༢༡.«མཆོད་པ་བརྒྱད་ཀྱི་སྲོལ་ཇི་ལྟར་དར་བ་དང་། འཇིགས་བྱེད་ཀྱི་མཆོད་པ་ལ་དྲི་ཆབ་མེ་ཏོག་གི་སྔོན་ལ་ཡོང་བའི་རྒྱུ་མཚན།»

དེ་ཡང་མཆོད་པ་བརྒྱད་དེ། མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་ཡིན་ལ། དེ་ཐོག་མར་གནའ་བོའི་རྒྱ་གར་འཕགས་པའི་ཡུལ་ན། རྒྱལ་པོ་ཕེབས་པ་ན། འབུལ་བྱའི་མཆོད་པའི་རིམ་པ་ཡིན། དེ་ཡང་ཚ་དྲོད་ཆེ་བའི་གནམ་གཤིས་ནང་དུ། རྒྱལ་པོ་ཕེབས་པ་ན། ཐོག་མར་སྐོམ་ཚད་སེལ་བའི་གསོལ་ཆུ་ཕུལ་ཅིང་། དེ་ནས་ལམ་བར་གྱི་རྡུལ་འདག་པ་ལ་ཞབས་གཉིས་བཀྲུ་སྤྱད་ཀྱི་ཆུ་ཕུལ། དེ་ནས་དགའ་བསུའི་མཚོན་བྱེད་དུ་མགུལ་ལ་མེ་ཏོག་གི་ཕྲེང་བ་བཀོན། དེ་ནས་རྒྱལ་པོ་བཞུགས་ས་ལ་གདན་འདྲེན་པའི་ལམ་བར་དུ། བདུག་སྤོས་ཀྱིས་སྣ་འདྲེན་ནས་གདན་འདྲེན་དགོས་པས། བདུག་སྤོས་ཕུལ། ཕོ་བྲང་དུ་སླེབས་པ་ན། ཕོ་བྲང་ནང་དུ་གསལ་བའི་ཆེད་མར་མེ་སྦར་བས། མར་མེ་ཕུལ། བཞུགས་ཁྲི་སྟེང་དུ་བཞུགས་པ་ན། ལུས་སེམས་ངལ་སོས་པའི་ཆེད་དུ། ཐུགས་ཀར་དྲི་ཞིམ་པོའི་དྲི་ཆབ་བྱུགས་པས། དྲི་ཆབ་ཕུལ། དེ་ནས་ཞལ་དུ་གསོལ་རྒྱུའི་བཞེས་པ་ཕུན་སུམ་ཚོགས་པ་རེ་རེ་བཞིན་ཕུལ་བ་ཡིན་པས། ཞལ་ཟས་ཕུལ། དེ་དང་མཉམ་དུ་དགའ་སྟོན་གླུ་གཞས་ཀྱི་ཟློས་གར་ཤིན་ཏུ་མཛེས་པ་འཁྲབ་པས། རོལ་མོ་ཕུལ་བ་ཡིན་ནོ། ། ཕྱིས་སུ་སངས་རྒྱས་ཕེབས་པ་ན་ཡང་། རྒྱལ་པོ་ལ་ཇི་ལྟར་མཆོད་པ་ལྟར་བྱས་ནས་སྤྱན་དྲངས་པས། རྗེས་སུ་སྲོལ་འདི་དར་བར་མངོན། འོན་ཀྱང་གཞུང་ཚད་ལྡན་དག་ལས་འདི་གསུངས་པ་མ་མཐོང་བས། མཐའ་གཅིག་ཏུ་བཤད་མ་སྤོབས། སྒྲིག་ན་དེ་ལྟར་དུ་འགྲིག་རྒྱུ་ཡོད་པར་སྣང་།

