དམ་པའི་ལེགས་བཤད་རྫུན་གྱི་གོང་བུར་སེམས།།


ངན་གཡོའི་ཐ་ཚིག་ཡང་དག་ཆོས་སུ་སྙམ།།


ར་མིན་ལུག་མིན་སྤྱོད་པའི་འདུ་འཛི་ཅན།།


ཐམས་ཅན་མཁྱེན་པ་ཡིན་ཡང་བདག་མི་སྤྲོ།།



ཕྱི་ཡི་ཚུལ་འཆོས་ངུར་སྨྲིག་ཤམ་བུས་མཛེས།།


ནང་གི་ཀུན་སློང་ཆགས་སྡང་དྲི་མས་སྦགས།།


དོན་དམ་སྤྱོད་པ་གདུག་ཅན་སྤྱང་ཀིའི་བུ།།


ཕྱི་མའི་ལམ་འདྲེན་ལགས་ཀྱང་བདག་མི་གཉེས།།



མཁས་པའི་མི་ལ་ཕྲག་དོག་ཟུར་མིག་གཡོ།།


བླུན་པོའི་གྲལ་དུ་དགའ་བས་འཇུག་བྱེད་པ།།


རང་ངོ་མི་མཐོང་གཞན་ལ་དམའ་འབེབས་པའི།།


སྨྲ་མཁན་ནེ་ཙོའི་སྤྱོད་ལ་བདག་མི་མོས།།


—གཅན་རང་སད།

#彭措书香[超话]# མི་ལོ་བཞི། ཏག་ཏག་མི་ལོ་བཞི། གློག་འོད་རབ་རིབ་མག་མོག་གི་སྐྱིད་ཆུའི་མཚན་ངོགས་དེ། ད་དུང་ཡིད་ཀྱི་ག་ཤེད་ཅིག་ཏུ་སིམ་ཞིང་འཐིམ་པར་འདུག དེ་རིང་། ལོ་ཟླ་ཚེས་གྲངས་ཟེར་བའི་གཟུགས་མེད་ཀྱི་ཆོ་འཕྲུལ་འདིས། ང་རང་དྲན་པ་གསོས་བྱུང་། མིག་ཆུ་ཕུད་བྱུང་། སེམས་པ་སྨྲེང་བྱུང་། དུས་ཚོད་ཅེས་པ་མགྱོགས་པའི་བང་དང་བཅས་ཏེ་ཕྱིར་འཁོར་མེད་པར་མདུན་ནས་མདུན་དུ་རྒྱུགས་མོད། དོ་ནུབ། ཧ་ཅང་ཁེར་གཅལ་དུ་ལུས་པའི་ང་ནི་ལྡོག་འབབ་གཙང་པོ་ཞིག་དང་འདྲ་བར། ལུས་ཀྱི་རྔུལ་ཆུ་དང་སེམས་ཀྱི་མིག་ཆུ་ཡོད་ཚད། ཡངས་ཤིང་རྒྱ་ཆེ་བའི་སྐྱིད་ཆུ་དལ་འབབ་རིང་མོར་འདྲེས།

ལེ་ལན་དང་ལན་ཆགས་ཟེར་ཡང་ཆོག ། འགྱོད་སེམས་དང་དྲན་གདུང་ཟེར་ཡང་རུང་། དུས་ད་ལྟ་ང་ནི་མཚན་ཧྲག་གི་སྲིན་འབུ་མེ་འཁྱེར་ཞིག་སྟེ། རང་གི་འགྱེད་འཕྲོའི་འོད་ཉག་ཙམ་གྱི་ཆེད་དུ། གསོན་ཐོག་གི་དབུགས་ཀྱི་རྒྱུ་བ་ནར་མར་གཏོང་མཁན་ཞིག་ལས་ཅི་ཡང་མིན་པར་འདུག་མོད། ཨུ་ཚུགས་དང་ཕྲག་དོག ། ཞེ་སྡང་དང་འདོད་ཆགས་སོགས་ཉོན་མོངས་པའི་ཚང་མལ་ནས། དགའ་དུས་སྐད་གསེང་མཐོན་པོས་དགའ་བའི་དགའ་བའི་དགོད་སྒྲ་སྒྲོག་ཅིང་། སྡུག་དུས་ཁ་རོག་གེར་སའི་གོ་ལའི་གྲུ་ཟུར་ཞིག་ཏུ་འཛུལ་ཏེ། སྐྱོ་སྡུག་དང་རེ་ཆད་ཀྱི་ངུ་ཤུམ་ཡིད་ཚིམ་པ་རེ་འཐེན་རྗེས། ཚོར་དབང་ཡོད་ཚད་སྦྲིད་པར་གཏོང་དགོས་པའི་དུས་ཀྱང་ཤར།

