​ ཐེག་ཆེན་བྱང་ཆུབ་སེམས་དཔའི་ཉམས་ལེན་སྐོར།
关于大乘菩萨的修行

གཉིས་པ། བཀའ་གདམས་གོང་མ་རྣམས་ཀྱི་གསུང་རྒྱུན།

བཀའ་གདམས་གོང་མ་རྣམས་ཀྱི་གསུང་རྒྱུན་བློ་ལ་འཆར་བདེ་བ་ནི། མར་ཤེས་པ། དྲིན་དྲན་པ། དྲིན་ལན་བཟོ་འདོད། ཡིད་འོང་གི་བྱམས་པ། བརྩེ་བའི་སྙིང་རྗེ། ལྷག་བསམ་རྣམ་དག རང་འབྲས་བླ་མེད་བྱང་ཆུབ་ལ་དམིགས་པ་དེ་རྣམ་པ་བདུན་གྱི་སྒོ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དེ་གསུངས་པ་ཡིན།

2 噶当祖师的传承教言

在历代噶当传承祖师的教言中,对修持菩提心有极为方便的七种窍诀法,称为因果七诀,即:知母、念母、报恩心、慈心、悲心、增上意乐、缘无上菩提果。要以此七要诀来发菩提心。

གངས་ཅན་པ
གང་ལ་ཆས་འདོད་ཡོད་གང་ནས་འདུག་འདོད་ཡོད་
གངས་རི་མཐོན་པོ་འདི་
འཁོར་བའི་ཐང་ཆེན་ན་དྲང་ངེར་འགྱིངས་བའི་ཁྱོད་ཀྱི་རྒྱབ་རི་ཡིན་
འདི་དང་བྲལ་ན
ཁྱོད་ནི་རྒྱབ་རྩ་མེད་པའི་མི་ལྡོམ་ཞིག་ཡིན་སྲིད་

ཀུན་གྱི་རྩ་རབ་བྱུང་གྲྭ་པ་ཡིན།

རྩོམ་འབྲི་བ།

རེ་བའི་མིག་ཅན།


ཐུབ་པའི་དབང་པོས་རྒྱ་གར་ཡུལ་ཙམ་ལ། །
ཆོས་ཀྱི་འཁོར་ལོ་བསྐོར་ཡང་ཕྱོགས་ཀྱི་མཐར། །
འཚེ་མེད་ཞི་བའི་བསྟན་པས་ཁྱབ་པར་འདི། །
དགེ་སྦྱོང་མགོ་རིལ་དག་གི་སྐུ་དྲིན་ཡིན། །

རྒྱན་དྲུག་མཆོག་གཉིས་རྨད་བྱུང་སློབ་དཔོན་དང་། ། 
ས་ར་ཧ་སོགས་མཁས་གྲུབ་སྐྱེས་བུ་ཡི། །
གསུང་རབ་བདུད་རྩི་སྐྱོང་ཞིང་སྤེལ་བ་པོ། །
བློ་གསལ་གྲྭ་པ་དག་ལས་གཞན་མ་མཐོང་། །

བསླབ་གསུམ་ནོར་བུའི་དགའ་ཚལ་ཁོད་ཡངས་ཤིང་། །
མདོ་སྔགས་གསེར་གྱི་མེ་ཏོག་མདངས་མཛེས་པ། །
རྒྱལ་བསྟན་དར་ཞིང་རྒྱས་པའི་གཉེན་གཅིག་པུ། །
དགེ་འདུན་བཙུན་པའི་སྡེ་རྣམས་བཀའ་དྲིན་ཆེ། །

ངོ་ཆེན་དཔོན་པོའི་ཐུགས་དང་འགལ་ཡང་རུང་། །
ཤེས་མེད་མི་ཚོའི་མིག་ཏུ་མ་མཛའ་རུང་། ། 
རྒྱལ་བསྟན་དར་ལྕེ་དགུང་ལ་འཕྱར་བ་པོ། །
གྲྭ་རྐྱང་དཀྱུས་མ་ཚོ་ལས་གཞན་མ་མཐོང་། །