འཇིགས་བྱེད་ཀྱི་མཆོད་པའི་སྐབས་ལ། དྲི་ཆབ་མེ་ཏོག་གི་སྔོན་དུ་ཕུལ་བ་ནི། བཅོམ་ལྡན་རྡོ་རྗེ་འཇིགས་བྱེད་མཆོག་འཇམ་དབྱངས་དྲག་ཏུ་ཁྲོས་པ་ཡིན་ཞིང་། འཇམ་དབྱངས་ནི་ཤེས་རབ་ཀྱི་ལྷ་ཡིན་པས། ཐུགས་ཀ་ལ་འབུལ་རྒྱུའི་མཆོད་པ་མར་མེའི་སྔོན་དུ་ཕུལ་བ་ཡིན། མདོར་ན་ཤེས་རབ་ཀྱི་ལྷ་ཡིན་པ་མཚོན་པའི་ཆེད་དུའོ། །

༄༅།།རྒྱལ་བའི་ལུང་གིས་ཟིན་པའི་ཆོས་སྡེ་ཆེན་མོ་༧བླ་བྲང་དཔལ་ལྡན་བཀྲ་ཤིས་གཡས་སུ་འཁྱིལ་བའི་ཆོ་འཕྲུལ་སྨོན་ལམ་སྐབས་ཀྱི་ཁྲི་ཆེན་གུང་ཐང་སྐུ་ཕྲེང་དྲུག་པ་དང་བདུན་གི་ཚང་གི་སྐུ་པར། [合十][合十][合十] https://t.cn/AiQNeAfd

སྐྱིད་དེ་བ་ཡང་སྡུག་བསྔལ་འགྱུར། །
སྡུག་བསྔལ་ཅན་ཡང་རྣམ་ཕེབས་གནས། །
རྗེ་དཔོན་ཡང་ནི་བྲན་འགྱུར་གྱི། །
བག་མེད་པ་ལ་དགའ་མ་བྱེད། །

མ་ཡང་ཆུང་མར་འགྱུར་བ་དང་། །
ཆུང་མ་ཡང་ནི་དགྲ་འདི་ཉིད། །
འགྱུར་ལྡོག་ཆེན་པོ་འདི་འདྲ་ལ། །
བག་མེད་པ་ལ་དགའ་མ་བྱེད། །

ནགས་དང་ཉེ་ནགས་བྲག་རྣམས་ལ། །
ལྷ་ཡི་ཚོགས་ཀྱིས་བརྒྱན་པ་ཡི། །
འཇིག་རྟེན་འདི་ནི་མེད་འགྱུར་གྱི། །
བག་མེད་པ་ལ་དགའ་མ་བྱེད། །

ལུས་ཅན་རྣམས་ཀྱི་བདེ་བ་ནི། །
གཡོ་ཞིང་འཚེ་དང་བཅས་པ་ཡིན། །
ཡིད་ཆེས་མེད་དང་སྟོང་པ་ལ། །
བག་མེད་པ་ལ་དགའ་མ་བྱེད། །

སྡུག་བསྔལ་གྱིས་གཟེར་སྐྱེ་འདི་ཡང་། །
རྒ་དང་ནད་ཀྱི་སྣོད་ཡིན་ནོ། །
སྐྱེ་བ་ངེས་པར་འཆི་བ་ཡང་། །
གང་གིས་ཐམས་ཅད་དུ་ནུས་མིན། །

སྐྱེ་བ་ཐམས་ཅད་འཆི་བའི་མཐའ། །
དེ་བཞིན་ལང་ཚོ་རྒས་པའི་མཐའ། །
རྨི་ལམ་ལྟ་བུའི་འདོད་པ་ལ། །
བག་མེད་པས་ནི་དགའ་མི་བྱ། །

ཆུ་ཤིང་ལོ་མ་དང་མཚུངས་དང་། །
གློག་རྣམས་དང་ཡང་རབ་ཏུ་མཚུངས། །
སླུ་བར་བྱེད་པ་ཐམས་ཅད་ལ། །
བག་མེད་པས་ནི་དགའ་མ་བྱེད། །

