ནར་སོན་པའི་དོན་གྲུབ།

ཉིན་ཁ་ཤས་རིང་ལྷ་སར་ཁ་བ་ཅུང་མཐུག་ཙམ་བབས་པས་གནམ་གཤིས་ཀྱང་གྲང་ངར་ཇེ་ཆེ་གྱུར། དོན་གྲུབ་མལ་ལས་ལངས་རྗེས་སྔར་བཞིན་ཞོགས་ཟས་བོད་ཐུག་དང་ཇ་མངར་བཏུང་ལ་བྲེལ་བཞིན། ནམ་རྒྱུན་གྱི་ཇ་རོགས་ཁ་ཤས་ལ་ཁ་པར་བཏང་རུང་མཉམ་དུ་འགྲོ་མཁན་མེད་པས། གཅིག་པུར་འུར་ཟིང་ཆེ་བའི་ཇ་ཁང་གི་སྒོ་རྭའི་ནང་དུ་བོད་ཐུག་འཐུང་ནས་སྡོད་སྐབས། ཁ་བའི་འདབ་མ་ཐར་ཐོར་བར་སྣང་དུ་དལ་བར་རྒྱུ་བ་མཐོང་འཕྲལ་དོན་གྲུབ་ཀྱིས་མྱུར་དུ་ཇ་ཁང་གི་ནང་དུ་འཛུལ་ནས་སྒེའུ་ཁུང་འགྲམ་གྱི་འདུག་གནས་ཤིག་ཏུ་བསྡད། ཇ་མངར་འཐུང་ཞོར་སྒེའུ་ཁུང་ནས་ཕྱི་རུ་ལྟ་སྐབས་ཁ་བའི་འདབ་མ་སྔར་བཞིན་ཐར་ཐོར་ལས་མི་འབབ་རུང་། སྔར་གྱི་འུར་ཟིང་གི་རྣམ་པ་ཡོངས་སུ་ཡལ་ནས་ཕལ་ཆེ་བ་དོན་གྲུབ་དང་འདྲ་བར་ཇ་ཁང་ནང་དུ་འཛུལ་ནས་ཕྱི་རུ་གྲང་ངར་ཡང་ཆེ་ཁ་བ་ཡང་མཐུག་པོ་འབབ་བཞིན་འདུག་ཅེས་བརྗོད་ནས་གཅིག་གི་ངོར་གཅིག་གིས་བལྟས་ནས་བསྡད་འདུག འོན་ཀྱང་སྒོ་རྭའི་ནང་དུ་སྔར་བཞིན་ཇ་འཇུང་བཞིན་གླེང་མོལ་ལ་གནས་པའི་ན་གཞོན་དང་ཁ་བའི་འདབ་མའི་རྗེས་སུ་དེད་ནས་རྩེད་མོར་གཡེང་བའི་བྱིས་པ་དག་གི་ཕྱོགས་སུ་དོན་གྲུབ་ཀྱི་མིག་གི་འདྲེན་བྱེད་དབང་མེད་དུ་ཤོར་སོང་།

དུས་ཚོད་ཀྱི་འཁོར་ལོ་བར་མེད་དུ་འཁོར་ཞིང་། ལོ་ཟླ་ཡི་ཆུ་བོ་ཕྱིར་བཟློག་དཀའ་བས། ད་ཆ་མི་འདོད་བཞིན་དུ་ཉེར་ལྔའི་ལང་ཚོ་ཡོལ་བའི་དོན་གྲུབ་ཀྱིས་ཁ་བའི་འདབ་མའི་རྗེས་སུ་སྙེགས་ནས་གང་འདོད་དུ་རྩེད་མོར་རོལ་བའི་བྱིས་པ་དག་ལ་ཅེར་བཞིན་སྔོན་ཆད་རང་ཉིད་ཀྱང་མིག་སྔུན་གྱི་བྱིས་པ་ལྟར་རང་དང་ན་མཉམ་གྱི་བྱིས་པ་དང་ལྷན་དུ་བག་ཕེབས་ངང་འཚོ་བ་རོལ་མྱོང་བ་དྲན་ལ། བཅོས་མིན་གྱི་དགོད་སྒྲ་དང་འགྲོགས་པའི་ལྷད་མེད་ཀྱི་འཛུམ་མདངས་