དོ་ནུབ། ང་ལ་སྐད་ཆ་མང་ཡང་། རྐུབ་སྟེགས་སྲ་མོ་འདི་རུ་ང་ཁོ་ན་ལས་མི་འདུག་ཅིང་། ངའི་ཁ་གཏད་ཀྱི་མི་དེ་འང་གར་སོང་ཆ་མེདཅིག་ཏུ་སྣང་། འདི་གའི་ཐོག་ཁར་རྒྱ་རྒྱ་མོ་དང་གྲོགས་པོ་ཁ་ཤས་ཀྱིས་རེས་སྐོར་སྒོས་ཤོ་རྡེའུ་གཡུགས་ཏེ་གཞས་གཏོང་གིན་འདུག མཚམས་འདིར་ཏག་ཏག་ལ་རྒྱུས་ཡོད་ཅིག་གིས༼མ་སྐྱེས་ཨ་མ༽ཞེས་པའི་གཞས་གདངས་གསར་པ་ཞིག་བླངས་བྱུང་མོད། ང་ལ་སྤྲོ་བ་ཏིལ་འབྲུ་ཙམ་ཡང་མི་འདུག ། གལ་ཏེ་ཁྱེད་རང་ཚངས་མགུར་ནང་གི་ངའི་མ་སྐྱེས་ཨ་མ་ཞེས་པ་དེ་ཡིན་ངེས་ན། དཀར་གསལ་ཟླ་འོད་ཀྱི་ཞལ་རས་དེ་སྨག་ནག་པའི་མཚན་ངོགས་འདི་ནས་ལན་གཅིག་མཐོང་ཐུབ་ན། དེ་ནི་ཅི་འདྲའི་ལས་དང་བསོད་ནམས་ཀྱི་བསྐལ་བཟང་མངོན་དུ་ཤར་བ་རེད་མོད། དོན་དངོས་བཤད་ན། ཉིན་ཤས་སྔོན་ནས་ཁྱེད་ཀྱི་རེ་འདུན་དེ་ངས་རྦད་དེ་དང་ལེན་མ་ཐུབ། འུ་གཉིས་ལན་གཅིག་ཞལ་མཇལ་གྱི་བསྐལ་བཟང་ཡང་རྩིས་མེད་དུ་བཏང་། ད་ནི་ངས་ཁྱོད་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ལས་ཅི་ཡང་མི་འདུག་པ་དྲན། སེམས་ཀྱི་མི་ལགས། ང་ལ་དངོས་གྲུབ་སྩོལ་རོགས།

ཉེ་ཆར་དགེན་ཚེ་དབང་བཀྲིས་ལགས་ཀྱིས་བརྩམས་གནང་བའི་ལོ་རྒྱུས་རིག་པའི་ལྡེ་མིག་ཅེས་པ་འདི་ཚར་གཅིག་རགས་ཙམ་བལྟས་པས་ཧ་ཅང་ཡག་སྣང་ཤར་སོང་། ལོ་རྒྱུས་ལ་གསར་དུ་འཇུག་མཁན་ཞིག་ཡིན་ཚེ་དེབ་འདི་ལོ་རྒྱུས་ལ་འཇུག་སྟངས་སོགས་ཧ་ལེགས་པ་དཔེ་ཡག་པོ་འདུག་དྲན་སོང་།