__འཕགས་པའི་ཆོས་དྲན་པ་ཉེར་བར་བཞག་པ་ལས།


发布     👍 0 举报 写留言 🖊   
✋热门推荐
  • 然后就看到他说:想翻倍,门都没有我:哈哈哈哈哈哈哈哈哈哈哈哈哈,他好可爱啊!” 沈星回眨了眨眼,“对啊,我就是这个意思。
  • ”沈云舒接过,她正准备按,可是宾客席的沈母一下子跑到孙星语面前,哭喊着:“星语啊,你别这样啊,今天你姐姐结婚,你别闹了!”沈云舒接过,她正准备按,可是宾客席的沈
  • 最后说说可巧大象营的问题:春节假期游客超多,基本上8人左右一只大象,撸得不够尽兴;跟大象互动时间较充足,但洗泥浆浴和洗澡的时间较短,而且整个场面有些混乱。在云南
  • 希望你一切都好,要永远年轻,永远热情,要大笑,要做梦,要与众不同,要岁岁平安要求:1.带肖宇梁大名祝福2.ch等级≥7,肖宇梁唯粉,无在任何平台有诋毀肖宇染的行
  • 年龄越大我越觉得,一个人的能力,家庭条件,甚至等等一系列的外在条件,其实并没有那么重要,重要的是一个人的能量,是一个人能量爆发出来的那种持续的热情与心力,那种持
  • “没有,他们只叫陪酒的人在边上,也仅仅是喝酒唱歌而已,你误会了” 我已经醉得有点睁不开眼睛,“你骗人,你身上有一股跟女人私混的香水味!”“我堂弟可以作证,没有的
  • 因为我知道,在这个世界上,有一个人,她愿意陪我一起走过风雨,一起迎接美好的未来。回首过去的日子,我们一起经历了许多风风雨雨,而她始终在我身边,用她的爱和支持鼓励
  • 错过了落日余晖,也可以期待满天繁星,你走过路,不管是苦的还是咸的,路的尽头终会是温柔和月光,如果这个世界对你不温柔,总会有人来温柔你的世界。错过了落日余晖,也可
  • 抽风型追番,诈尸型补番,死去活来多年初心还留在火影 东京猫猫 潘多拉之心就这样吧,不扩列不混圈,盗图去水印没有会员所以整个醒目的封面()是自介条!⭐置顶介绍
  • 凌晨1点在电影院看完了这部电影。故事前半部分稍许冗长,精华主要还是集中在贾玲变化的后半部分。看着她努力变化的一个个片段,尤其是在拳击场搏斗的身影,脑海里并行的是
  • !!
  • 不难发现,今年科技圈一个很重要的点就是“AI”AI技术在近年来的发展已经引起了全球范围内的广泛关注,而在2024年,这种趋势预计将继续加强,荣耀在这一块算是走在
  • 预计路线酒店14.00咖啡馆15.00现场ps:所有解释权归我所有 没有那么严啦 只要喜欢南南 来找我我都会适当给的[苦涩][苦涩][苦涩]来给脆弱的大学生捧个
  • [爱你] 【¥20.9 】 【开学好用】海昌旗舰店茶树精油护眼贴10对 【学生党开学好用】眼干眼涩护眼贴1盒10对,独立便携装。缓解眼部疲劳,凉凉的很解压
  • 树木生得平适,鸟鸣听得自如,半山腰有两只猫猫,山上也有猫猫,朋友说因为是它们的领地意识,所以待在不同的地方。下山途中,一老者大声呼喊“嘿——!”一群年轻做伴的朋
  • 爱就在你的心里。当你心疼一个人的时候。
  • 《徐听雾陆珩之》(徐听雾陆珩之)(最新章节无弹窗)小说全文阅读笔趣阁SJ+p-|B ‼书名:《徐听雾陆珩之》 ‼主角:徐听雾陆珩之 -----↓↓↓公仲呺【子心
  •   男主表白后女主很纠结,拒绝男主说她之后会回原世界,男主毫不犹豫说他可以跟着一起回去,委屈又小心的请女主喜欢他,女主当然也心动啦~  两个人的贴贴亲亲,明明很
  • 也是,压根没踢过几场欧冠”欧冠之王皇马给了他们的球迷不少优越感,可惜没持续多久,因为你永远可以相信世界第一中场德布劳内:丁丁禁区外接到传球,用一记重炮轰开与自己
  • 【喂饼大师】斯宾塞-丁维迪:丁师傅自从加盟篮网以来,一改纯粹得分手的模样,开始“和面烙饼”。利指导本赛季火力全开却困于孤城,招牌指表动作意味利拉德时间到来,但西