མཆོག་གསུམ་དང་མི་ཚེ།

དབྱངས་ཅན་ཡིད་ཀྱི་འཁྲི་ཤིང་།

སྐབས་སྐབས་སུ་གློ་བུར་དུ་ས་འགུལ་རྒྱུགས་པ་ནང་བཞིན།

མི་ཚེའི་ནང་གི་བྱ་བ་ཡོད་ཚད་ལ་མ་རེད་པ་དང་མ་འགྲིག་པ་ཁོ་ནས་ཁྱབ་ཡོང་།

སྐབས་སྐབས་སུ་མཁའ་དབྱིངས་སུ་ཟླ་བ་ཤར་བ་བཞིན། མི་ཚེའི་ནང་གི་བྱ་བ་ཡོད་ཚད་ལ་ལེགས་འགྲུབ་དང་བཟང་ཕྱོགས་ཀྱིས་ཁྱབ་འགྲོ།

འདི་དག་ནི་དཔྱད་བརྗོད་དང་གླེང་མོལ་སོགས་གང་ཡང་མི་དགོས་པར་མ་ཟད། གྲུབ་མཐའ་དང་ཆོས་ལུགས་ཀྱིས་ཁྱད་པར་མེད་པ་ས་ལྒང་སྟེང་གི་འཇིག་རྟེན་ཡོད་དོ་ཅོག་ལ་མྱོང་སྟོབས་ཀྱིས་གྲུབ་པ་ཞིག་ཡིན།

དེ་ཡང་བདག་གིས་ནི་མི་ཚེའི་ནང་གི་བྱ་བ་ཡོད་ཚད་པོ་ལམ་སྟོན་གྱི་དགེ་རྒན་དམ་པ་དང་།

ཤི་གསོན་མཉམ་གནས་ཀྱི་གྲོགས་མཆོག་དག་གིས་བསྒྲུབ་ཐུབ་ངེས་རེད་འདོད་མྱང་། དེ་ཡང་གཏན་ནས་རེད་མི་འདུག། དགེ་རྒན་དང་གྲོགས་པོ་ལ་སྒྲུབ་འདོད་ཀྱི་བསམ་པ་ཡོད་ན་ཡང་། ནུས་པས་མི་ལྕོགས་པ་ནི་ལས་ཉོན་གྱིས་ང་ཚོ་ལ་སྤྲད་པ་འམ་འཁོར་བའི་རྒྱུ་རིམ་ངེས་ཅན་ཞིག་ཡིན་ངེས་རེད།

ཡང་ན་ཀུན་གྱིས་ཤེས་པར་དཀའ་བའི་ཆོས་ཉིད་ཅིག་ཡིན་ངེས།

ཆོས་ཉིད་ལ་ནི་རྐང་གཉིས་ཡོད་དོ་ཅོག་གི་མཆོག་གྱུར་མཉམ་མེད་ཐུབ་དབང་གིས་ཀྱང་འགྱུར་བ་གཏོང་མི་ཐུབ་པ་ནི། ཉིད་ཀྱི་བཀའ་དྲི་མ་མེད་པ་དག་ལས་གསལ་བོར་གསུངས་པ་བཞིན་རེད།

དེས་ན་སྡུག་དུས་སུ་མགོན་གྱུར་གཅིག་པུ་བླ་མ་དཀོན་མཆོག་གསུམ་དང་། སྐྱིད་དུས་སུ་ཡང་མགོན་གྱུར་གཅིག་པུ་བླ་མ་དཀོན་མཆོག་གསུམ་ཁོ་ན་ཡིན་པར་ཤེས་མཁན་གྱི་གང་ཟག་རྣམས་ཀྱིས་དུས་ནམ་དུ་ཡང་སྡུག་བསྔལ་གྱི་ཕག་ཏུ་བདེ་བའི་ནོར་མཆོག་ཡོད་པར་ཤེས་བཞིན་ཡོད།

