འཚུབ་མ་སྐྱ་བོ།

​ཉི་འོད་ནང་དུ་རྡུལ་རླུང་འཚུབ་མ་འདྲེས། །
གྲིབ་མ་ཁྱ་ཁྱོག་མགོ་བོ་འདར་འདར་བྱས། །
​མེ་ཏོག་བཞད་པར་སྒུག་སས་འབྲོག་ཐང་ནས། །
རི་སྤྱང་ངུ་བའི་ཀི་ཅོ་རྣ་བར་གཟན། །

མྱ་ངམ་ཐང་ནས་རྟ་ཕོའི་བདག་པོ་བོར། །
​མིག་ཟུང་བར་ན་འཆི་མའི་འཚང་ཁ་རྒྱག །
སྨྲ་བ་མེད་པར་ངག་སྒོ་བསྡམས་ན་ཡང་། །
འཁོར་བའི་དྲེག་པས་ལྷིང་འཇགས་རབ་ཏུ་དཀྲུགས ། ​

སྡུག་བསྔལ་འཚང་བའི་འཁོར་བའི་གཅེར་བུ་ལུས། །
​འདྲེན་བྱེད་ལམ་དུ་སྐྱོ་གར་འཆམ་པ་ན། །
​ལྟ་འདོད་མེད་པས་ཡོལ་བ་འཐེན་ན་ཡང་། །
​སེམས་ཆུང་སྐྱ་བོ་འཁྱགས་ལ་འབྱར་སོང་ཟིག །

࿑ ན་ནིང་གི་ལོ་སྟོད་དང་། ད་ལོའི་ལོ་སྨད་ལ་བཀླགས་པར་གྲུབ་པའི་དགེ་རྒན་དཔལ་མོའི་སྙན་དེབ་གཉིས་ལས་སྔ་ཤོས་དེ་ཡག་སྣང་དཔེ་མེད་འདྲ་སྐྱེས་བྱུང་། སྤྱིར་བཏང་ཁོ་བོ་བོད་ཀྱི་བུད་མེད་རྩོམ་འབྲི་བ་དག་ལས་དགའ་ཤོས་ཀྱི་རྩོམ་པ་པོ་ནི་འཆི་མེད་དང་། ཚེ་རིང་དབྱངས་སྐྱིད། དཔལ་མོ་བཅས་ཡིན། དཔལ་མོའི་བསྒྱུར་བཅོས་སྒོ་འབྱེད་ཚུན་གྱི་ལོ་ངོ་༤༥རིང་གི་བོད་ཀྱི་སྐྱེས་མའི་རྩོམ་རིག་གི་གནས་བབ་གླེང་བ་ཞེས་པའི་དཔྱད་རྩོམ་དེ་དངོས་གནས་ཡག་པོ་བྲིས་འདུག་སྙམ། མདོར་ན། མོ་དང་མོ་ལྟ་བུའི་བོད་ཡིག་ནམ་ཞར་འཁོལ་བཞིན་པ་ཚོའི་འདོད་པ་དོན་ལ་ཁེལ་ཞིང་། བྱ་བ་ལམ་ལྷོང་ཡོང་བར་སྨོན་ནོ། ། [咖啡]

མཁས་པ་ལ་ཚོད་མེད་པ། བཙུན་པ་ལ་དཔེ་མེད་པ། བཟང་པོ་ལ་ཡ་མེད་པ། སུ་ལའང་མི་མཛའ་བ་མེད་པ། གང་ལའང་འཁོན་པ་མེད་པ། ཕྱོགས་དང་རིས་སུ་མི་དབྱེ་བ། ང་དང་ཁྱོད་དུ་མི་རྩོད་པ། ཡོད་ཚད་ལ་ཕན་འདོགས་པ། གདའ་ཚད་གོང་དུ་བཀུར་བ། དམན་ས་འཛིན་པ། མཐོ་ས་ལ་མི་དགྱེས་པ། འགྲན་རྩོད་ལ་ཐུགས་མུག་པ། ཟང་ཟིང་སྤོང་དག་ཕོད་པ། ལྟ་བའི་གདེང་ལྡན་པ། སྤྱོད་པའི་སྐྱོན་བྲལ་བ། མཆོག་དམན་ཀུན་དང་མཐུན་པ། ཆེ་ཆུང་ཡོངས་ལ་མཛའ་བ། ལྷག་བསམ་གྱིས་མ་ཁྱབ་པ་མེད་པ། ཐུགས་རིག་གིས་མ་མཁྱེན་པ་མེད་པ། དབང་གི་བརྒྱུད་པ་ལྡན་པ། ཁྲིད་ཀྱི་མྱོང་བ་ཟབ་པ། ལུང་གི་རྒྱུན་ཐག་ཡོད་པ། འགྲོ་བ་བྱམས་ཀྱིས་སྐྱོང་བ། བསྟན་པ་དགུང་དུ་འདེགས་པ། མཐོང་བརྒྱུད་ཀྱི་ཕྱག་ལེན་མཁྱེན་པ། ཁྲལ་མཐོང་དང་ཚོད་འཇོག་གི་སྲོལ་མེད་པ། ལོ་རྒྱུས་འཆད་པ། ཆོས་འབྱུང་འབྲི་བ། སྙན་ངག་སྨྲ་བ། བརྡ་དག་འབྱོར་བ། བཟོ་གནས་ཀྱི་ཕུལ་ཕྱིན་པ། དབང་ལུང་གི་རྒྱུན་སྤེལ་བ། མྱོང་ཁྲིད་ཀྱི་གསུང་གདལ་བ། མཚན་ཉིད་རྒྱུ་ཡི་ཐེག་པའི་གནད་མཁྱེན་པ། འབྲས་བུ་སྔགས་ཀྱི་ཐེག་པའི་གསང་མཁྱེན་པ། མཐོང་ན་མི་མཐུན་པ་མེད་པ། མན་ངག་གི་ཕུང་པོ་སྤུངས་པ། ཡི་དམ་ལྷས་ཞལ་མཇལ་བ། མི་མིན་རིག་འཛིན་གྱི་འཁོར་འདུས་པ། བདག་གི་ཚེ་རབས་ཀྱི་བླ་མ། ཁྱེད་ཀྱི་སྐུ་ལ་བསྟོད། གསུང་ལ་བསླབ། ཐུགས་ཀྱི་རྗེས་སུ་བསྒྲུབ་པས། དུས་ནམ་ཡང་དགྱེས་བརྩེའི་མེལ་ཚེ་དང་། བྱིན་རླབས་ཀྱི་དབུགས་དབྱུང་སྩོལ་རོགས་སྐྱབས་གནས་དམ་པ་ལགས།

