ཁོང་སྐུ་གཤེགས་ནས་ཞག་གསུམ་མ་ལོན་གོང་བོད་ཀྱི་ཡུལ་ལུང་རེ་ཟུང་ན་འགྲིག་རྟགས་རྒྱག་མཁན་ཡང་མི་རེ་གཉིས་ཐོས་བགྱི་འདུག་ལ། འདི་ནི་ཅི་འདྲའི་ཡ་ང་ལ་སྙིང་རྗེ་བྲལ་བའི་གཏུམ་སྤྱོད་ཅིག་མ་རེད་དམ།

བོད་ན་འདི་ལྟ་བུའི་རུལ་སོང་པ་དང་དེ་ལྟ་བུའི་རུལ་སོང་གི་སྣེ་ཁྲིད་པ་མང་བས། ད་ལྟའི་རིང་བོད་ཡར་རྒྱས་མ་སོང་བ་ཡིན་ངེས་ལ། རང་གི་བསམ་ཕྱོགས་སུ་མ་སོང་བ་ལ་མངོན་ལྐོག་ཅི་རིགས་ཀྱིས་འཇིགས་སྐུལ་དང་གནོད་ཤུགས་སྤེལ་བས། དོན་དམ་པའི་མཐུན་བསྒྲིལ་ཅིག་ད་ལྟའི་རིང་མ་བྱུང་བ་ཡིན་ལ། བདེན་ལུགས་ཤིག་ཀྱང་མ་རྙེད་པ་ལོས་ཡིན།

འདི་ནི་སྣེ་ཁྲིད་པ་དེ་ཚོས་རང་གི་དད་འབངས་ལ་སློབ་གསོ་གཏོང་སྟངས་ཡིན་ནམ། ཨ་ལ་ལ། འུ་ཅག་གི་ཁོར་ཡུག་ན་ཁོང་ཅག་ལྟ་བུའི་སྒེར་གྱི་ཁེ་དབང་གཙུགས་སུ་འཛིན་མཁན་མང་བས། གཞིས་བྱེས་ཟུང་ཡོམ་ཡོམ་བཏང་བའི་ཤ་ཡི་ལས་འགུལ་དང་། ད་ལོར་ཡང་བསམ་ཡས་ཕྱོགས་འཐེན་བྱེད་བཞིན་ཡོད་པ་མ་ཡིན་ནམ།

ད་ཆོག་གི་ཡ། འཆམས་མཐུན་དང་ཕན་ཚུན་ལ་དོན་དམ་པའི་ཆིག་སྒྲིལ་གྱི་འདུ་ཤེས་ཤིག་ཡོད་ན། བོད་སྤྱི་ལ་ཕན་པའི་ལས་དོན་སྒྲུབས་ཤིག་དང་། བོད་སྤྱི་དམངས་ལ་ཕན་པའི་བདེན་དོན་རྩོད་ཅིག་དང་། ད་དུང་འཕྱི་མི་འདུག་གོ །

​དུས་རབས་འདིར་ཡང་སྔོན་ཆད་ལྟ་བུའི་ཆོས་ལུགས་གྲུབ་མཐའ་ཁ་ལ་འཆེ་བའི་དབང་སྒྱུར་མཁན་གྱི་རྒྱལ་ཕམ་དང་། དེའི་བྲན་གཡོག་གི་སྒེར་དབང་དེ་བསྐྱར་དུ་འདོད་པ་མིན་ནམ། ​ཨ་མ་མ། ད་ནི་ཅི་འདྲའི་འཇིགས་ཡེར་བའི་དུས་ལ་བསླེབས་མི་འདུག་གམ།

​ ཤེས་ཡོན་པ་རེ་ཟུང་གིས་སྒེར་གྱི་གནོད་ཤུགས་རྒྱབ་ཏུ་བསྐྱུར་ནས་བོད་སྤྱི་དམངས་ལ་བསམས་ཏེ། བདེན་ལུགས་ཀྱི་གཏམ་བཤད་སྤེལ་ན། རྩོམ་ཡིག་བྲིས་ན། ཉེས་པ་ལ་ཉེས་པར་མཐོལ་བ་ལྟ་ཅི། དེ་ཐམས་ཅད་ཆོས་ལུགས་གྲུབ་མཐའི་ཕྱོགས་འཐེན་དུ་བསྒྱུར་འགྲོ་བ་ཅིས་ལན་ནམ།

​ལོ་སྔོན་མར་ཕྲན་གྱི་དགེན་ཚང་ཞི་བར་གཤེགས་ནས་ཞག་འགའ་མ་ལོན་གོང་དྲ་ཚོམས་ག་གེ་མོར་ཡང་ཅི་འདྲའི་སྐྱི་གཡའ་བའི་སྐད་ཆ་ཞིག་བསྒྲགས། དེ་རིང་ཡང་ཨ་ཁུ་ཁོང་ཚང་ཕེབས་ནས་ཞག་གསུམ་མ་ལོན་གོང་སྐད་ཆ་དེ་འདྲ་བསྐྱར་དུ་ཐོས་བགྱི་བྱུང་བ་འདིས། ཁོ་བོར་རང་གི་སྙིང་ཁོག་འདྲལ་བ་ལྟ་བུའི་ན་ཟུག་སྐྱེས་བྱུང་ངོ་། །

