ཟ་ཁང་དང་ཇ་ཁང་རླངས་འཁོར་དུ་སྡོད་སྐབས་སོགས་སུ་ཞར་དང་ཞོར་ལ་དཔེ་དེབ་རེ་ལག་ཏུ་འཛིན་རྒྱུ་གལ་ཆེ། དེ་ལྟར་གནས་ངེས་མེད་ནས་ དཔེ་ཀློག་བྱེད་པ་ལ་གོམས་དགོས། དཔེ་ཀློག་བྱེད་པ་ངོ་ཚ་རུ་བརྩིས་ན། ད་དུང་ཁྱེད་ནི་དཔེ་ཀློག་པ་ངོ་མ་ཞིག་གི་ཚད་དུ་བསླེབས་མེད་ལ། ཁོར་ཡུག་དེ་ནི་མུན་ནག་གི་འཇིག་རྟེན་ཞིག་ལ་ངོས་འཛིན་ཆོག[可爱]

འདི་ལྟར་བགྱིས་པའི་རྣམ་དཀར་དགེ་བའི་མཐུས།།
བདག་ལ་དྲིན་གྱིས་བསྐྱངས་པའི་ཕ་མ་དང་།།
སེམས་བསྐྱེད་ཞུས་པའི་བླ་མ་སློབ་དཔོན་དང་།།
དམ་ཚིག་གཅིག་པའི་རྡོ་རྗེ་སྤུན་རྣམས་དང་།།
རྒྱུ་ཟས་འབྲེལ་བ་ཡོད་པའི་མི་རྣམས་དང་།།
བཞོན་བཀོལ་སྲོག་གཅོད་འོ་ཞོ་འཐུང་བ་དང་།།
ཤ་ཁྲག་ཟོས་པའི་དུད་འགྲོ་མ་ལུས་པ།།
མྱུར་དུ་སངས་རྒྱས་གོ་འཕང་ཐོབ་པར་ཤོག།[合十]

ཐུགས་རྗེའི་འདབ་མ་ཡངས་པ། །
གཡུ་སྦྲང་ང་རང་འཁོར་ཆོག །
འཁོར་གྱི་འདུ་བ་ཆེན་མོར། །
བྱིན་རླབས་འཇའ་གུར་ཕུབ་འདུག །

ལྷ་ཡི་བྱིན་རླབས་མ་རེད། །
ཉི་ཟླའི་འོད་ཁྱིམ་མ་ཡིན། །
མུན་ནག་འཁོར་བའི་གྲོང་གི །
ཟླ་བ་ལྟ་བུའི་བླ་མ། །

འཁོར་བའི་མེ་ལོང་ནང་གི །
བླ་མ་བྱིན་རླབས་ཅན་པོས། །
རྣམ་ཤེས་བྱེའུ་ཆུང་ཕྲ་མོར། །
ཐུགས་རྗེའི་གདུགས་དཀར་ཕུབ་ཅིག །

སྙན་ཚིག་དབྱངས་ལ་ཆགས་པ། །
གཡུ་སྦྲང་ང་རང་མ་ཡིན། །
བྱིན་རླབས་གུར་ཁང་དེ་རུ། །
ང་རང་ཁྲིད་ན་ཨེ་ཆོག །
༢༠༢༤/༢/༧ལའོ།།[鲜花]


发布     👍 0 举报 写留言 🖊   
✋热门推荐