发布     👍 0 举报 写留言 🖊   
✋热门推荐
  • 【¥39.9】霸蛮 肥汁米线*4盒活动难求,今晚终于让我挖到了跟直播间同价了!作业:霸蛮 肥汁米线*4盒【到手价39.9】活动难求,今晚终于让我挖到了跟直播间同
  • 断供的话,银行会起诉拍卖,业主的首付款早就跟着开发商走了,房子也没有了,完全是鸡飞蛋打的事。因为即使去打官司,告开发商也没有结果,依照合同上写明,因为不可抗力,
  • 走过最好时光,我们奋斗、向前、拼尽全力,就像刚刚创下华人歌手在B榜最好成绩的#吴亦凡#@Mr_凡先生 ,“作为华人,我很骄傲,时间会证明一切,我只用作品发声,我
  • #每日一善[超话]##每日一善#☀️#阳光信用#☀️从生到死有多远,呼吸之间;从迷到悟有多远,一念之间;从爱到恨有多远,无常之间;从古到今有多远,谈笑之间;从你
  • 【转载】很想,时间可以慢下来,让一切生命意向平稳生长,不辜负光阴美意,不放弃内心的执着,做一朵顽强的花朵,守着日清月白,守着日月静暖,红尘之内,烦嚣之外,可以旁
  • 2021年10月中旬,患者到医院检查,彩超提示:左叶中下部可见低回声,约1.1cm,紧邻后方及内侧被膜,纵横比大于1,形态不规则,边界尚清,钙化;右叶可见多个低
  • 大爱成都❤️加油成都 锦江区锦官驿街道三天核酸检测志愿保障服务结束啦,感恩大家的无私奉献 对三天以来做核酸检测的医生、志愿支援的小伙伴儿们,还有我们锦官驿街
  • 22、怕爱意太明显,把你越推越远,又怕爱意不明显,让你觉得我不爱你23、巷子里的猫很自由但没有归宿,屋檐下的狗有归宿,却始终低着头,人生这道题怎么选都有遗憾.2
  • #每日一善[超话]# [爱你]#每日一善# [爱你]#阳光信用# 心宽,宽大为怀是足智多谋的恬静;心正,正大光明是憨厚耿直的凸现;心静,静心如水是博大精深的境
  • 是同类产品的4.7倍睡前来两粒便足够让你坠入温柔美梦ta还添加了苹果汁、红葡萄汁、紫萝卜汁等天然浓缩果蔬汁,所以味道也很好,是浓郁的葡萄味,吃着像QQ糖一样,还
  • #于毅[超话]#知道吗你身上干净耀眼的少年气晴朗了我少女时代所有的雨季[心]人生中太多第一次都是因为你你是银河散落的孤星 刚好掉进我眼里过道穿花 踏遍山河 终会
  • 他们马上变成了好朋友,而且决定溜出去进行一场深夜的大冒险……本书为中国台湾儿童绘本资深作者李伯峰(螳螂)的作品,以史达尔小朋友在梦境中与他的好朋友小星星一起玩耍
  • 最近可有太多事情想做 安排不过来比如最近在健身 一股健身热潮上头 一天不训练有点不自在了 主要也是资深健身爱好者耗哥的带领下 然后我沉迷 让我痛并快乐 我最近就
  • 这个露台花园,让我仿佛回到了以前,看那些景观案例的时候。春风肆意,不及你眉眼轻挑夏雨决堤,不如你唇齿微张世间青山灼灼星光查查,春风翩翩晚风渐渐,也抵不过你眉目间
  • #断舍离到底有多爽##生活##情感# 断,可断,情难断舍,可舍,心不舍离,可离,意难离一心想断是为执念一心想舍是为执意一心想离是为执着只怕因一时的决定会有短暂的
  • #肖战最好的你[超话]# #肖战我们的歌# xz#肖战那英被风吹过的夏天# 可爱[兔子][兔子] 互[兔子][兔子] [微風]你的出现 成了我心底那一束明亮的光
  • 《一个人的故宫游记》不知道这第几次一个人来故宫了我对于故宫天然喜爱 几乎没有缘由 可能是在北京上学的原因 来故宫方便很多 在这儿我总是感觉到很舒服 在我心里它不
  • 可惜现在我没房子也不能给它一个家[苦涩]#汪涵##韩雪# 有一次,汪涵在节目上开玩笑问韩雪,要是我送你一套1000平的别墅,你愿意住吗? 以前经济形势没现在好
  • 成功之路具有无比的艰辛,会遇到很多的挫折,那些困难也许不是你个人的力量所能解决的,需要寻求帮助,也许还需要集体的力量才能最终完成,在此,你更得需要具备自己足
  • 2,按“开始”键,此时,一定量的合成血﹙表面张力﹙0.042±0.002﹚N/m﹚沿水平方向喷向定位靶后方的被测口罩,同时时间定时器开始计时,到设定的喷射时间后