ཕ་ཡུལ་ནམ་མཁའ་འདི་ནི་སྔོ་ཞིང་དངས།།
ཕྱོགས་སུ་བཀྱེ་བའི་ཉི་ཟེར་དྲོ་འཇམ་ལྡན།།
འདི་ཡང་ཚོར་བའི་སྣང་བས་གྲུབ་པ་ཏེ།།
ཕ་མའི་བཞུག་གཞིས་ཡིན་པའི་རྐྱེན་ལས་སོ།།

དབྱངས་ཀྱི་རོལ་མོ།

ལོ་ཟླ་གསར་རྙིང་བར་གྱི་བསམ་པ།

དཔྱད་འཚོལ་བ། #དཔྱད་འཚོལ་བའི་རྩོམ་རིག#
འདས་པའི་ལོ་ངོ་དག་ལ་ཕྱིར་དྲན་རེར་བྱས་ན། 
ཅི་འདྲ་མགྱོགས་པོ་ཞིག 
དངོས་གནས་ཐུང་ཐུང་རེད། 
རྨི་ལམ་རྨིས་ཐེངས་གཅིག མིག་བཙུམས་ཐེངས་གཅིག་ལ། 
ལོ་ངོ་ཉི་ཤུ་ལྷག་ལ་འཁོར་ནས། 
གཞོན་པའི་རི་རྐེད་ཀྱི་གནས་ལ་བསླེབས། 

འདས་པའི་དོན་དག་ཀུན་ལ་ཕྱིར་དྲན་རེར་བྱས་ན། 
དགའ་སྐྱོ་འདྲེས་མ་ཞིག
ཕལ་བའི་མི་ཚེ་རེད། 
ཐེངས་རེར་དགའ་སྐྱིད་ལྡན། ཐེངས་རེར་མནར་སྡུག་ངང་། 
ལོ་ངོ་ཉི་ཤུ་ལྷག་ལ་འཁོར་ནས། 
གཞོན་པའི་རི་རྐེད་ཀྱི་གནས་ལ་བསླེབས། 

ཕྱིས་འབྱུང་དུས་ཚོད་ཡོངས་ལ་བསམ་གཞིག་རེར་བྱས་ན། 
སྟོང་ཆའི་རྨི་ལམ་ཞིག
དངོས་གནས་ཐ་མ་རེད། 
ཡང་ན་སྐྱིད་པའི་དོན་ཞིག་འབྱུང་། ཡང་ན་སྐྱོ་བའི་དུས་ཤིག་ཚེས། 
གང་ཡང་མི་རྟོགས་མི་ཤེས་ངང་ནས།
ལོ་ཟླའི་བར་གསེང་ནས་སྐྱོད་བཞིན་ཡོད། 

མདོར་ན་སྔོན་གྱི་ལོ་ཟླར་ཕྱིར་མིག་རེེར་འཕེན་ནས། 
དྲོད་བརླན་འདྲེས་མའི་ངང་། 
ཕ་རོལ་ཕྱོགས་སུ་སྐྱེལ། 
དགའ་ཞིང་སྐྱིད་པའི་ལོ་ཟླ་ཞིག སྡུག་མུན་སངས་པའི་ལོ་ཟླ་ཞིག  
ཡོང་བའི་སྨོན་ཚིག་ཁྲི་འབུམ་ཁྲོད་ནས། 
ལོ་ཟླ་གསར་བ་དེ་ཕེབས་བསུ་བྱེད། 

2024/1/6

ཐོས་བསྒོམ།

རིག་པའི་མེ་ལྕེ་དམར་པོ་གློག་ལས་མྱུར། །
ཤེས་རབ་སྦྲང་རྩི་ཐོས་པ་མཚོ་ལྟར་འཁྱིལ།།
བསམ་པའི་ལས་རླུང་བག་ཆགས་རླུང་ལས་མྱུར།།
བསྒོམ་པ་ཡུན་རིང་བརྩོན་པ་ས་གཞི་བརྟན།།

དགེ་བའོ་སེམས་བསྐྱེད་བཟང་པོ་ཞིང་ས་ལ།།
ཚོགས་བསགས་འདོན་སྒོམ་བསྐྱེད་རྫོགས་འབྲས་བུ་བཏབས།།
རང་གི་བརྩོན་འགྲུས་བཟང་པོ་ཆུ་ལུད་གཏོང་།།
དགེ་བསྔོ་འབྲས་བུ་ལོ་ཏོག་འཁྲུང་བ་ངེས།།

མང་པོ་བཤད་རྩོམ་ཁོག་ལ་ཆུད་པར་དཀའ།།
དུས་མཐའ་མི་ལ་ཚིག་ཉུང་དོན་འདུས་པ།།
སྐད་འཕྲིན་དྲྭ་བའི་ལམ་ནས་ལམ་བསྟན་ན།།
ལག་ཏུ་ནོར་བུ་བཟང་པོ་ཐོབ་པར་ངེས། ། https://t.cn/R2WxesE