དག་ཅི་ལ་མི་དྲན། བུར་རྡོག་དང་ཀ་ར་ཆུང་ངུ་ལས་མེད་རུང་མཉམ་དུ་ལོངས་སྤྱོད་པའི་བྱིས་པ་སྣབས་ལུད་དེ་དག་ཅིས་ཀྱང་དྲན་སྲིད། དོན་གྲུབ་ཀྱིས་དེ་ལྟར་བྱིས་དུས་དང་འབྲེལ་བའི་སྤྲོ་སྣང་གིས་ཕྱུག་པའི་བྱ་བ་མང་པོ་ཞིག་དྲན་རུང་ཁོའི་སེམས་པ་ནི་ཕྱི་ཡི་གནམ་གཤིས་ལྟར་གྲང་བསིལ་བསིལ་དུ་གྱུར། སླར་ཡང་ཕྱིར་དྲན་གྱི་འཇིག་རྟེན་དུ་ཉུལ་སྐབས་དོན་གྲུབ་ཀྱིས་ན་གཞོན་དུས་ཀྱི་རང་ཉིད་མཐོང་ལ། ད་དུང་ཁོའི་གཞན་དྲིང་མི་འཇོག་པའི་སྤོབས་པ། ཁ་སེམས་གཅིག་མཐུན་གྱི་བྱ་སྤྱོད། ཚུལ་འཆོས་ཀྱིས་མ་བསླད་པའི་རང་གཤིས། སྐྱིད་སྡུག་མཉམ་མྱོང་གི་སྤུན་ཟླ་དག་དྲན་བཞིན་ཇ་མངར་ཕོར་པ་གང་འཐུང་རུང་རོ་མངར་བའི་བྲོ་བ་མྱོང་མ་ཐུབ། ནར་སོན་པའི་དོན་གྲུབ་ལ་མཚོན་ན་ཁོའི་ཕྱིར་དྲན་གྱི་འཇིག་རྟེན་ནས་མཐོང་བ་དག་རང་ཉིད་ཡིན་རུང་ཁོས་བྱ་བ་འདི་དག་རང་ཉིད་དང་འབྲེལ་བ་ཡོད་པར་སེམས་མི་ཕོད། དོན་གྲུབ་ཀྱིས་འདི་རྣམས་ནར་སོན་པའི་ཡོན་དུ་ཡོངས་སུ་ཕུལ་ཟིན།

ལོ་ངོ་ཉེར་ལྔའི་རིང་དོན་གྲུབ་ཀྱིས་མི་སྣ་མང་པོ་ཞིག་གི་ཟློས་གར་ཁྲབས་ཟིན་ནས་ད་ཆ་རང་ཉིད་ཀྱི་འཚོ་བ་ལ་འཇུག་སོང་། ནར་སོན་པའི་འཇིག་རྟེན་དུ་རང་ཉིད་ཀྱིས་ངོས་མི་ཟིན་པའི་མི་བུ་ཞིག་དུ་གྱུར་ནས་འཚོ་བ་རོལ་སོང་། ཡང་ན་སྔར་རང་ཉིད་ཡིད་མུག་པའི་མི་བུ་ཞིག་གི་འཚོ་བ་འཇུག་སོང་།

དེ་རིང་ཟླ༡༢པའི་ཚེ༡༨་ཉིན་སྡེ་གསུམ་ཀློང་དགུའི་བསྟན་པའི་ཤིང་རྟ་ཆེན་པོ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་དཔལ་བཟང་པོ་མཆོག་དགོངས་པ་ཆོས་དབྱིངས་སུ་གཟིམས་པའི་དུས་ཚེས་ཁྱད་པར་ཅན་ཡིན་པས་དད་ལྡན་རྣམས་ཀྱིས་དགེ་སྒྲུབ་སྡིག་སྤང་ལ་བརྩོན་པར་ཞུ་ཞུ།
今天是藏历12月18日,大圆满龙钦心髓传承祖师全知无垢光尊者的圆寂日,[合十][合十][合十]

