ཁ་བའི་འཇིག་རྟེན་རྡུལ་གྱིས་མནན་པ་ཡི། །
མྱ་ངན་རླུང་གི་འཁོར་ལོའི་ཐུ་འོག་ན། །
སུ་དག་མི་ཤིགས་གོམ་སྟབས་མི་གཡོ་བ། །
དེ་ཀུན་དཔག་བསམ་ཁྱེད་ཀྱི་ཡལ་འདབ་ཉིད། །

རྨི་ལམ་ཞིང་གི་ལྗོན་པ་ལས།

ཧ་ཝར་ཊི་གཙུག་ལག་སློབ་ཆེན་གྱི་དོན་འཁྱོངས་མན་ངག
གལ་སྲིད་ཁྱོད་ཀྱིས་རང་ཉིད་འཐུས་ཚང་དུ་བཏང་ནས་གང་མགྱོགས་ངང་ནར་སོན་དུ་འཇུག་པར་འདོད་ན་རང་ཉིད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་རང་དམན་ལས་རྣམ་པར་རྒྱལ་དགོས།

དྲིན་ཅན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །

     ད་སྐབས་དུས་རབས་ཉེར་གཅིག་གི་དུས་འདིར་གྲུབ་མཐས་བར་གྱི་རྩོད་པ་དང་ཆོས་སྐྱོང་སྲུང་མའི་བར་གྱི་རྩོད་པ། འདི་ནི་ཅི་འདྲའི་ཡིད་སྐྱོ་བ་ཞིག སྤྱིར་དམ་པ་ཁག་གི་གསུང་ལ་མ་མཉན་ན། ང་ལྟ་བུ་ཞིག་གི་བསམ་ཚུལ་ལ་སུ་ཡིས་ཉན། ཡིན་ཡང་སོ་སོའི་བསམ་ཚུལ་ཞིག་བརྗོད་ཆོག་རྒྱུ་རེད། ང་ཚོ་བོད་མི་རིགས་ཀྱི་ཆེ་གྱོང་གུད་ཆེས་ཆེ་བ་ནི་མཐུན་སྒྲིལ་མེད་པ་འདི་རེད་འདུག དེ་ཡང་པཎ་ཆེན་རིན་པོ་ཆེས། ཁོང་ཚོ་སྐྲག་ས་ནི། ང་ཚོའི་མཐུན་སྒྲིལ་ཡིན། ཞེས་གསུངས། ང་ཚོ་བོད་མི་རྣམས་ཀྱི་མཐུན་སྒྲིལ་དང་རིག་གཞུང་ལ་ཤ་ཞེན་ཡོད་མཁན་ཞིག་ཡིན་ན། གྲུབ་མཐས་བར་གྱི་ཆགས་སྡང་གི་སྐད་ཆ་གཏན་ནས་བཤད་ཀྱི་མ་རེད། མཐུན་སྒྲིལ་དང་ཤ་ཞེན་མེད་པའི་རྐྱེན་གྱིས། མཐུན་སྒྲིལ་ལ་གཏོར་གཤིག་དང་རྙོག་འཛིང་གང་ཐུབ་བྱེད་པ་རེད། རྙིང་བཀའ་ས་དགེ་ཇོ་ནང་གཡུང་དྲུང་བོན་དང་བཅས་པའི་གྲུབ་མཐས་གང་འདྲ་ཞིག་ཡིན་ཡང་། རང་རང་སོ་སོ་འགྲུབ་མཐས་གང་གི་རྗེས་སུ་འཇུག་པ་ཡིན་ན་དེའི་རྗེས་སུ་ཞུགས་ནས་སྤྱིར་བོད་མི་རིགས་ཐམས་ཅད་མཐུན་སྒྲིལ་གང་ཐུབ་དང་ཡང་སྒོས་སོ་སོའི་གྲུབ་མཐས་ལ་དམ་འཛིན་མཛད་ན་ཡག་པོ་མ་རེད་དམ། ང་ལྟ་བུ་ལ་མཚོན་ན་དགེ་ལྡན་པའི་ཨ་ནེ་གཅིག་རེད། ངའི་ཆོས་སྐྱོང་གཙོ་བོ་ནི་རྡོ་རྗེ་ཤུགས་ལྡན་རེད། རེད་དེ་ངས་བསམ་ཚུལ་ལ་ང་ཚོར་དེའི་སྐོར་ལ་རྩོད་པ་གང་ཡང་མི་འདུག