༢༠༢༤ལོ་སར་བཟང

བཀྲ་ཤིས་སྨོན་པའི་ཚིག་གི་དབྱངས་རྟ་འཐེན། །
བདེ་ལེཊ་ངག་གིས་མཆོད་ཁ་འཕེན་པའི་དུས། །
ཕུ་ནུ་འཛོམས་པའི་དགའ་སྤྲོའི་སེམས་པ་འདི། །
བདེ་ཞིང་སྐྱིད་པའི་གནམ་ལོ་གསར་ཚེས་བསུ། །

ཕ་དང་ཨ་ཁུས་བསང་མཆོད་སྒང་ནས་གཏོང་། །
དུ་སྤྲིན་སྔོན་མོའི་ནམ་མཁའི་དབྱིངས་སུ་ཁྱབ། །
མ་དང་སྲིང་མོས་གསོལ་སྟོན་ཁྱིམ་ནས་བཤམ། །
ཟས་རིགས་སྣ་ལྔའི་སྡེར་ཁ་ཡང་ཡང་བསྒྲིགས། །

བུ་དང་ཚ་བོས་སྙན་པོའི་གླུ་དབྱངས་བཀུགས། །
སྙན་པའི་ཚིག་གིས་ངག་གི་དབྱངས་རྟ་དྲངས། །
དཀར་མངར་འོ་མ་མཆོག་གསུམ་ལྷ་ལ་འབུལ། །
གཡུ་འབྲུག་སྔོན་མོས་བཀྲ་ཤིས་གནམ་ལོ་བསུ། །

རྒན་པ་ཐམས་ཅད་ཚེ་བསོད་རྟག་བརྟན་ཅིང་། །
གཞོན་པ་ཐམས་ཅད་གཉོར་ལག་རྒྱས་ནས་ནི། །
ཚེ་རིང་ནད་མེད་དབང་ཐང་ལོ་བརྒྱར་ཐོབས། །
ཤིང་འབྲུག་གནམ་ལོ་དགའ་སྟོན་ལོ་སར་བསུ། །

འདུས་པའི་སྡེ་ཚོགས་དབྱར་གྱི་མཚོ་ལྟར་རྒྱས། །
སངས་རྒྱས་བསྟན་པ་རྟག་ཏུ་བརྟན་གྱུར་ཅིག །
ཤེས་བྱ་རིག་གནས་འཕེལ་ཁ་ཡར་དར་ནས། །
མཆོད་སྤྲིན་བདུད་རྩི་ཚིག་གིས་ལོ་སར་བསུ། །

ཆུ་ཡོས་ལོ་ཟླ་འདི་དག་ཕར་ངོགས་བསྐྱལ། །
མི་མཐུན་བགེཊ་རྣམ་དེ་ཡིས་རྗེས་སུ་དེངས། །
བཀྲ་ཤིས་ཤིང་ཕོ་འབྲུག་ལོ་གསར་ཚེས་འདི། །
ཁ་གཡང་གཤིས་ཚིག་རི་མོས་མགྲོན་དུ་བསུ། །

༧རྒྱལ་ཁམས་པ་ཏཱ་ར་ནཱ་ཐའི་ཞལ་ནས།•ཤར་ཕྱོགས་དཔལ་གྱི་རི། ཨརྱཱ་ཛཾ་བྷ་ལའི་ཐང་། དཔལ་རྒྱལ་བ་ཇོ་ནང་བའི་ཆོས་སྲིད་མཐའ་དག་གི་རྗེ་བོ་བསམ་འགྲུབ་ནོར་བུའི་གླིང་། ཞེས་ལུང་གིས་བསྔགས་པའི་གནས་ཤར་འཛམ་ཐང་དགོན་ཆེན།

༢༡༥༡ ལོའི་ལོ་གསར་དགའ་སྟོན་མཇུག་བསྡུ་བའི་གཏམ་དུ་བྱ་བ་རང་མོས་སྙན་ངག་ཅེས་སུ་འབོད་པ་ཞེས་བྱ་བ་བཞུགས་སོ།