དེ་ཡང་སློབ་གཉེར་བསླབ་བྱ་ལས།
སྒོ་གསུམ་དགེ་ལ་སྦྱར་ཕྱིར་མིང་དང་དོན།།
མཐུན་པའི་བཤེས་ཤིག་རང་གི་དགེ་རྒན་དུ།།
བསྟེན་ནས་ཆོས་ཀྱི་བྱ་བ་མ་ལུས་པའི།།
རྩ་བར་མཐོང་སྟེ་བཀའ་བཞིན་བསྒྲུབས་པ་ཡིས།།
རྟེན་འབྲེལ་མགོ་ནས་འགྲིག་པར་གྱིས་ཤིག་ཨང་།།
ཞེས་གསུངས་པར་བཞིན། བདག་ཉིད་ལས་སྨོན་རྟེན་འབྲེལ་བཟང་པོའི་མཐུ་འབའ་ཞིག་གིས་ཉིས་སྟོང་བཅུ་གཉིས་2012 ལོར་དྭགས་བསྟན་ཐོས་བསམ་གླིང་གི་ཆོས་གྲྭར་དངོས་སུ་ཞུགས་ཤིང་༧ མཁན་རིན་པོ་ཆེ་བསོད་ནམས་དཔལ་བཟང་མཆོག་གི་ལྷད་མེད་བརྩེ་བ་ཆེན་མོའི་ཕང་བ་ནས་འབྲི་ཀློག་སྒྲ་ཡི་བསྟན་བཅོས་དང་། ཐར་རྒྱན་བྱང་སྤྱོད་བློ་སྦྱོང་གི་ཟབ་ཁྲིད་ཡང་ཡང་ཞུ་བ་སྔོན་དུ་སོང་། རིམ་བཞིན་གཞུང་ཆེན་བཀའ་པོད་ལྔ་ཡི་རིགས་ལམ་འཕྲུལ་གྱི་ལྡེ་མིག་བློ་རྟགས་བསྡུས་གསུམ་དང་། ཚད་མ་ཕར་ཕྱིན་སོགས་འཛིན་གྲྭ་རིམ་གྱིས་འཕར་བའི་ཐུང་ཐུང་མི་ཚེ་འདི་ཡི་གཟི་བརྗིད་དམ་འོད་སྣང་ཞིག་ཏུ་ངོམ་རིན་མཆོག་ཏུ་གྱུར་བའང་། དཔལ་ལྡན་རྩ་བའི་བླ་མ་མཆོག་དང་ངོ་བོ་རང་བཞིན་ནམ་ཡང་གཉིས་སུ་མེད་པའི་མཁན་མཆོག་དམ་པ་མཁྱེན་བརྩེ་ནུས་གསུམ་གྱི་བདག་ཉིད་མཆོག་ཏུ་མཉེས་པའི་གང་གི་བཀའ་དྲིན་དང་ཐུགས་རྗེའི་བྱིན་རླབས་སུ་མངོན་ལྐོག་མ་གྱུར་བའི་ངོར་དྲིན་ཚོར་བའི་ཕྱག་འཚལ་ཐལ་མོ་རྟག་ཏུ་སྦྱོར་བའོ། [合十]


发布     👍 0 举报 写留言 🖊   
✋热门推荐
  • ”5.“初见之时,已然心动,小生不才,定力不佳,此生不悔,愿伴卿旁,陪你赏雨,陪你看雪,为你提笔,为你写诗。#早安[超话]##白露##为你写诗# 早安贴178
  • 而且在保养上天蝎座的女生也有自己的独门秘方,她们知道自己最需要的是什么,所以总是能找到最适合自己保养的方式,而且年纪越大,魅力越大!所以说一分手就想着和白羊挽回
  • ”吴寿仁认为,科技成果赋权改革在两种情形下是很有利的:一是以科技成果作价投资的,赋权可大大简化股权奖励程序,提高效率,也可扫除科研人员享受股权奖励递延纳税优惠政