སྐྱ་ཆད་སྔོ་སྡུག་འཚོ་བ་རོལ་ཡང་བླ། །
ཁ་ཟས་རྒྱབ་གོས་གཞན་ནས་བསླངས་ཀྱང་རུང་། །
རྨད་བྱུང་འདུལ་བའི་བསྟན་པ་མ་ཉམས་པར། །
འཇིན་རྟེན་འདི་རུ་གནས་པ་གྲྭ་པའི་དྲིན། །

རྣམ་འདྲེན་ཐུབ་པའི་ལུང་བསྟན་མ་བབས་ཤིང་། །
སྐུ་སྐྱེའི་ཁྲི་འཕང་རྡོག་པས་མ་གནོན་ཡང་། །
བརྒྱད་ཁྲི་བཞི་སྟོང་བསྟན་པའི་རྩ་ལག་ཆེ། །
ནུབ་མེད་ས་མཐོར་ཁྱབ་པ་གྲྭ་པའི་དྲིན། །

ལྷ་སྐུ་རྟེན་གསུམ་བསྟན་པའི་སྲོག་ཤིང་མིན། །
འདུ་ཁང་གྲུ་བཞི་བསྟན་པའི་ལྕགས་རི་མིན། །
དཔལ་འབྱོར་བསྡུ་རུབ་བསྟན་པའི་འགན་འཁྲི་མིན། །
དཀོར་ཁ་གྲོང་ཆོག་བསྟན་པའི་ལས་ཀ་མིན། །

གྲྭ་པ་ཡོད་ན་འདུལ་བའི་བསྟན་པ་ཡོད། །
གྲྭ་པ་ཡོད་ན་ལུང་རྟོགས་འཆད་ཉན་ཡོད། །
གྲྭ་པ་ཡོད་ན་སྤོང་བ་བསམ་གཏན་ཡོད། །
གྲྭ་པ་ཡོད་ན་བསྟན་ལ་རེ་བ་ཡོད། །

གྲྭ་པ་ཡོད་ན་སྐད་དང་ཡི་གེ་ཡོད། །
གྲྭ་པ་ཡོད་ན་ཐུན་མོང་རིག་གནས་ཡོད། །
གྲྭ་པ་ཡོད་ན་མདོ་སྔགས་གཞུང་ཆེན་ཡོད། །
གྲྭ་པ་ཡོད་ན་ཆོས་སྲིད་གཉིས་ཀ་ཡོད། །

གྲྭ་པ་མེད་ན་བཀའ་དང་བསྟན་བཅོས་མེད། །
གྲྭ་པ་མེད་ན་ཕན་བདེའི་རྩ་བ་ཉམས། །
གྲྭ་པ་མེད་ན་བསྟན་པའི་རྒྱུན་མི་གནས། །
གྲྭ་པ་མེད་ན་བོད་ཀྱི་རིག་གནས་སྟོང་། །

སྡོམ་མེད་བཙུན་པའི་གཟུཊ་ཅན་དགོན་བདག་འགའ། །
སྐུ་ཚེ་བརྟན་ཕྱིར་ངལ་བ་བྱས་པ་ལས། །
ཐོས་བརྩོན་སྡེ་སྣོད་འཛིན་པའི་གྲྭ་པ་ཚོ། །
བརྟན་བཞུགས་རིམ་གྲོ་བྱས་ན་ཅིའི་མི་ལེགས། །

དགོན་གྱི་དཔལ་འབྱོར་ཅུང་ཙམ་མཆིས་པ་དག ། 
མ་དགོས་ས་རྡོ་བརྩེག་ལ་མི་གཏོང་པར། །
ཁ་ཡོད་ལག་ཡོད་རབ་བྱུང་བཙུན་པའི་ཞལ། །
ཅི་ཐེབས་གང་ཐེབས་བྱས་ན་མི་ལེགས་སམ། །

ཀ་རིང་མང་བའི་འདུ་ཁང་ཡོད་པ་ལས། །
ཁ་ཉུང་དོན་ལྡན་གྲྭ་པ་ཡོད་ན་དགའ། །
ག་ས་གང་དུ་ཚོང་འབྲེལ་འཛུགས་པ་བས། །
ང་ཅག་གྲྭ་པ་ཡོད་ན་དེ་ཡིས་ཆོག །