འདི་ནི་ཧམ་བཤད་དང་དཔྱད་བརྗོད་ཀྱིས་ཡོངས་སུ་དབེན་པའི་སེམས་ཀྱི་བདེ་བ་དངོས་དེ་འཚོལ་ལུགས་རེད།

གལ་ཏེ་ཁྱོད་རང་ལ་ཡིན་ལུགས་དངོས་དེ་འཐོབ་འདོད་ན། ཡོད་ལུགས་དངོས་ཀྱི་དཀོན་མཆོག་གསུམ་ལ་མཆོད་པ་དང་ཕྱག་མཆོད་གསོལ་འདེབས་སོགས་བྱེད་རྒྱུ་ནམ་ཡང་མ་བརྗེད།

ང་ཚོ་ལ་ཆེས་དགའ་འོས་པ་ཞིག་ཡོད་པ་ནི་མཆོག་གསུམ་དང་རྩ་གསུམ་ལ་ཡིད་ཀྱིས་སྤྲུལ་པའི་མཆོད་པ་འབུལ་བ་ལ་དབུལ་ཕྱུག་གི་ཁྱད་པར་མེད་པ་ཀུན་གྱིས་འབུལ་ཆོག་པ་དེ་རེད། འདི་ནི་ཐོགས་མེད་ནས་རང་ཉིད་ལ་ཡོད་པའི་སེམས་དེ་ཞི་བར་ཅུང་ཙམ་གནས་ཏེ། འཛམ་གླིང་ན་མཛེས་པ་དང་ཡིད་འོང་གི་དངོས་པོ་ཡོད་དོ་ཅོག

།སེར་སྣ་དང་ངོམ་བསྟོད་ཀྱིས་ཡོངས་སུ་དབེན་པའི་སྒོ་ནས་དུས་གསུམ་གྱི་མཆོག་གསུམ་ཡོད་དོ་ཅོག་ལ་དུས་གཅིག་ཏུ་མཛེས་པའི་དངོས་པོ་དཔག་མེད་སྤྲུལ་ཏེ་ཕུལ་བ་ལ་ཟེར།

སྤྱི་ལོ་༢༠༢༤ / ༡ / ༦ གི་དགོང་མོར་རྣམ་རྟོག་ལ་གང་ཤར་དུ་ཡི་གེར་བཀོད་པའོ། །

འདས་མ་ཐག་པའི་ ༢༠༢༣ ནི་གྲང་ངར་གྱིས་རབ་དུ་གཙེས་པའི་དགུན་ཁ་ཡུག་གཅིག་མ་རེད་ལ་མེ་ཏོག་གིས་རྣམ་པར་བཀྲ་བའི་དབྱར་དུས་ཐང་གཅིག་ཀྱང་གཞིིིི་ནས་མ་རེད།
དེ་ནི་དགུན་དུས་ཀྱི་གྲང་ངར་དང་ལྷན་དུ་ཁོ་ཐག་གཏིང་ནས་ཆད་པའི་ཡིད་ཆད་ཀྱིས་གང་བའི་གནས་སྐབས་ཀྱང་དུ་མ་ཡོད་ལ།


