མི་ལ་རས་པ།

རྩོམ་འབྲི་པ།

རྒྱ་མཚོ།

སེམས་ཞེན་འཛིན་གྱི་རྣམ་རྟོག་རླུང་ལ་སྐུར་ཏེ། །
གནས་ངེས་མེད་ཀྱི་བཙན་ས་རི་ནས་གཟུང་དུས། །
གྲོགས་འདུ་འཛིན་གྱི་ཡོ་ལང་སྤྲིན་པ་བཞིན་དུ། །
དུས་སྐད་གཅིག་གིས་འགྱུར་བའི་རང་བཞིན་རྟོགས་ཡོད། །

ཟས་སྔོ་རྐྱང་གིས་ལུས་ལ་ཟུང་སྟོབས་རྒྱས་ཏེ། །
གོས་རས་རྐྱང་གི་ཁུད་ན་དྲོད་ཀྱིས་འཚོ་དུས། །
རྒྱུ་འབྱོར་བ་ཡི་ཟང་ཟིང་ཆུ་རིས་བཞིན་དུ། །
དོན་མི་རྟག་པའི་རང་བཞིན་ཁོང་དུ་ཆུད་ཡོད། །

དབྱིངས་སྐྱེ་མེད་ཀྱི་ངང་དུ་རོ་གཅིག་འདྲེས་པའི། །
ལམ་འཛིན་མེད་ཀྱི་རྟོག་པ་ཡིད་ལ་རྫོགས་དུས། །
བློ་རྣམ་རྟོག་གི་ཞེན་པ་རྙི་ཐག་བཞིན་དུ། །
ཐབས་ཤེས་རབ་ཀྱིས་ཁྲིགས་སེ་བཅད་པར་བྱེད་ཡོད། །

དོན་འགྱུར་མེད་ཀྱི་བླ་མའི་གདམ་ངག་རྩལ་ཏེ། །
བློ་ཞུམ་མེད་ཀྱིས་ཚེ་གཅིག་སངས་རྒྱས་སྒྲུབ་དུས། །
ཡིད་ལེ་ལོ་དང་ཕྱིར་བཤོལ་མཆིལ་མ་བཞིན་དུ། །
སེམས་ཏིང་འཛིན་གྱིས་རྒྱང་དུ་དོར་བར་བྱེད་ཡོད། །

ཆོས་ཟབ་གདམས་ཀྱི་མན་ངག་དབྱངས་ལ་སྲེས་ཏེ། །
བྲག་རྟ་སོ་ཡི་མགོ་ནས་ཁེར་བུས་མགུར་དུས། །
གནས་འཇིག་རྟེན་གྱི་འཁོར་བ་རྨི་ལམ་བཞིན་དུ། །
སེམས་རྣམ་རྟོག་གི་འཆར་ཚུལ་ཡིན་པ་རྟོགས་ཡོད། །

ཕ་དྲིན་ཆེན་གྱི་བླ་མའི་གདམ་ངག་བདུད་རྩི། །
ཐུགས་དྲི་མེད་ཀྱི་དཔལ་དུ་སིམ་པར་བྱེད་དུས། །
ཉམས་རྟོག་པ་ཡེ་ཤེས་ལྗང་བུ་བཞིན་དུ། །
སེམས་གཉུག་མ་ཡི་ཞིང་དུ་འཁྲུངས་པར་བྱེད་ཡོད། །

དགུན་ལྷགས་རླུང་གི་ཁྲོད་ནས་རྩལ་ཆེན་རྫོགས་ཏེ། །
མཐོ་དགུང་སྔོན་གྱི་དབྱིངས་སུ་བྱ་ལྟར་ལྡིངས་དུས། །
ལས་སྐྱིད་སྡུག་གི་རི་མོ་འཇའ་མཚོན་བཞིན་དུ། །
དུས་ངེས་མེད་ནས་ཡལ་རྒྱུ་ཡིན་པར་གོ་ཡོད། །

གླུ་བདེ་ཆེན་གྱི་ཉམས་མགུར་རང་གྲོལ་བླངས་ཤིང་། །
ཆོས་ཟབ་གསང་གི་ངན་ངག་གཅིག་ཆོག་སྒོམ་དུས། །
ཚེ་མི་རྟག་གི་འགྱུར་ལྡོག་འཇག་སྐྱ་བཞིན་དུ། །
ལས་རླུང་བུ་ཡིས་དེད་རྒྱུ་ཡིན་པར་མཁྱེན་ཡོད། །

མཐོ་གངས་དཀར་དང་རྫ་རིའི་སྤོ་ལ་འགྱིང་སྟེ། །
རླུང་གཏུམ་མོ་ཡིས་སེམས་ལ་བདེ་དྲོད་སྦར་དུས། །
ཚེ་འདི་སྣང་གི་དཔྱིད་འབྱོར་ཆུ་ཟླ་བཞིན་དུ། །
གཞི་འཁོར་བ་ཡིས་འཁྲུལ་སྣང་ཡིན་པར་རྟོགས་ཡོད། །

༄༅། །མར་པ་ཆོས་དབྱིངས་རྡོ་རྗེ་མཁྱེན་ནོ། །
༈རྩ་བའི་བླ་མ་རང་བྱུང་ཡེ་ཤེས་སྐུ། །སྙིང་ལ་དབྱེར་མེད་བཞུགས་པའི་འོད་ཟེར་གྱིས། །
བདག་གཞན་འཁྲུལ་བའི་མ་ལུས་པ། །མཉམ་ཉིད་བདེ་ཆེན་དབྱིངས་སུ་དག་པར་ཤོག །

