ཡིད་དུ་འོང་བའི་ཡུལ་དང་འཕྲད་པ་ན།།
དབྱར་གྱི་དུས་ཀྱི་འཇའ་ཚོན་ཇི་བཞིན་དུ།།
མཛེས་པར་སྣང་ཡང་བདེན་པར་མི་ལྟ་ཞིང།།
ཞེན་ཆགས་སྤོང་བ་རྒྱལ་སྲས་ལག་ལེན་ཡིན།།
༧རྒྱལ་སྲས་ཐོགས་མེད་བཟང་པོའི་ཞལ་ནས།།
དབྱར་གྱི་དུས་ཀྱི་འཇའ་ཚོན་ཇི་བཞིན་དུ།།
མཛེས་པར་སྣང་ཡང་བདེན་པར་མི་ལྟ་ཞིང།།
ཞེན་ཆགས་སྤོང་བ་རྒྱལ་སྲས་ལག་ལེན་ཡིན།།
༧རྒྱལ་སྲས་ཐོགས་མེད་བཟང་པོའི་ཞལ་ནས།།
མི་ལོ་དྲུག་ཅུར་ཉེ་བའི་བཞུད་ལམ་དུ།།འཚོ་བ་མངར་སྐྱུར་ཁ་བའི་རྐང་རྗེས་སུ།།མི་རྟག་གློག་གིས་བྲིད་པའི་གཞོན་ནུའི་ལུས།།རབ་རིབ་གང་དུ་ཡལ་བ་ཐེ་ཚོམ་ཡུལ།།འདུ་འབྲལ་ཆར་དུས་རྣམ་བཀྲའི་རི་མོ་སྤུན།།འབྱོར་རྒུད་རྨི་ལམ་ཐུན་གྱི་འཁྲུལ་སྣང་ལས།།རེ་སྒུག་མིག་ཟུང་བསྲིངས་བའི་ཡིད་བཞིན་ནོར།།བསོད་ནམས་རལ་བའི་རྒྱན་དུ་མཛེས་པར་སྨོན།།
ལྷོ་ལམ་བྱེ་མ་ཅན་གྱི་ཐང་དུ་ངལ་བའི་རྐང་འགྲོས་རབ་བཀོད་ཅིང་།།
ངམ་ནག་རྒྱ་མཚོའི་འོབས་ཀྱིས་བསྐོར་བའི་ས་ཡི་མུ་ཁྱུད་མངོན་རྒལ་ཏེ།།
གཅེས་ཤིང་འཕང་བའི་སྲོག་གི་ཉག་ཐག་རལ་གྲིའི་སོ་ལ་དྲངས་པ་ལས།།
དཀའ་བའི་ལོ་ཟླ་རིང་མོ་ཟད་ནས་ཅི་ཞིག་ལྟར་སྟེས་གཞུང་འདི་གྲུབ།།
ངམ་ནག་རྒྱ་མཚོའི་འོབས་ཀྱིས་བསྐོར་བའི་ས་ཡི་མུ་ཁྱུད་མངོན་རྒལ་ཏེ།།
གཅེས་ཤིང་འཕང་བའི་སྲོག་གི་ཉག་ཐག་རལ་གྲིའི་སོ་ལ་དྲངས་པ་ལས།།
དཀའ་བའི་ལོ་ཟླ་རིང་མོ་ཟད་ནས་ཅི་ཞིག་ལྟར་སྟེས་གཞུང་འདི་གྲུབ།།
✋热门推荐