མེ་ཏོག་རྣམ་པར་བཀྲ་བའི་དབྱར་ཁ་དང་ལྷན་དུ་རེ་བ་དང་ཡིས་ཆེས་ཀྱིས་གང་བའི་དུས་སྐབས་ཀྱང་དུ་མ་ཞིག་ཡོད་པ་རེད།
ད་དུང་དཔྱིད་ཀྱི་དཔལ་མོ་དང་ལྷན་དུ་ཚོར་བ་ཅུང་སྐྱེན་པོ་ཅན་གྱི་ངོ་ཤེས་དག་དང་ལྷན་དུ་སྐྱོ་དགོས་ཀྱང་ཐུག་ཡོད་ལ །
སྐྱེས་སྡུག་གཅིག་པར་དམ་བཅས་པའི་གྲོགས་པོ་རེ་ཟུང་དང་ལྷན་དུ་མཚར་གཏམ་ཡང་དུ་མ་ཞིག་ལབ་ཡོད།
ད་དུང་རང་ཉིད་ལ་མཚོན་ན་དུས་བཞིའི་འགྱུར་མཚམས་ཀྱི་སྟོན་ཁ་ནི་ལྟ་བས་མི་ངོམ་པ་ཞིག་སྟེ།
བསིལ་འཇམ་གྱི་མཚན་མོའི་ཟླ་འོད་ཀྱི་འོག་ནས་མཐའ་ལམ་ན་དལ་གྱིས་རྒྱུ་བའི་རི་བོང་འཛིན་པ་ལ་ཅེར་ཏེ་ལྷག་འགྲོ་བ་ནི་གོམས་གཤིས་སུ་གྱུར་འདུག
ད་དུང་དགུན་ཁ་དང་འདྲ་བར་འཇག་མའི་ཤུག་གླུ་གོ་རྒྱུ་ཡོད་ལ་དབྱར་ཁ་དང་འདྲ་བར་མེ་ཏོག་གི་ལྷག་མའང་མཐོང་རྒྱུ་འདུག
མདོར་ན་མཚོན་མདོག་སྣ་ཚོགས་ཀྱིས་རྣམ་པར་བཀྲ་བ་ཞིག་ཡིན།
མཇུག་ཏུ་འབྱུང་འགྱུར་གྱི་ལོ་ཟླའི་ནང་དུ་སྙིང་དུ་སྡུག་པའི་ཁོ་ཚོར་བདེ་སྐྱིད་ཀྱི་དཔལ་ལ་རོལ་བར་སྨོན། [嘻嘻][嘻嘻][嘻嘻]
༢༠༢༤ ༡ ༦ གཉུག་མའི་ཐེའུ།

༼ རང་མོས་ཀྱི་ལེའུ་ཞིག ༽
དོ་ནུབ།

འདས་ཟིན་པའི་བརྩེ་དུང་གི་རྨ་ཁ།
མྱི་ཁའི་འཆལ་གཏམ།

ཡོད་ཚད་ཁྱོད་ལ་ཕྱིར་སྤྲོད།

ང་ལ་ཁེར་རྐྱང་ཡོད་པས་སེམས།

དོ་ནུབ།

ང་ཡི་སྨྲེང་སེམས་དང་མིག་ཆུ་ལ་རང་དབང་བསྩལ་ཡོད།

བརྩེ་དུང་བཅོས་མ་ཡི་མདུན་ནས།
ང་ནི་གཤོག་ཡ་བོར་བས་བྱེའུ་ཉམ་ཆུང་་ཞིག་དང་མཚུངས།

ལྷ་ལམ་ནི་ཅི་རེད།

མཐའ་མི་མངོན་པའི་ལྐོག་གྱུར་ཅིག
མཛེས་ཤིང་ལྟ་ན་སྡུག་པའི་སྣུམ་ཚོན་གྱི་རི་མོ་ཞིག

དོ་ནུབ།

སུན་སྣང་གིས་བཟི་ཁ་བཙན་དྲགས་པས།
ང་ལ་སྙན་ངག་ཐ་ཐོར་ཞིག་དང་།

མངོན་བརྗོད་ཁ་ཤས་ཤིག་གིས།
འཚོ་རོཊ་བྱས་པས་ཆོག

ཡང་ན་སྒྱུ་སྐར་གྱི་རྒྱལ་བོ་དང་།
སྐར་ཚོཊ་ཁྲི་མ་འབུམ་གྱི་མཚན་ལམ་རིང་མོ་བསྐྱལ་རོཊ་བྱས་ནའང་ཆོག

རྟག་མེད་ཀྱི་རྨི་ལམ་དང་།

སྒྱུ་མ་ཡི་འཕྲིན་ལམ་བར་ནས།

ལས་དབང་ནི་ཅི་རེད།
གཟུཊ་མེད་ཀྱི་ན་ཟུག་རྣོན་པོ་ཞིག
རྩེད་མཚར་གྱི་མཚར་གཏམ་རིང་མོ་ཞིག

དོ་ནུབ།

སྔར་མེད་པའི་སྐར་ཚོཊ་ཞིག
ང་ཁོ་ནའི་སླད་དུ་ནམ་མཁར་ཁྱུ་ཁྱུ་བྱས་ནས་ལྡིང་ཞིང་བསྐྱོད།
ཁྱོད་ཀྱིས་སྒྲུང་གཏམ་གྱི་མཚམས་བཅད་ནས།
ང་ལ་སྙན་ངག་གི་ཀློང་དུ་འཐིམས་དོན་ཅི་ཞེས་དྲིས།
ངའི་ལན་དུ།
ང་ནི་སྙན་ཚིག་ལ་བརྐམ་པ་ཆེ་བའི་ཡིན།
ཚིག་རྒྱན་ལ་རྨོངས་པའི་མུན་པ་དེ་གསལ་ཕྱིར་ཡིན།

དོ་ནུབ།

མཚན་ལམ་རིང་མོ་ང་གཅིག་བུ་ལ་དབང་།
ངའི་སྣང་བ་བརྒྱ་ཡུན་ལ་བཏང་སྟེ།

འཇིག་རྟེན་གྱི་བྱེད་པོ་ངེད་གཉིས།
བགྲོས་མཐུད་དེ།
གཏམ་གླེང་སྣ་ཚོགས་པར་གླེང་མགོ་བརྩམས།
སྐྱོ་སང་བའི་ཏམྦའི་སྒྲ་དབྱངས་དང་ལྷན་དུ།
ང་ནི་སྙན་ངག་འདིའི་ཕ་རོལ་ཏུ་བརྒལ།

དོ་ནུབ།

ང་རང་སྙན་ངག་གི་གསེང་དུ་ཟུག
ཁྱོད་ཀྱིས་བཀླཊ་མ་མྱོང་བའི་ཚིག་གྲུབ་ཞིག་བསྐྲུནད།
འབྱུང་འགྱུར་ཀྱང་སྲིད་མཐའ་མེད་པའི་མཐའ་མཇུག་གི་དྲན་གདུང་ཞིག་བྲིས།
ད་ནི་གྱེས་ཕྱག་ཕུལ།

དུམ་བུ་གཅིག་གི་བརྩེ་དུང་ཕྱེད་ཀ་མ།
གཟུགས་འཛིན་དུ་མངོན་མེད་མ།
ཁྱོད་ཀྱིས་ང་ལ་རྨ་ཁ་བྱས་པ་མང་དྲཊ་སོང་། ཐལ་དྲཊ་སོང་།
ལམ་འཕྲེང་རྗེས་མ་དེ་ནས་ངས་ཁྱོད་ལ།
གུ་ཡངས་དང་བཟོད་གསོལ་ཞུས་སྟེ།
གཏན་དུ་མངོན་པ་མེད་པའི་འཇིག་རྟེན་གཞན་ཞིག་ཏུ།
དལ་གྱིས་བགྲོད་འགྲོ་བདེ་མོ།