བདག་གི་ཞལ་མཐོང་གསུང་ཐོས་དང་། །
凡见我面闻我语

རྣམ་ཐར་ཡིད་ལ་དྲན་པ་དང་། །
以及忆念我事迹

མཚན་ནམ་རྣམ་ཐར་ཐོས་ཚད་རྣམས། །
听闻我名或传记

མངོན་དགའི་ཞིང་དུ་མཇལ་བར་ཤོག །
现喜佛士愿相见

རྗེ་བཙུན་མི་ལ་རས་པས།
-米拉日巴尊者


发布     👍 0 举报 写留言 🖊   
✋热门推荐
  • 关于这点,我们不必去想,我们做的就是跟随就好了,不及预期就S,涨停就留,就这么简单,不要去看什么公告,股吧评论,1、庸人自扰不说,会影响自己的判断2、股吧那些人
  • 在发展自己、壮大自己事业的征途中,一切阻碍目标实现的因素包括当前不值一提的面子都应当做包袱果断抛弃,有舍才有得,轻装前行,砥砺奋进!有时面子是最耽误事的,脸皮薄
  • #披荆斩棘三公演完了人的一生##看披荆斩棘三公经历了大喜大悲#之前想过陈小春队会怎么演绎简迷离乐队的《私人生活》这首歌,没想到舞台效果一流,情绪张力拉满,几乎让
  • 在了解到老板经常用这一招对付员工时,她在愤懑中选择了离开,而在这之前的一周她刚刚搬家,从城西到城南,只为上班更方便一点。消息来的十分突然,完全没有征兆,白天她甚
  • 两年后,越做越大的孙中伟成立了华宝新能,但在一日千里的市场里,很显然他并不满足于此,于是他开始找寻新的出路,主动避开日益复杂又充满竞争的充电宝市场【中国已在量子
  • 他们家的床真的不错嘿嘿嘿[坏笑][坏笑][坏笑]提前预约的,服务人员态度也不错,轰趴馆可以举办30~50人的聚会活动,年末聚会团建都可~[心][心]地址:武汉市
  • 癸丑运本用丑财,癸坐丑有根气支湿土重,癸印坏事,壬子印运也为忌,在戊戍财年天地同气反制印,此年增了小200万至今无业没有分文收入,以后的辛亥运,天干丙辛合绊伤官
  • 很多人说它这一生遇到我是它的福气,相反我觉得我遇到它才是我的福气,而正是因为我不够细心后知后觉才让它早早离开我,我好后悔,后悔当初为什么国庆要带它去玩,后悔为什
  • #聪律cp[超话]##聪律cp[超话]##聪律cp##刘聪陈律#+Day1入坑聪律的时间和契机第一次合体直播入的坑,其实官宣当天我都没认真关注过这件事,但是第一
  • #IZONE[超话]# #森系暖阳IZONE# 220909 #权恩妃[超话]#官推 [] 220909 MBC 2022 中秋特辑 #偶像明星锦标赛
  • ”激活心力的人,面对困难,说:“困难只是纸老虎,我一定要战胜它!同样的事情,同样的处境,那些经历过大风大雨的人,就不认为是困境,只当是一点波动,可以用积极的心态
  • 我比你晚出生一百年,一辈子只做一件事,独自坐在房间里对着墙上的屏幕,用我的一生把你的一生慢慢看完南风过境十里,春风不如你 温山暖水满天星辰,不及你眉眼半分新月
  • 以上内容绝大多数是我排队做核酸的一堆废话,到此为止,要到我了~#吐槽# #你现在都用什么APP看新闻# 手机上的APP越来越多,文字的,视频的一大堆,但是感觉获
  • ❺ 如果你不快乐,我愿意蹲下来和你做一只伤心的蘑菇, 但是不能蹲太久哦, 因为我们都会腿麻啊。小铁真好,不知道是上辈子做了多少好事才有这么一只小狗来到我身边温暖
  • )论文:《“没有所指的能指”和“边缘人”的呐喊——阿彼察邦电影的美学研究》(张良)。抓住时间的影子,一起来一场露营吧。
  • 7、第7名 普吉岛(泰国)普吉岛被誉为“安达曼海上的明珠”是泰国最大岛,当然也是开发比较完整的地方了,交通方便,酒店选择很多,还有酒吧街、主题乐园、表演秀场等娱
  • 2月份来这看油菜花是最壮观的,我们季节不对(但如今能出门不错了,还是知足)后三张给大家放点网图吧。#有一个懂事的男友是啥体验##性格古怪的脾气你能接受吗# 带
  • 彼此都是最爱的人,这才是感情长久的前提,也因为有爱才会有源源不断的所谓的新鲜感,也就不会有什么“你变了,不再是当年的你了”这种话。所以当时我并没有详细回答他,因
  • [并不简单] 外甥:我正月剪个头发不过分吧[doge] 不得不说,咋们的网友一届比一届有才,幸好在广东红包讨的是彩头,而不是用金钱多少去衡量的,估计这舅舅也是
  • 月嫂经常怼她或者不理她,饭呢也做的不好,晚上折腾媳妇和孩子,仅仅按照操作手月嫂经常怼她或者不理她,饭呢也做的不好,晚上折腾媳妇和孩子,仅仅按照操作手册应付差事。