发布     👍 0 举报 写留言 🖊   
✋热门推荐
  • 治失眠、更年期的千年古方:甘麦大枣汤[good][good][good] 一千八百多年前,医圣张仲景写下了一张千古名方:甘麦大枣汤。仅仅只有三味——甘草、小麦、
  • 在全民关注北京冬奥会期间,《冰球少年》的热播无疑是进一步加深了冰雪氛围。与此同时,相信剧中燃情逐梦、拼搏奋斗的冰雪精神,也必将进一步点燃全民冰雪热情,让更多年轻
  • 昨晚上梦到李易峰了,他搂着我我靠在他肩膀上,昂我好幸福啊啊啊[害羞][害羞][害羞],总之梦里的幸福感超级强烈,比梦到男朋友来娶我还激动哈哈 我拿手机自拍可是
  • 比起“对钱不感兴趣”的马云、把“赚一个亿”当做小目标的王健林,今天咱要说的这位大佬倒是企业家里的一股“泥石流”,他的“财富密码”,潘石屹听了都得来取经。 10
  • 于是,编剧小张爆肝五章日更一万达成![打call] ———————————————————————————— “雪儿,在吗?” “雪儿,说句话。” “雪
  • ෆ͙⃛ ➖➖➖➖➖➖➖ ෆ͙⃛ ㊗ 祈祷一切顺利,好事多多 ෆ͙⃛ ➖➖➖➖➖➖➖ ෆ͙⃛希望接下来的日子雨过天晴,水逆退散,一切顺利笑靥如花,平安喜乐,万事胜
  • #拼多多恶心用户大赏# 1.19(腊月17)买的,1.21(腊月19)收到货。 2.7(正月初七)说拉链爆开,要退货,当时没同意,因为时间太久了(收到货已经
  • 世间不如意是常有之事,太阳不会因为你的失意,明天不再升起;生命的时钟不停地分割着生命的每一寸光阴,几十年就这样匆匆过去了。回首人生路,在人生的旅途中有阳光也有风
  • 万代 S.H.F/Figuarts mini系列 商品化 全世界注目のアクションRPG『ELDEN RING』より、S.H.FiguartsとFiguart
  • #旅行##长沙##湖南师范大学# 到现在还记得,10年的九月份那个空气中到处弥漫着桂花香气的时节,我拖着行李坐着立珊专线,到了二里半下车。这是一个坐落在岳麓山脚
  • 股市里面有一个常见误区,就是很多人喜欢把自己的运气当成能力,因为市场先生它非常的坏,时不时就来一波行情; 让很多散户靠自己的运气也能赚一点,于是他们就觉得自己
  • (周运)佩妮每周星座运势2.28-3.6
  • 亲爱的小赞,网易波先生,从2019年到2022年,这是我磕药的第四年。 很意外我会以这种方式出现在大众的视野中。我对你俩的火苗一眼看穿,而你俩对万千龟女也爱意满
  • #剪映[超话]##剪映,轻而易剪# [太开心]#用剪映出大片# [太开心] 【手机剪映如何高斯模糊动态水印】 导入你想模糊的视频→复制改视频并切为画中画→特
  • 63的illamasqua腮红!这羊毛不用犹豫直接冲! 还剩好几个色号好价!我买的是干枯玫瑰色ambition。我看到很多人在冲hussy,但我觉得这款才是绝绝
  • 前两天她辞去旧工作,准备到新东家公司上班,不知道自己的事业啥时能稳定下来。 坤造:乙丑年、己卯月、己巳日、庚午时 大运:庚辰、辛巳、壬午、癸未、甲申、乙酉、
  • #世界女排新闻资讯[超话]##头号博主说##体育##意大利女排联赛#2021-2022赛季意大利女排联赛第十八轮,贝加莫2-3卡萨尔马焦雷(25-23 25-2
  • 怎么有人都觉得这是张先生? 张先生的书很干净,不会在上做笔记, 张先生张先生很少这类带帽的卫衣,胸部大点的女生应该有同感, 张先生不爱记名字,那些外国片主角名字
  • #刘些宁港风泳池plog# [心]#刘些宁射箭好美# 【宁萌互粉楼】 互粉交友扩关请统一到此楼,不要在超话单独开贴。超话环境需要大家一起维护,若有单独求
  • #阳光信用[超话]##阳光信用# [哈哈]#每日一善# 忙碌是一种幸福,让我们没时间体会痛苦;奔波是一种快乐,让我们真实地感受生活;疲惫是一种享受,让我们无暇