ལེགས་པའི་ལམ་སྟོན་ཐེག་མཆོག་དགེ་བའི་བཤེས།། ཚེ་རབས་ཀུན་ཏུ་འབྲལ་མེད་རྗེས་བཟུང་ནས།། ས་ལམ་སྐུ་གསུམ་གོ་འཕང་མངོན་གྱུར་ཏེ།། འོད་གསལ་མ་བུ་འཕྲོད་པར་བྱིན་གྱིས་རློབས།།

ཡོན་ཏན་མ་ལུས་འབྱུང་བའི་རིན་ཆེན་གཏེར།།རྣམ་དག་བསླབ་གསུམ་ཁུར་གྱིས་རབ་མཛེས་པའི།། ངུར་སྨྲིག་གར་གྱིས་ཅོད་པན་འཆང་བའི་སྡེ།། ཚེ་རབས་གཏན་གྱི་འདུམ་མར་གུས་པས་མཆོད།།

ལེགགས་བཤད་ས་འཛིན་གངས་ཀྱི་རི་བོ་ལ།། ལུང་རིགས་ངར་སྐད་སྒྲོགས་པའི་མཆེ་སྡེར་ཅན།། སྐྱེས་ཆེན་གངས་ཀྱི་སེང་གེ་འགྱིང་བ་ཡིས།། ཝ་སྐྱེས་དགེགས་ཀྱི་ཚོགས་རྣམས་ཐལ་བར་རླག།

རྟོག་པ་གཟུགས་སུ་བསྐྱེད་པའི་ངག་གི་སྒྱུ་འཕྲུལ་དེའི་མིང་ལ། ཐ་སྙད་ཀྱི་སྒྲོས་བཏགས་ན་སྙན་ངག་ཅེས་བྱ། ཚིག་རྒྱན་གྱི་གཞུང་ལུགས་རྣམས་སུ། ནང་སེམས་ཀྱི་འགྱུར་བ་ཕྱིའི་ཉམས་སུ་འཕོ་བའི་ངག་རྩལ་ཞེས་འབྱུང་། འོན་ཏེ་ད་ཚོད། ན་མཉམ་རྩོམ་འབྲི་བ་མང་པོ་ཞིག་སྙན་ངག་གི་ཆེད་དུ་སྙན་ངག་འབྲི་བའམ། འགྲན་བསྡུར་གྱི་ཆེད་དུ་སྙན་ངག་འབྲི་མཁན་རྐྱང་རྐྱང་དུ་གྱུར་ཟིན་པས། སྔོན་ཙམ་ལ་ངའང་བསླུ་བྲིད་དེའི་འོག་ཏུ་ཚུད་དེ། སྒྲ་རྒྱན་གྱི་བྱ་དཀའ་སླའི་རྣམ་གཞག་དང་། སྲོལ་རྒྱུན་བསྟོད་རྩོམ་གྱི་ཚིག་བར་རིང་མོའི་འབྲི་ཐབས་སྤྱད་ནས། རྟོགས་བརྗོད་ཀྱི་རིགས་ཁ་ཤས་བྲིས་ཤིང་བྱ་དགའང་རེ་ཟུང་རེག་མོད། ད་ལྟ་ནི། འུད་བསྟོད་བྲག་ཅ་ཁོལ་བའི་རྩོམ་སྟངས་དེའི་རིགས་ལ་ཅུང་ཟད་སུན་ཞིང་། ཇི་ཙམ་གཉུག་གཤིས་ཀྱི་འཕོ་འགྱུར་དང་ཐག་ཉེ་བ་དེ་ཙམ་སྙན་ངག་གི་ཡོན་ཏན་དུ་བཟུང་ནས། སྣང་ཡན་གྱི་མཚོ་ཁ་ན་སྙན་ངག་གི་ངང་མོ་རེ་ཙམ་འགུག་ཐུབ་པ་ལའང་། ནང་སེམས་ཀྱི་འཕར་ལྡིང་སྒྲ་རུ་བསྐྱེད་པའི་གསེར་གྱི་གདུ་བུ་རེ་ནི་ཅིས་ཀྱང་བཏགས་པས། རང་ཉིད་གཅིག་པུ་ལྐུགས་པས་བུ་རམ་ལྡག་པའི་དཔེ་རུ་སོང་ཡང་། ད་ཐེངས། དགེ་རྒན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་དང་། སྙན་ངག་སྨྲ་བའི་དབང་ཕྱུག་འཇུ་སྐལ་བཟང་སོགས་ཀྱིས་ཀྱང་གཟིགས་བཟོས་དཔེ་མེད་གནང་འདུག་པ་འདིར།

ངག་གི་སྤྱོད་ཡུལ་མ་ཡིན་པའི།།
དགའ་དང་སྤྲོ་བས་བརྟས་གྱུར་ཀྱང་།།
སོར་བཅུའི་འདབ་མ་ཟུམ་པ་ཡི།།
སྙིམ་པའི་ཆུ་སྐྱེས་དྲུང་ན་འདུད།།

ཅེས་འགྲན་བསྡུར་འདིའི་མགོ་མཇུག་བར་གསུམ་གྱི་འབྲེལ་ཡོད་མི་སྣ་ཡོངས་ལ་བཀའ་དྲིན་ལེགས་གསོལ་ཞུས་པ་ལགས།

