,如果你在压力之下,应该做到不顾困难
  • 2、还有网友问了,如果自己在家里的院子里挖到了一个古董或者黄金,属于自己吗?一下班到家就发现桌子上有一本王哥的专辑,居然是老弟给我的生日礼物,还有妈妈的礼物
  • 多大的事情,过去了也就过去了,明天又是新的一天”19. “和不适合你的过去说再见 那些伤痛的 不堪的 霉烂的过去绝口不提啦 太阳的起落在告诉我们 永远会有崭新的
  • 瑞士雷达表的大多数机械表都有背透的设计,这款表也不例外,机芯的打磨还是很精致的,蓝宝石镜面下的机芯,在金属表壳以及瑞士雷达表标志及编号的包围下也有不错的视觉效果
  • 也是高中吧开始看院,其实最早看的是大神版,总感觉这帮人比明星版好玩,不是因为他们有多么多么聪明,而是说他们真—那个时候也没多熟,看着一帮不熟的人熟起来真挺好玩的