ཅ་ནེའི་ཆེད་དུ་བྲེལ་ན་མི་མཛེས་མོད། །
ཆ་ལུགས་མཛེས་པའི་དགེ་འདུན་འཚོ་བའི་ཆེད། །
ཇ་བཟང་དལ་གྱིས་བཞེས་ལོང་མི་ཡོང་བའི། །
ཉ་པ་རྒས་པོ་འདྲ་བའི་བསྟན་འཛིན་མཁོ། །

ཏ་ཐ་ག་ཏའི་བསྟན་པའི་ཡང་རྩེ་ནས། །
ཐ་ན་འདུལ་བའི་གནང་བཀག་ཕྲན་ཚེགས་བར། །
ད་ལྟ་འཇིག་རྟེན་འདི་ནས་མ་ནུབ་པར། །
ན་ནིང་ད་ལོར་འཛིན་མཁན་གྲྭ་པ་རེད། །

པ་སངས་ལྟ་བུ་ན་ནོག་མ་གོས་པའི། །
ཕ་ཆོས་དཀར་པོ་མི་ནུབ་སྲིད་པའི་མཐོངས། །
བ་དན་རྩེ་མོ་སྙེན་པའི་དཔུང་གདང་ཅན། །
མ་བཟང་གྲྭ་པ་འདི་ཚོ་སྟོབས་རེ་ཆེ། །

ཙ་རིའི་སྨྱུག་མ་ཇི་བཞིན་ཐུགས་གཤིས་དང་། །
ཚ་གྲང་དཀའ་བར་བཟོད་པའི་བརྩོན་འགྲུས་ཀྱིས། །
ཛ་ཡའི་བསྟན་པ་སྲུང་བའི་རབ་བྱུང་བ། །
ཝ་ལེར་ཡིད་ལ་དྲན་ཚེ་འཛུམ་དཀར་རྒོད། །

ཞ་ཐུལ་ནང་དུ་སྐྱིད་ཉལ་བྱེད་བཞིན་དུ། །
ཟ་རྒྱུ་འཐུང་རྒྱུ་ཙམ་ཞིག་མ་བརྔམས་པར། །
འ་འུར་ལུང་རྟོགས་འཆད་ཉན་བྱེད་པ་འདིས། །
ཡ་མཚན་དངོས་པོ་ནང་གི་དངོས་པོ་ཡིན། །

ར་བ་གངས་ཀྱིས་སྐོར་བའི་ས་མཐོའི་ལྗོངས། །
ལ་ལུང་ཀུན་ཏུ་ཆོས་སྲིད་ཉི་ཟླའི་དཔལ། །
ཤ་ཟན་གདོང་དམར་བོད་དུ་འཆར་བ་འདི། །
ས་ཡི་ཡོན་ཏན་ཙམ་གྱིས་གྲུབ་པ་མིན། །

ཧ་ལམ་གཏམ་འདི་བདེན་པའི་མཚན་གཞི་ཡིན། །
ཨ་མཚར་ཀུ་རེ་བྱེད་པའི་དོན་མ་མཆིས། །
ཧ་ཅང་གཟབ་ནན་ངང་ནས་མ་བྲིས་པས། །
ཨ་རོགས་ཚིག་འདི་སྙན་ཆ་མེད་ན་ཐང་། །

དེ་ལྟར་ཤེས་ན་བསྟན་པའི་བདག་པོ་ཚོ། །
སྐུ་མཁྱེན་ཞལ་དྲོ་གྲྭ་ཆུང་དཀྱུས་མ་ཚོ། །
སྤང་ཀློག་བྱ་བ་བརྩོན་སའི་ཁོར་ཡུག་ཅིག །
ཅིས་ཀྱང་བསྐྲུན་པའི་འོས་འགན་བཞེས་རོཊ་གནོངས། །