རྒྱུ་མཚན། ངས་ཤུགས་ལྡན་བསྟེན་ཡང་ཤུགས་ལྡན་མི་བསྟེན་མཁན་ས་དགེ་བཀའ་རྙིང་རིས་སུ་མ་མཆིས་པ་ལ་མི་དགའ་བ་དང་ཆགས་སྡང་གང་ཡང་བྱེད་མ་མྱོང་ལ། ཁྱེད་རྣམ་པ་བསྟེན་དང་མི་བསྟེན་ང་དེ་ལ་ཐེ་གཏོགས་གང་ཡང་མེད། ཤུགས་ལྡན་བསྟེན་མི་བསྟེན་མཁན་ཐམས་ཅད་ལ་ལྟ་ཚུལ་གཅིག་པ་ཡིན། དྲྭ་ལམ་ནང་དུ་མི་མང་པོ་ཞིག་གིས་ང་ལ་ཁྱོད་ཤུགས་ལྡན་བསྟེན་རེད་དམ་ཞེས་འདྲི་མྱོང་ཡོད། ངས་བསྟེན་ཡིན་བཤད་ཡིན། ཁོང་ཚོས་ང་ལ་དེས་ན་ཁྱོད་སྤྱན་རས་གཟིགས་ལ་དད་པ་ཡོད་མ་རེད་བ་ཟེར། ངས་ལགས་སོ། །ང་ལ་རྩ་བའི་བླ་མ་གཙོས་ཆོས་འབྲེལ་ཡོད་པའི་བླ་མ་བཅུ་ལྷག་ཅིག་ཡོད། ཁོང་རྣམ་པ་མ་གཏོགས་ང་ལ་སྐྱབས་བཅོལ་ས་གཞན་གང་ཡང་མེད་ཟེར་ཡིན། སྤྱིར་འཛམ་བུའི་གླིང་ལ་བླ་མ་མང་པོ་ཡོད་རེད། དེ་ཐམས་ཅད་ལ་དད་པ་བཞག་ན་ཡག་པོ་རེད། ཡིན་ཡང་གཙོ་བོར་རང་གི་རྩ་བའི་བླ་མ་དང་ཆོས་འབྲེལ་དངོས་ཐོབ་ཀྱི་བླ་མ་དགེ་བའི་བཤེས་གཉེན་དེ་ཚོ་ལ་དད་པ་མེད་པར་གང་ཞིག་ལ་ཁྲི་མཐོན་པོའི་ཁ་ལ་བཞུགས་པའི་བླ་མ་དེ་ཚོ་ལ་དད་པ་ཡོད་མདོག་བྱེད་པ་དེ་རྫུན་གཏམ་མ་ཟད་སངས་རྒྱས་ཀྱི་གསུང་དང་ཡང་མི་མཐུན་པ་མ་རེད་དམ། ཡིན་ཡང་ཆོས་འབྲེལ་མེད་ཀྱང་ཁོང་རྣམས་ཀྱི་གསུང་རྩོམ་སོགས་ཀྱི་ངོས་ཀ་ནས་དད་པ་དང་གསུང་ཆོས་དག་བདག་ཅག་གི་སྟོན་པའི་གསུང་དང་མཐུན་ན་རང་གིས་རྗེས་སུ་ཡི་རང་དང་ཡོན་ཏན་ཅན་ལ་དད་པ་ཅི་ལ་མེད་ཟེར་བ་དཔེ་ལྟར་དད་པ་ཡོད་ཆོག་རྒྱུ་རེད། ཤུགས་ལྡན་བསྟེན་མིན་ལ་འབྲེལ་བ་མེད། གང་ཡིན་ཟེར་ན། ཤུགས་ལྡན་བསྟེན་མི་བསྟེན་མཁན་ཐམས་ཅད་ནང་དུ་སྐྱེས་ཆེན་དམ་པ་མང་པོ་བཞུགས་ཡོད་རེད། ཤུགས་ལྡན་མི་བསྟེན་མཁན་ཡིན་ན་ཤུགས་ལྡན་བསྟེན་དགོས་རེད་བཤད་མ་མྱོང་ལ་བསྟེན་དགོས་པའི་རྒྱུ་མཚན་ཡང་ཅི་ཡོད། ཁོང་ཚོར་རང་རང་གི་ཐུན་མོང་མ་ཡིན་པའི་ཆོས་སྐྱོང་སྲུང་མ་ཡོད་རེད། བསྟེན་མཁན་ང་ཚོས་ཀྱང་དེ་ལ་ཕྲག་དོག་ཅི་ལ་བྱེད། ཁོང་ཚོས་ཤུགས་ལྡན་མ་བསྟེན་ན་ང་ཚོ་ལ་གྱོང་ཁ་ཡོད་མ་རེད་ལ་གནོད་པ་ཡང་མེད། གང་ལྟར་གྲུབ་མཐས་བར་རེད་སྲུང་མའི་བསྟེན་ཕྱོགས་སྐོར་རེད་གང་ཡིན་ཡང་། ང་ཚོ་ཚང་མས་ཆགས་སྡང་སོགས་མེད་པའི་ངང་ནས་བོད་སྤྱི་ལ་མཐུན་སྒྲིལ་དང་རྒྱལ་ཁབ་དང་རྒྱལ་ཁབ་བར། ཁྱིམ་མའི་དང་ཁྱིམ་མའི་བར། ཡུལ་ལུང་དང་ཡུལ་ལུང་བར་སོགས་མཐུན་སྒྲིལ་ཡག་པོ་ཡོད་སོང་ན། དགེ་ལུགས་པ་གཉིས། བཀའ་རྒྱུད་པ་གཉིས། ས་སྐྱ་པ་གཉིས། རྙིང་མ་པ་གཉིས་ཟེར་བ་སོགས་གང་ཡང་ཡོད་རྒྱུ་མ་རེད་སྙམ། ང་ཚོ་བོད་མི་ཚོས་ནང་གི་ནང་ནས་མཐུན་སྒྲིལ་ལ་གཏོར་བཤིག་བཏང་ནས་དགེ་ལུགས་པ་གཉིས་རྙིང་མ་པ་གཉིས་སོགས་བོད་མི་ཚོས་རང་རང་གིས་བཟོས་འདུག་ལ། ད་ལྟ་ཡང་བཟོ་དང་བཟོ་བཞིན་པ་རེད། གང་ལྟར་རྒྱལ་ཕྱི་ནང་ཀུན་ལ་བཞུགས་པའི་བོད་རིགས་སྤུན་ཟླ་ཡོངས་ཀྱིས་ང་ཚོ་ཁྱེད་ཚོ་མེད་པར་མཐུན་སྒྲིལ་ཡག་པོ་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ།
   

འཇམ་དབྱངས་ཆོས་སྒྲོན་གྱིས།


发布     👍 0 举报 写留言 🖊   
✋热门推荐
  • ƪ(˘⌣˘)ʃ优雅 最近在整摇摇乐和吧唧还有飞机盒 等做完了po图给你们看[春游家族]飞机盒还找人设计了logo 还弄了小贴纸 我本来只想小定个20个 但我怕2
  • 【特别的礼物】若想为韩国之旅准备一份特别的纪念礼物,不妨前往以下这些值得一去的木工艺品专卖店来挑选自己心仪的商品。[来][挤眼][吃瓜]全网内部优惠券搜索: 清
  • “银行一直给我打电话让我贷款,我们哪敢贷款啊”“我们做培训的,周六周日没有休息,不能陪自己的孩子,都在教别人的孩子,从没有参加过一场婚礼”。但是这么一直封下去,
  • 我真的会谢[doge]关注小阮很多年了,他就是一个非常惨容易心软但是有能力还较真的人,以至于我这种很惨的人跟他一比还能生出一种老天要我渡劫却网开一面的错觉。挂了