ཨུ་དུམ་ཝ་རས།
༢༠༢༣/༡༡/༢༧

༡:༠༠


发布     👍 0 举报 写留言 🖊   
✋热门推荐
  • ➡️白沙山&白沙湖:这是传说中《西游记》沙和尚发迹的地方,距喀什160公里的白沙山,不仅有大面积的沙漠丘陵,还有连绵起伏的沙山,最为奇妙的是,沙漠和沙山
  • #酷云分享# 由#杨洋##赵露思# 主演的古装言情剧#电视剧且试天下[超话]# 或将3月份在腾讯视频独家播出,该剧根据倾泠月同名小说改编,讲述丰兰息和白风夕携手
  • 此前,孙颖莎和王曼昱的晋级之路堪称“摧枯拉朽”两人所有的单打比赛均以3-0战胜对手。此前,孙颖莎和王曼昱的晋级之路堪称“摧枯拉朽”两人所有的单打比赛均以3-0战
  • (李建光 杨偲绮)【#三湘印象股东违规减持#背后:高管频繁变动 文旅转型维艰】近日,三湘印象股份有限公司(000863.SZ,以下简称“三湘印象”)发布致歉公告
  • 也许五年后你并不是大富大贵,但是你的生活里却充满了幸福感,因为你想实现的愿望,也实现了一大部分。其实一直在守护者你的人,不仅会给你带来幸福与温暖,同时Ta的努力
  • 生人自有无限美,关了一门,又开一窗!幸福隔着玻璃,看似很美丽却无法触及,也许擦肩而过的你,只留下一种痕迹在我生命里 走在乡间小路上,感受夕阳无限美,好好生活,珍
  • 由于佛典记载,地藏菩萨在过去世中,曾经几度救出自己在地狱受苦的母亲,并在久远劫以来就不断发愿要救度一切罪苦众生尤其是地狱众生,所以这位菩萨被认为具“大孝”和“大
  • 更是还有网友给出了一张三人古装造型的对比图,这样一看下来,造型太像了啊,感觉三人穿的是同一套衣服了,这一点就让很多网友不满,杨紫这造型就不能好好打造吗?说到《沉
  • 很多人在恋爱的时候都会有这样的心理:在一起之后,他就只属于你一个人,你不希望他和除了你之外的任何人有联系,无论是同性还是异性,你希望他的世界只有你,你想让他什么
  • 刚出道参加节目,何炅让他描述一个十年后向往的生活片段,他说,“我觉得两个人特别温馨的,我想,可以做一顿饭给她吃。今天,魏晨终于向女友求婚,评论区里也是一片祝福:
  • 让我们再一起来了解下《西安市秦岭生态环境保护条例》中,秦岭范围内哪些活动被禁止?让我们再一起来了解下《西安市秦岭生态环境保护条例》中,秦岭范围内哪些活动被禁止?
  • 鳟鱼秋海棠的花是粉色的呢。仙客来原来是有香气的。
  • [威武]【29.9】舌里红枣夹核桃仁 舌里红枣夹核桃仁山楂新疆特产和田大枣夹心抱抱健康干果休闲零食 【拍3件29.9】金沙传奇 新疆和田有机大红枣496g 金沙
  • 别和不在乎你的人谈感情,别对不喜欢你的人讲真心,人心换人心,换不来便死心,真情对真情,懂珍惜才会长情,不求将心比心,但求无愧于心,拥有过了,是种幸运,但努力过了
  • 不仅是戏剧女王,孔孝真还是正能量女神,她看待事情都从好的方面去思考,虽然人生中会遇到不少阻挠,但唯有相信自己,才能朝著自己的梦想前进。金句9:不是说恋爱不重要,
  • 虽然说不是每个询盘都要抓住,也不是每个样品都/能成交,不过,成事在天谋事在人,只要我们努力了,结果如何平常心对待即可。等一会儿,他给我留了地址,然后说道:不用多
  • ——你可以选择在监狱里做一个苟且偷生的野兽,但也可以选择终止罪恶和煎熬,找回你的本性。 ·你可以选择做一个苟且偷生的野兽,但你也可以选择终止罪恶和煎熬,找回本
  • 当你风华正茂,我已红颜老去哈喽,近期超多书迷说没什么好的书看了,貌似已经进入书荒的境地,所以作为资深迷的小编要来给宝宝们推荐好看超甜的啦,千万不要太沉迷熬夜看哦
  • 此尊形像与降三世明王一样,其异形亦很多,有二面四臂像,四面八臂像等,但世间常见者多为八臂像,关于此尊形像,在陀罗尼集经内记载甚详,如下:“其像遍身青色,两眼俱赤
  • 大郎急的不知道该说什么好,又觉得百里此人虽说乖张,却也犯不上如此,便又低声问道,“日前我问你时樱腹中骨肉是否是百里家的,你先是差人来说不是,连休书都准备好了