ཞ་ཐུལ་ནི། གྲྭ་པའི་ན་བཟའ་ཟླ་གམ་གྱི་མིང་།



2023/4/29


发布     👍 0 举报 写留言 🖊   
✋热门推荐
  • )沁园春、俄乌开战第九天(步苏轼〈孤馆灯青〉韵)北约东欧,鏖战俄乌,雪春正寒。“五三旅”即乌克兰纳碎军旅。
  • 突然听说超市要被搬空了我一个箭步就下楼我靠我在路上我都怕到时候货架上只有老坛酸菜和双汇...其实我都不知道买什么了!还好 本人多少带了点bt的属性在身上 尾随少
  • ”很多人钻牛角尖,说刘备没有权利晋升关羽的爵位,也不可能封自己手下为乡侯,没有爵位的人也不可能有谥号,事实上在三足鼎立时期,汉朝的规矩就是一纸空文,刘备当汉中王
  • 你是一位生活在2130年的天才艺术家,充分发挥你的太空工作室的作用吧。从中可以看出作为一朝天子的宋徽宗赵佶对于画院画师写生事物的要求近乎严苛,同时本人的观察能力
  • (抱歉但婉拒巽露激推[星星2020下线]空间刚刚二三次分开所以啥也没有[跪了]想看大家绝美cp和快乐吐槽[憧憬][星星2020下线]氪金大于吃谷,谷子喜欢毛绒[
  • 太原早秋 唐 李白 岁落众芳歇,时当大火流。 霜威出塞早,云色渡河秋。 梦绕边城月,心飞故国楼。 思归若汾水,无日不悠悠。 作者生平 李白(701年-
  • ◆工信部会同发改委、市场监管总局于3月16日、3月17日组织召开锂行业运行座谈会,会议要求,产业链上下游企业要加强供需对接,协力形成长期、稳定的战略协作关系,共
  • 若说没奇缘,今生偏又遇著他;若说有奇缘,如何心事终虚话? #永远是个兵# 古诗词鉴赏#日行一善[超话]##阳光信用##正能量#三月的风正吹向春天,清河的水在渐渐
  • 他是我遇见过最好的 也是把所有最好的给我的男孩 他的喜怒哀乐都在与我 而我也是 我爱拍照 可以为了我在网上买摄影书 只为了不想我给别人拍我爱吃辣的他吃不了也可
  • 因为刚学pr没多久,就因为在小破站刷到了个小赵和吴磊的换装,爱上了,所以想学,于是扒着人家视频一帧一帧看,剪了一个星期也就剪出来了个这,尽力了,熬不起了,不继续
  • 我在等一束雏菊……特别特别好看的雏菊为我保存18岁的甜 #东莞身边事# 【数千学生“摇”到初中学位】 昨日,2019年东莞市莞城小学毕业生升初中电脑派位确定了2
  • ”山东一大型造纸企业相关负责人告诉证券时报·e公司记者,“去年下半年,能源价格上涨、疫情因素、海运受阻等多重因素推动了原材料价格持续上涨,尤其是近期纸浆震荡上行
  • 带话题#RealD月球陨落#转评赞本条微博告诉Real君,如果平行宇宙的明天末日来临,你想做的最后一件事是?你曾自豪地说自行车和头盔都是你最心爱的东西,怎么舍得
  • 爱你#肖战[超话]##肖战平安喜乐# 也许有一天你老的不能唱也走不动我也将为你献上最真挚的笑容让我为你再将双手舞动我会知道你在哪个角落看人生匆匆愿我们同享光荣愿
  • “我想对江歌和江歌母亲而言,得到法院判决的支持和肯定比金钱赔偿更有意义,这样的判决起到了为江歌及母亲去污名化的作用,同时弘扬了法治精神。判决书不仅对刘暖曦不作为
  • #惠州流浪猫狗救助#2022.2.8号在下埔惠州市口腔医院那天桥遇到这只疑似被遗弃的狗狗,已经带到医院检查没多大问题,他很乖很粘人,教它动作很快学会。麦芽口腔将
  • ​近期碎碎念昨晚和大家一起吃了算是本学期最后一顿饭顺便过了生日之后再想聚全应该就比较难了玩的太放肆的后果就是今早睡醒发现妈妈送的项链断了[悲伤][悲伤]感觉这
  • 尽管治疗进展缓慢、照护细节繁多,尽管小君泳经历了迟发性胆漏、耐药菌感染、胃肠道功能障碍以及消化道出血等造成的顽固性肠道胀气……但是小君泳经过精细化的循环管理、呼
  • 皆川明和mina perhonen 同步发布了盛冈工艺展会的招募讯息,他说:“北陆盛冈的工艺展会将于今年秋季 10 月开始。#工艺展讯# 【20220322】『
  • ”——无良赌坊大掌柜曾艳芬七月一十四日十六时——七月一十六日十七时青龙会总瓢把子陆婷VS银钩赌坊大掌柜曾艳芬【参战台】:#KBShinya# ——『每日推歌✨』