ལོ་ཁྱད་པར་ཅན་འབྲུག་གི་སྒྲ་གྲགས་པ་འདི་ལ། ང་རང་ཚོ་ཚང་མས་ཧུར་ཐག་བྱེད་དེ། མཉམ་དུ་ཕུ་འཛོམས་མདའ་འཛོམས་བྱེད་ཅིང་། ཁ་རུག་རུག་ཁ་སྤུ་མཉམ་གཤིབས་ཞེས་པའི་དཔེར་ལྟར་དུ་དགའ་སྟོན་ལ་རོལ་རྒྱུ་བྱུང་བ་སྐལ་པ་སྐྲག་མོ་བཟང་སོང་། ལྷན་རྒྱས་ཚང་མ་བཀའ་དྲིན་ཆེ། རྒྱལ་སྤྱིའི་ཐོག་ནས་བཤད་ན་ཆེས་རིག་གནས་འཛོམས་པ་དང་ལོ་རྒྱུས་ཆེ་བའི་མི་རིགས་ཤིག་གི་དུས་ཆེན་ཁག་རྣམས་སྲུང་བརྩི་བྱེད་རྒྱུ་ནི། སྐབས་སུ་བབ་པའི་འགྲོ་ལུགས་ཤིག་ཀྱང་རེད་ལ། ང་ཅག་རྣམས་ཀྱི་འོས་འགན་ཡང་ཡིན་པས། དེ་ལྟར་དུ་དགོས་པ་ཨ་ཅང་ཅང་། ལྷག་པར་དུ་དུས་དང་མཉམ་དུ་དུས་ཆེན་གཏོང་སྲོལ་འདི་དག་ནི། མིའི་སེམས་ལ་སྤྲོ་སྣང་སྟེར་བ་དང་། རེ་བ་སྦྱིན་པ། གསོན་ཤུགས་བསྩལ་བ་སོགས་ཧ་ལས་པའི་དགོས་པ་ལྡན་འདུག་སྙམ་པ་ཡང་བྱུང་སོང་། དེས་ན་ད་རེས་བོད་རབ་རྒྱན་ཤིང་ཕོ་འབྲུག་གི་གནམ་ལོ་གསར་པ་འདི་ནི། མཚར་སྡུག་གི་མེ་སྟག་འཚུབ་པ་ལྟ་བུར་ངོ་མ་སྐྱིད་པོ་རེད་ཐེས། ཨ་ལ་ལ་དགའ་བའི་གླུ་དབྱངས་ལེན་པ་དང་། ཨ་ལ་ལ་སྐྱིད་པའི་ཞབས་བྲོ་འཁྲབ་སོང་། རྒྱུ་མཚན་དེ་འདྲ་མང་པོ་ཞིག་གིས་རྣམ་པ་ཡོངས་ལ་ཡག་སོང་ཟེར་ཉེན་བྲོ་སོང་ལ། མཚམས་འདི་ནས་ལས་བྱ་མཐའ་དག་ཡར་ངོའི་ཟླ་བ་བཞིན་དུ་འཕེལ་བར་ཤོག་ཅིག་ཅེས་ཀྱང་ཞུ་གི་ཡིན། ཁ་དྲོ་བཀྲ་ཤིས།

དེ་ནས་དུས་ཡུན་རིང་པོ་ལ་ཟ་དགའ་འཐུང་སྐྱིད་བྱེད་ནས་བསྡད་བཞག་ན། གཅིག་ནས་མི་སྐྱིད་པ་དང་། གཉིས་ནས་སྙིང་པོ་མེད་པ། གསུམ་ནས་དུས་ཚོད་སོགས་འཕྲོ་བརླག་གཏོང་བཞག་པའི་རོལ་རྩེད་ཙམ་དུ་འགྲོ་ལ། ཁྱད་པར་དུ་ཡང་ཡར་རྒྱས་ཀྱི་གེགས་སུ་འགྲོ་བ་སོགས་མི་ཡག་པས། རན་ཞིང་ཚོད་འཛིན་ཐུབ་པ་ནི། མཛེས་ཤིང་ཡིད་དུ་འོང་ལ། དུས་ཀྱི་རྗེས་ཟིན་པ་བཅས་གནས་ལུགས་རྒྱུ་མཚན་ཆེ། དེའི་ཕྱིར་ཉིན་བཞི་པ་འདི་ནས་ང་རང་གིས་ལོ་གསར་མཇུག་སྡོམ་རྒྱག་གིན་ཡོད་ལ། ཁྱེ་ཅག་ཚོས་ཀྱང་ཅི་དགོས་ལྷུག་པོར་ལྟོས་ཤིག་གུ།

རང་མོས་རང་དབང་གི་འགྲོ་ལུགས་གཞིར་བྱས་པའི་ཐོག་ཏུ། རང་མོས་སྙན་རྩོམ་སྤྱི་འགྲོས་གཙོ་བོར་བྱེད་བཞག་པ་འདིས་མཇུག་ཏུ་གྲུབ་པར་བགྱི་བའོ། །