  • 10多分钟后,老人意识逐渐苏醒,在周围群众的齐心帮助下慢慢坐了起来,120救护车赶到现场将老人接走。饶剑下水救人的举动,让周围群众竖起了大拇指,现场视频显示,大
  • 单点的企业有“高峰”成群的企业有“高原”战略性新兴产业集群方面,山东也走在全国前列。去年走红网络的“宇宙中心曹县”175万人口,35万从事电商业务,作为全国第二
  • 翻出几年前在浙江大学听战略课时拍的老图,倒想起一个真实的段子。在上个世纪的前半个世纪,英国有个专门的情报机构负责预测当年会不会爆发战争,在漫长的近五十年的时光里
  • 向往的生活开播咯,又到了张艺兴黑子们跳脚的时候。一群群five只会重复来去那几句话。“带领华语音乐走向世界”和愿意为舞台付出生命到底有什么可嘲的我真的是一直搞不
  • 1.小巴哥不喜欢巴哥的生活 但是鼻腔太短了 她没办法做其他的事情 小巴哥从小就知道这一点 所以一直很乖很乖身边所有人都告诉她 你是因为鼻腔太短了 所以不能跑步出
  • 参与赛事竞猜,完成免费任务即可获得竞猜币,SWITCH、iPAD众多奖励等待赛事神算子带走~同时,锁定刘公子、曦帅直播间为赛事助威即可参与千元赛事助力金~[星星
  • #吉安生活#【停电通知】新干县供电公司停电公告:05月16日06:30至18:30,因10KV城中线架线及更换新城II线、新沂线D01开关,10KV 926城中
  • (佛山发布) ​​​【#佛山首个雅思机考考点来了# !该考点可提供雅思考试(IELTS)和用于英国签证及移民的雅思考试(IELTS for UKVI)两种机考服
  •   今天还有不少地方用手搓捏来增强面的凝聚力,山西一般管这种面食叫圪托,陕西叫麻食,北京叫猫耳朵,意大利也有类似的面食,而且这种做法被认为是最早的意面制作法。 
  • 几个年纪相仿的年轻人聚在一起做着自己喜欢的事情这就是青春啊[苦涩]最爱大家一起给“龙猫车车”画上可爱的外衣这一part了,每个人都有自己独特的风格,新奇的脑洞,
  • #Procreate[超话]##小八iPad插画课堂[超话]# 近期拿到了花瓣网认证设计师和涂鸦王国认证插画师(•͈ᴗ•͈ૢૢ)❊⿻*加上之前申请的视觉中国和深
  • 原创雕像/模型知名IP正版授权顶尖GK大神创作分享会新品发布会......让我们一起领略中国原创力的魅力更多活动详情,留意PO PARK东方宝泰vx-⏰展览时间
  • 每个人的五行气场、人格还有命格是截然不同的,长期生活在一起的两个人双方的气场会相互发生作用,那么最终的结果是利还是弊显得尤为重要,所以八字配对合婚是科学的,而且
  • ️今晚0点——护肤 专区 今晚0点手搜【我说一个数】抽取超级荭包,一次可以领2个最高可中1111大洋 ❗ ​​​​ 艾珂薇 n4舒缓修护水分霜50ml 【10
  • [抓狂]君有云 好像是少年歌行的前前传,目前的剧情看来比少年歌行更对我胃口,只要你不搞什么天启四守护就行![吃瓜]忘了第一季是啥样了,反正第二季打斗满拉胯的,人
  • 附图2为转会市场网站上的排名,以总身价为顺序,沃金把诺茨郡、巴内特、格林姆斯比等豪强都压在后面显然太扯了,而像Yeovil Town只有2个身价10万镑的球员更