ཡ་ཀིའི་བདེ་བ་ཅན་གྱི་་ཞིང་ཁམས་ཆེད།།
མི་ཡུལ་སྡུག་བསྔལ་གནས་སུ་འཛིན་མི་ཉེས།།
མ་ཀིའི་ན་རག་དམྱལ་བར་སྐྲག་ཆེ་ནས།།
རང་དབང་བག་ཕེབས་བདེ་བ་རླག་མི་ཉེས།།
__ཤེས་རབ་མི་ལྕེ་ནས་༢༠༢༤-༢-༡༨-
མི་ཡུལ་སྡུག་བསྔལ་གནས་སུ་འཛིན་མི་ཉེས།།
མ་ཀིའི་ན་རག་དམྱལ་བར་སྐྲག་ཆེ་ནས།།
རང་དབང་བག་ཕེབས་བདེ་བ་རླག་མི་ཉེས།།
__ཤེས་རབ་མི་ལྕེ་ནས་༢༠༢༤-༢-༡༨-
༧གངས་ཀྱི་སེང་གེ
དངུལ་གྱི་ལྕུག་མ་ལྡེམ་པའི་འོ་མའི་མཚོར།།
རབ་མཛེས་འགྱིང་བག་གར་གྱིས་སྒེག་པ་མོ།།
ངག་དབང་དབྱངས་ཀྱི་རྒྱལ་མོར་ཕྱག་བགྱིད་ན།།
དད་པའི་བུ་ལ་དབྱངས་ཀྱི་བགོ་སྐལ་སྩོལ།།
ཁ་བའི་རྡུལ་བརྩེགས་ལྷུན་པོས་ཀུན་ནས་བསྐོར།།
ཕྱག་ན་པད་མོས་བསྐྱངས་བའི་ལྗོངས་འདི་རུ།།
ཟླ་མེད་དཔའ་མཛངས་རྟུལ་ཕོད་ཀྱིས་འཚོ་བའི།།
གངས་ཀྱི་སེང་གེའི་གྲགས་པ་རིང་ན་འབར།།
གྲང་ངར་ཁྲོད་ན་བརྗིད་ཉམས་ཀྱིས་འཚོ་ཞིང་།།
རི་དྭགས་ཚོགས་ཀྱི་རྒྱལ་བོའི་སྙན་པ་ཅན།།
མི་འཇིགས་སྤོབས་པའི་གླལ་བ་སྒྲོག་པ་ན།།
ཚང་ཚིང་ལྗོན་ཤིང་གཡུ་ལོའི་རང་ཚུགས་འདར།།
སྲ་མཁྲེགས་གཤིས་ཀ་རབ་བརྟན་བྲག་རིའི་སྤུན།།
དགྲ་སྡེ་རྒྱ་སྟག་ཁྲ་བོའི་གཤེད་དུ་འགྱིང་།།
སྐད་གཅིག་ཁྲོས་པའི་མཆེ་བ་མངོན་གཙིགས་ན།།
མྱོས་ལྡན་གཉིས་འཐུང་ཚོགས་ཀྱིས་བག་ཡོད་ཐོབ།།
བཙན་པོ་ཟིལ་གྱིས་གནོན་པའི་གཡུ་རལ་གཟེངས།།
གཉོམ་ཆུང་རང་གི་རིགས་ཀྱི་མཛའ་བཤེས་ཉིད།།
མི་བཟད་དཔའ་སྙིང་མཆེ་སྡེར་རྣོན་པོ་ཅན།།
ང་ཡི་སྤོབས་པ་སེང་གེ་སྲབ་མེད་ཡིན།།
བཙན་མེ་སྟག་ནས།

བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་ཇི་སྐད་དུ། །
བློ་གྲོས་རྒྱ་མཚོ་གསུམ་པོ་འདི་དག་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་དང་རིམ་གྲོ་བྱེད་པ་བླ་ན་མེད་པའོ། གསུམ་གང་ཞེ་ན། གང་བྱང་ཆུབ་དུ་སེམས་བསྐྱེད་པ་དང་། གང་དམ་པའི་ཆོས་ཡོངས་སུ་འཛིན་པ་དང་། གང་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེད་པའོ་ཞེས་གསུངས་པ་ལྟ་བུའོ། །

✋热门推荐