• གནའ་དེང་ཤེས་རིག་གི་རྒྱལ་ཁམས་པས།


发布     👍 0 举报 写留言 🖊   
✋热门推荐
  • 【一些可爱的符号合集】ꫛꫀꪝ:ɢᴏᴏᴅ ᴍᴏʀɴɪɴɢ♡ .^◡^. ᵔ.ᵔ ᵔ◡ᵔ ʚɞ ❆ ✿ ❁ ⍢⃝ ⠒ '◡' ✺ •́.•̀ •͈˽•͈ ⁎ ๑
  • 在张柏芝的眼里,14岁的大儿子处于叛逆期,却也很乖,并没有做出什么叛逆的事情。之所以想要女儿,在张柏芝的眼里,将来的孙子孙女儿媳妇会负责带。
  • 1、养殖模式养殖所需温度是我们想要达到的控温目标,而养殖模式直接决定了养殖水体的冷热负荷和控温形式,如采用流水方式,就要充分考虑采用余热回收形式,避免高温废水排
  • 至于这场比赛,让我们赢得它,然后我们就不需要谈论它。“我的意思是,2015年我们3-1领先后输掉的那支快船队,克里斯-保罗前两场比赛都没打,而且是带着一条腿比赛
  • 但这个回踩也有技术面自身运行规律:大盘在构建5分钟级别中枢,在形成5分钟级别底背离后会引发一笔反弹。 【综合判断】今日大盘继续新低已成必然,回补2020年6月
  • 只要走在路上,每天都有陌生或熟悉的脸庞,却没有几个能一直与你相依相伴 ​​​#每日一善[超话]##阳光信用##每日一善# 无论这个世界对你怎样,都请你一如既往的
  • #oldtimes 07/18 21:00#zan捞两个30券背后藏了小设计的软软T面料是含72木代尔成分的针织面料,垂坠性很好,环保自然细腻舒适上身有滑滑的质
  • 【一个人要怎样让自己变得不浮躁?】 1、看纪录片。 风景、人文、历史、美食。 2、收纳、整理、生活区域和工作区域,整洁有序。 也许有的人喜欢乱中有序,从一堆
  • ”梁先生没有描写他吃到这种豆腐时的感受,不过每读至此,我似乎都能想象到那种豆香与酱油的香气、韭菜花的咸鲜调和出来的复合香味充斥口腔,忍不住咽一下口水。而这般口感
  • 西安地铁上线人脸识别免摘口罩乘车功能】4月21日,记者从市轨道集团获悉,在传统单程票、长安通等实体票卡过闸乘车的基础上,西安地铁先后推出了二维码扫码过闸、人脸识
  • 如果选择了安逸舒适,就不必羡慕别人的精彩;如果你不相信努力,那么时光第一个就会辜负你。在我熄灭以前,能够照亮你一点,就是我所有能够做的了。
  •   ・゚♡.。. ゚・♡。
  • 中医学有“病在上则治在下”的说法,坐灸就是适合于这种理论的疗法,皮肤不好、肥胖的女性在使用坐灸后,能够改善生理而自然地减肥、皮肤也变的光滑。会阴穴是任脉的重要穴
  • 玛莎妮娜面膜有那些好:玛莎面膜五大减法: 1.减掉暗​淡 2.减掉细纹,皱纹 3.减掉色斑,红血丝。 2.紧致肌肤。
  • 是啊,人生没有完美,只有自己想通了,想开了就是完美。是啊,人生没有完美,只有自己想通了,想开了就是完美。
  • 于是有人告诉他:生活在别处;也有人向他感叹:要让身体和灵魂,有一个在路上;也有人深情而低吟:要追求自我的诗和远方……或许,许多人认为,这世间所有的相知相惜,总是
  • 对于养花人来说,无需多言,站在那就能驻足很久,也不知道看什么,就是老想看我的花,看看就会感觉会很开心,每天下班一回家就得去阳台上逛一圈,然后我妞儿跟在我后面,反
  • 8、他们也是星座界三朵知名交际花之一,经常游走在人际中,可是往往话说多了,脑袋就不好使,有时候给人一种不靠谱,不走心的感觉,也许他们只是忘了。”2、最鬼灵精,脑
  • [憧憬][憧憬]这段时间一直忙着没有看,周末看了第一集,居然有四十多分钟,惊了(无限列车时不时还会拿出来看一看,最爱大哥)[偷笑]之前看过两遍漫画,但还是不记得
  • 25、外面的声音只是参考,如果你不开心就不要参考如果你感觉生活艰难,可以品品丰子恺这九段话:1、人间的事,只要生机不灭,即使重遭天灾人祸,暂被阻抑,终有抬头的日