འཇིགས་རུང་བདུད་ཀྱི་རླུང་འཚུབ་ཡོལ་བྱེད་དེ།།
ཚིག་འཇམ་ངག་གི་མེ་ཏོག་ཀུན་གཏོར་ནས།།
ཕ་སྐད་གཡང་གི་ཀ་བའི་རྨང་རྡོ་འདི།།
སྒུལ་བར་རྩོམ་པའི་དགྱ་ནག་པ་ལ་ཟོན།།
ཚིག་འཇམ་ངག་གི་མེ་ཏོག་ཀུན་གཏོར་ནས།།
ཕ་སྐད་གཡང་གི་ཀ་བའི་རྨང་རྡོ་འདི།།
སྒུལ་བར་རྩོམ་པའི་དགྱ་ནག་པ་ལ་ཟོན།།
རི་དྭགས་རྒྱལ་བོའི་རྔམས་བརྗིད་དཀར་པོ་དེའི། །
དར་གཅིག་འགྱུར་བ་སྟོན་པའི་ངང་ཚུལ་འདི། །
བྱམས་བརྩེའི་འབབ་རྒྱུན་ཡིན་པ་མ་ཤེས་པའི། །
ད་རུང་ལོག་འཚོའི་སྒེག་ལ་གཡེང་གྱིན་འདུག །
དར་གཅིག་འགྱུར་བ་སྟོན་པའི་ངང་ཚུལ་འདི། །
བྱམས་བརྩེའི་འབབ་རྒྱུན་ཡིན་པ་མ་ཤེས་པའི། །
ད་རུང་ལོག་འཚོའི་སྒེག་ལ་གཡེང་གྱིན་འདུག །
རོ་ལངས་ཤིག་རྒྱག་པའང་ཏག་ཏག་ཡིན།
འཇམ་ཐིང་ཐིང་།
དབེན་སིམ་གྱི་མཚན་མོ་དེར།
རྨི་ལམ་རྨི་བཞིན་པའི་མི་དེས།
སུ་ཞིག་ལ་སུན་སྣང་བྱེད་ཀྱིན་ཡོད་དམ།
གློ་རྡེག་ཏུ་བརྗེད་ཟིན་པའི་ཐ་སྙད་དེ།
ཕུགས་བསམ་དང་རེ་སྙེག
འདུ་བྲལ་དང་ཐོབ་ཤོར།
འགྲན་རྩོད་དང་རྒྱལ་ཕམ།
བསམ་གཞིག་དང་ཕྱིར་རྟོགས་སོགས།
རྨི་ལམ་རྨི་བཞིན་པའི་མི།
ཁྱེད་ཀྱིས་རྨི་ལམ་དེ་རྨི་ལམ་ཡིན་པ་ཨེ་མཐོང་ངམ།
དཔེ་བཞག་ན།
ཤི་ཟིན་པའི་བེམ་པོ་དག་གིས།
ནམ་གསལ་ཁར། རོ་ལངས་ཤིག་རྒྱག་པའང་ཏག་ཏག་ཡིན།
༢༣.༡༢.༡༣ཉིན་དགོང་མོར་ཕ་ཡུལ་དུ།
འཇམ་ཐིང་ཐིང་།
དབེན་སིམ་གྱི་མཚན་མོ་དེར།
རྨི་ལམ་རྨི་བཞིན་པའི་མི་དེས།
སུ་ཞིག་ལ་སུན་སྣང་བྱེད་ཀྱིན་ཡོད་དམ།
གློ་རྡེག་ཏུ་བརྗེད་ཟིན་པའི་ཐ་སྙད་དེ།
ཕུགས་བསམ་དང་རེ་སྙེག
འདུ་བྲལ་དང་ཐོབ་ཤོར།
འགྲན་རྩོད་དང་རྒྱལ་ཕམ།
བསམ་གཞིག་དང་ཕྱིར་རྟོགས་སོགས།
རྨི་ལམ་རྨི་བཞིན་པའི་མི།
ཁྱེད་ཀྱིས་རྨི་ལམ་དེ་རྨི་ལམ་ཡིན་པ་ཨེ་མཐོང་ངམ།
དཔེ་བཞག་ན།
ཤི་ཟིན་པའི་བེམ་པོ་དག་གིས།
ནམ་གསལ་ཁར། རོ་ལངས་ཤིག་རྒྱག་པའང་ཏག་ཏག་ཡིན།
༢༣.༡༢.༡༣ཉིན་དགོང་མོར་ཕ་ཡུལ་དུ།
✋热门推荐