མི་ཕམ་བཤེས་གཉེན་ལ་བསྟོད་པ།



དག་པའི་ཞིང་མཆོག་གང་ན་ཞི་བའི་སྤྱན། །
པདྨའི་འདབ་ལྟར་མཛེས་པས་དགྱེས་བཞིན་དུ། །
མངོན་སུམ་གཟིགས་པ་གང་གི་མདུན་ས་རུ། །
བསྟོད་དབྱངས་འདི་ཉིད་མཆོད་པས་མཉེས་གྱུར་ཅིག །


发布     👍 0 举报 写留言 🖊   
✋热门推荐
  • 也不是喜欢伤春悲秋的,当初只是觉得,六年的感情没办法做到说放下就放下。这件事过去马上就两年了,主动离开的那个人也没我想象中的那么难过,起码表现出来的并没有,我也
  • @MD_摩登兄弟班主任发给家长的短信:“无论成绩好坏,请想想:每个孩子都是种子,只不过每个人的花期不同。班主任发给家长的短信:“无论成绩好坏,请想想:每个孩子都
  • #李现[超话]# #李现韩商言# 这世间,灯红酒绿,你是我唯一的诱惑 你坐在灯火之中,我却只看到你 我爱你,不是像滴水那样简单 我爱你,不是像白板那样单调
  • 安全环保全新材质,家居达人神器,轻松快速去除衣物袜子帽子毛球难题。安全环保全新材质,家居达人神器,轻松快速去除衣物袜子帽子毛球难题。
  • 1酒柜+餐边柜酒柜与餐边柜结合设计,这是最常见的一种酒柜设计,用了象牙白,白枫和橙色的搭配设计使整体空间更时尚美观,充满温暖的感觉。这款餐边酒柜运用了典雅的牧歌
  • 每个人最需要的,是相信自己,因为只有相信自己才会拥有真正的自信,而相信相信的人终会相遇,因为,心有光芒,必有远芳。一个人并非是在追求自我中“找到自己”的,而是在
  • #觉知、智慧与慈悲——我的英雄之旅#经常遇到这类的卖家,他们过去生意还做得不错,但是在生意好的时候没有布局,所以现在行业竞争惨烈。经常遇到这类的卖家,他们过去生
  • 我们肩负爱心和耐心,用我们的爱感悟每个孩子,呵护每个未来! 我们携手一起成长,让每个孩子拥有专业的早教课堂!
  • 小青真切地希望这次活动带给你们的不仅是知识的普及,更有对梦想和未来的向往。在最后的讲话中,校长还表达出与我们建立长期的支教关系的期望,携手共筑乡村教育,共圆孩子
  • 感恩我有你们图1:过年的时候给我发的红包。一大早就来了一个表白,当时占卜的爱情,她说我并没有因为便宜而敷衍了事,给了她很多建议,当时不知道是真是假,没过两天就验
  • 岁月真是一把杀猪刀,曾经车见爆胎的高富帅沧桑成这样…全剧将近两百集太长了,可以挑一部分看,第一集笑到喷饭,一定要看[允悲]看到贝蒂这发型,想到《扫毒》里张家辉说
  • 。这是一份认识陈小姐之前的需知~二十岁 女 狮子座 单身坐标江苏山西切换,江苏人,山西上学喜欢杰伦,边大,杰大喜欢白敬亭,张若昀,刘昊然,周棋洛一般颜控,
  • !”哈哈哈哈哈哈哈,好非酋哦我们。
  • 我还是我,似乎并没有“否定”啊,呵呵~ 那么这一次,真的希望不要再辜负自己的选择了。有些事,真的不是总能按照我们的预想去发展的,这个世界充满了太多的变数,如果我
  • 这就是我的样子,我的爱情观和张小娴的作品爱情观相似。不出意料,饭菜质量很一般,但这望出的360度城景就值回了门票钱回到城市第一件事就是买花,不由得让我想到这一路
  • ”他很生气地说:“你去把机长叫过来,你就有素质了?我想说的是,如果你想去死,麻烦不要带着一架飞机的人和你一起去死,我只是一个即将升初三的学生,为什么会提醒你是因
  • 其实我刚刚开始看电影的时候get到的是藕霸[允悲],看3d场抓着老酱的手就开始尖叫太帅了太a了我要过呼吸了,对饼饼的感觉没那么深但我觉得西皮szd儿子跟儿媳就应
  • #ゆう十# 2018.05.27 広州 「ゆう十マンとDr.ぐるりーの謎」repo ゆう十/yuuto/优十先生/ゆう十先生 部分 p1 服装 & 曲目 &
  • 在这枯燥与艰辛中,军人收获着快乐;严格的纪律约束,训练了军人一丝不苟的严谨作风,艰苦的军事训练,培养了军人坚韧刚毅的性格。他是军人,有着军人的刚毅和果敢。
  • 戳戳:单身时间久了真的不太会和人相处有异性靠近就会自动切换排外模式很多人都会说我很强势可我知道是他们不了解我其实我可以给到身边人的空间很宽松而且日常交往也会提前