  • #五大联赛# 阿牛数据:拉莫斯在巴黎的首秀可能要等到9月22日根据《巴黎人报》的消息,拉莫斯在巴黎的首秀可能要等到9月22日。《巴黎人报》几周前表示,拉莫斯会在
  • 比肩冲婚姻宫,干支又是七杀与比肩同柱,婚姻不宁的原因是配偶不专一。通过在测八字的时候会说到官杀多,官杀混杂,其实就是与此类似,就是女命官杀太多,经历的感情多,会
  • 方案设计:双下巴+面颊+下颌缘面吸跟其他手术不同,需要的审美偏好很弱,只是脂肪抽吸上是否有改善。术前面部问题不多,五官轮廓都很好,下面部脂肪偏多了一点,让侧面顿
  • #陈情令[超话]# #陈情令播放量破百亿# [哈哈][哈哈][哈哈]#陈情令播放量破100亿# 穿万水 过千山 路尽人茫茫 是与非都过往 醒来了 就当它梦一场
  • 13时38分,G42沪蓉高速邻垫段(垫江至邻水方向)K1645+800公里处,发生货车侧翻事故,导致后方来车发生多起事故,现主线垫江至邻水方向K1644处封闭
  • 但依照佛教的观点,我们必须认识到,没有人是无辜的。但依照佛教的观点,我们必须认识到,没有人是无辜的。
  • #第一万条微博# 好了,早早就说这条微博得发的比较有仪式感才可以。最初只是作为发博客的一个通知窗口,渐渐演变成一些碎碎念的流水账,从高中拿上ipod之后生产力猛
  • 活在当下不是一句空洞的口号,如何活在当下,如何珍惜和感受生活里的一丝一毫Spark isn't the purpose, live every minute人生
  • 1944年六月,Harry参与了诺曼底登陆,在卡朗唐温特斯受伤的一段时间,Harry接管E连。最初他被分配到82空降师的504团 ,他是中士军衔,但在战斗中六次
  • #无锡红娘[超话]#【VIP1824Y 已实名】出生年:1996性别:男籍贯:无锡星座:双鱼座身高:178体重:78kg学历:本科职业:it月收入:8k+居住地
  • 仔细观察,发现真正焦虑的是妈妈自己,每一次从孩子身边离开,都会表现出依依不舍,还会亲啊、抱啊,说着“妈妈不想和你分开”的话……这些不安的情绪会直接传递给孩子,因
  • 那是一个to签。有的时候我做实验早起或者晚回也有把她吵醒过,我的处理方式都是第二天再给她带瓶酒我和室友的关系谈不上很亲密,但确实很友好,到现在也是偶尔联系,人家
  • #第三代美国试管婴儿##第三方IVF服务团队##尔湾本土月子中心# 子宫畸形是女性生殖器官发育异常中最常见的一种,由胚胎时期两侧副中肾管发育、融合异常所致。随着
  • 所以又在喝星空葡萄 昨天去茶太也在喝葡萄冰 我一定是个葡萄怪(不吃葡萄的葡萄怪)才花了12块钱!女同事把她的西瓜给我,所以我有两块,软软的口感不喜欢,但是很
  • !!
  • 可爱的小鸟,它们活蹦乱跳、左蹿右蹿追逐嬉戏、机灵极了;婉转动听的歌声使人舍不得去。树下百花开放,争奇斗艳:有红色的鸡冠花红的像火炬,有白色的月季花白的像棉花一样
  • 七月三十 || 恭迎地藏菩萨圣诞[鲜花][鲜花][鲜花][心][心][心][蜡烛][蜡烛][蜡烛] 普贤启问 地藏宏开 三途六道绝尘埃  普广问如来