མཁན་པོ་ཐོག་ཞུན་གྱིས།


发布     👍 0 举报 写留言 🖊   
✋热门推荐
  • #火币[超话]# 清风明月本无价,近水遥山皆有情,山花烂漫香盈袖,徐徐清风吹哀愁,踏青出游亲自然,深深祝福心中留,清明节的收获还是有的(此时的心情) 比特币守
  • 朋友圈是用来记录快乐的,毕竟有爸妈在,微博就是用来吐槽的!!! BBQ虽然快乐,但是抹稍简直了,爪子被刺扎得洗个袜子都痛,手指头被破枝剪夹了痛,指甲壳剥沃柑居然
  • ㏢ ㋃ ‖ #日常[超话]# “今天终于回京啦” 曾经写过一个翻译的小tip,因为每个月份都有它的词源学典故,所以四月也是有它的寓意的。April来源于拉丁
  • 本 肖战粉丝 觉得 肖战图片 好帅! 但是比起肖战路透图,我还是觉得 肖战工作室 发的图更清晰,更适合做 肖战壁纸! 肖战主演的电视剧斗罗大陆特效好看,剧情饱满
  • #日本# #日本文化# 在日本,每家每户门口基本都挂有门牌,甚至有些人家在楼底下的信箱上也会贴上名字。邮递员、客人到门口,都会核对一下再入内。确定这样不会泄露隐
  • 2011年我读高一,在即墨佳乐家十字路口的那个爱书人书店,买了一本绿色封面的散文集,花了书背面标价的八折。之后它便一直陪伴着我整个高中生涯,但我从来没有读完过它
  • 2017年,王自健患了抑郁症,计划每天删除一个微信好友,等到全部删完的那天,就结束自己的生命;其实,早在2005年,25岁的王自健,就已经踏进了“有房、有车、有
  • #你记得我我就活着#[菊花]#清明追思家国永念# 这世界现在很美,草长莺飞,绿草如茵,多希望你们能看看;这世界很美,国泰民安,山河无恙,可是我们还是顶不住想你们
  • #崔玹硕[超话]##三十天安利崔玹硕# #崔玹硕奶酷代言人# DAY 11 ①善良积极乐观 很喜欢脆选说的笑容和他对待身边人的方式 无形之中也传递给了我正
  • #去看看世界有多美# 涨价潮下的广东制造业:一些10多年的企业倒闭 《中国经济周刊》记者 郭芳 | 广东报道 "这是近十几年来最异常的一次涨价!"陈建新
  • #博君一肖[超话]# 赞有一句话我特别喜欢,即使屋檐和房梁把生活压的再低也要有另一片天空的希望。 今天上网课的时候听了上海大学的老师讲中国古代的屋檐,她说
  • #静静推文#2021.02.19 晋江—— 【VIP强推】 《星际男妲己[穿书]》作者:司宵乐 《大冒险告白被接受了怎么办》作者:莫如归 ———————————
  • 风水学是汉文化的产物,也是人类人文文化的瑰宝。从风水学和五行学的角度,历史上书法艺术的屈曲流转和国画的水墨丹青都是具有“符咒”意义的文化“天书”,是一种人文软环
  • #豆瓣占星[超话]#【原创古典占星师✡️铁口直断现任目前2人处于异地恋在没提供出生时间只有年月日的状态下预测出的反馈很准案例分析】案例分析:流年流日冲恋爱主星,
  • #一分钟艺术课##带你看大师名画##巴洛克# 安东尼·凡·戴克《圣徒赫尔曼·约瑟夫的愿景》 【1629-1630年 160cm×128cm 布面油画 维也纳艺术
  • 死南航 好似割肉咁痛啊 王德发 我点解咁猪猪啊 唔用国内个手机打 中国电信打长途都冇bouygeus咁甘啊 打完先发现原来系个长途电话 三餐外卖就咁冇左啊
  • #魏大勋[超话]##魏大勋12天安利手册# wdx#魏大勋0412生日快乐# DAY2最喜欢他的电视剧角色 段序可以说是最喜欢的了,我以前就幻想小魏能演一
  • 前段时间大宝有问我,妈妈你的梦想是什么?我答道:没有梦想。再问你:那以前也没有吗? 文花枝,对于许多人来说是一个多么陌生的名字,可那是印在我脑子里的名字抹不掉,
  • 2019/3/31 独自在京都,白天看樱花很忙,但到晚上就会觉得没事干。 傍晚6点进了一家很小的%咖啡,男店员(金发碧眼/白人/帅):“sorry we are
  • 忏悔三昧 无论是过去,现在,或是未来。因身,口,意的造作,被我伤害过的(因缘)众生。或因身,口,意的造作,所招感的诸多不顺和苦难。不管是身体上的,还是精神上的