མདོར་ན་བྱ་སྤྱོད་འདི་རིགས་ནི། བོད་བཙན་པོའི་གདུང་དམར་པའི་གཤིས་སྤྱོད་མ་ཡིན་ལ། བདེན་ལུགས་དང་གཟུ་བོར་གནས་པའི་མི་རིགས་ཤིག་གི་ཕུགས་བསམ་ཡང་ག་ལ་ཡིན། དེ་བས་ཀྱང་གཞན་ཕན་གཙུགས་སུ་བཀུར་བའི་ཆོས་ལུགས་པ་ཞིག་གི་རེ་བ་ཅིས་ཀྱང་མིན་ཏེ། དེ་བས་ན་དཔའ་བོ་ཡིན་ན། སྙིང་སྟོབས་ཡོད་ན། ནང་འཁོར་དུ་འཁོན་སེམས་དང་རིས་བཅད་དེ་འདྲ་མ་གནང་རོགས། སྤུན་ཟླ་ཚོ།
༢༠༢༣/༡༢/༢༡



བྱང་རྒྱུད་སྨག་རུམ་རལ་བའི་གངས་ཀྱི་རྩེར།། ལུང་རིགས་གཡུ་རལ་ཅི་དགར་གཡོ་བ་ཅན།། ཕས་རྒོལ་ཝ་སྐྱེས་ཀླད་པ་འགེམ་པའི་གདངས།། བཤེས་གཉེན་མ་ཧཱ་བྷ་ཏྲ་གང་དེར་བསྔགས།། རྟག་འཛིན་ཅན་ལ་སྒྲུབ་བྱེད་བསྟན་ཡོད་དུ།། གདོས་བཅས་ཕུང་པོ་ཞིང་གཞན་གཤེགས་ནའང་།། གསུང་གི་རྡོ་རྗེ་སྐལ་བ་དུ་མའི་བར།། གནས་པའི་རྟགས་མཚན་བློ་ལྡན་མཁས་པས་ཉར།། འདི་ན་འགའ་ཞིག་བག་མེད་སྤྱོད་ལམ་གྱིས།། རང་དགར་དོར་བའི་མི་གཙང་ཁྭ་ཏའི་མཆུ།། འབད་ནས་ས་གཙང་དག་ལ་བཀྲི་བ་ནི།། དགེ་སྡིག་བླང་དོར་བོར་བའི་རྟགས་མཚན་ཉིད།། དམ་པ་གང་གི་ཐུགས་དགོངས་རྫོགས་ཕྱིར་ཏུ།། འབད་པའི་སྐྱེ་བོ་འབུམ་ཕྲག་དུ་མའི་བློ།། བདེན་པའི་ཀྱོ་བར་བཀལ་བའི་བདེན་པ་འདིས།། ས་གསུམ་མུན་པའི་རང་ངོ་གསལ་གྱུར་ཅིག། — འདི་ཡང་མཛོད་ཚང་པཎྚི་ཏ་ཚང་གཤེགས་པའི་མྱ་ངན་དུ་བན་ཤུལ་པས་ལན་གྲུ་གྲོང་ཁྱེར་ནས་བྲིས་སོ།།

ནང་ཆོས་ལ་དགའ་ཞེན་ཡོད་པའི་མི་ཞིག་ལ་མཚོན་ན། བློ་ཕུགས་ཆོས་་སུ་གཏད་དགོས་་ཀྱང་ཆོས ་ཕུགས་སྤྲང་ལ་གཏད་དགོས་དོན་མེད། དེ་ཡང་ཁྱིམ་པ་ཞིག་ལ་མཚོན་ན་རང་གི་འཚོ་བ་དཔལ་ འབྱོར་ལ་བརྟེན་དགོས་པས། དཔལ་འབྱོར་གསོག་སྒྲུབ་བྱས་པའི་སྟེང་ཕྱི་སོ་ཐར་གི་འདུལ་ཁྲིམས་དང་། ནང་བྱང་སེམས་ཀྱི་བསླབ་བ་དང་། གསང་བ་སྔགས་ཀྱི་དམ་ཚིག་རྣམས་སྲུང་ནས་མི་ཚེ་སྐྱེལ་ཆོག་པ་ཡིན ། དཔལ་འབྱོར་དགག་བྱར་བྱས་ནས་ཆོས་སྒྲུབ་དགོས་མཁན་ནི་རབ་ཏུ་བྱུང་བ་རྣམས་ཡིན་པས། ཁྱིམ་པ་དང་རབ་བྱུང་རྣམས་ཆོས་ཀྱི་འཇུག་སོ་གཅིག་པ་ཡིན་ཡང་། འཚོ་བའི་གནས་བབ་ཀྱི་ཆ་ནས་འགྲོ་སྟངས་ཐ་དད་ཡིན་ནོ། །
对于一名心系佛法之人而言,虽 然需要心向于法,但未必法向于贫 穷,比如是一名在家居士,他需要靠 物质财富维持自己的生计,但他完全 可以修行别解脱戒和菩萨戒、密宗戒等。而平时在佛家财富一律视为批判 性物质的说法是以出家人的修行角度 而言的,总之,出家人和在家人的修 行入门是一样的,而两者的生活方式 大径相庭。

——皓仁波切慈旺顿珠 https://t.cn/EXa6oBp


发布     👍 0 举报 写留言 🖊   
✋热门推荐
  • 从繁星点点的夜晚,当你的灵魂与未知结合,翩翩起舞。#喻言[超话]# 由你 冲推荐➕传播分差0.07就到【93分】✅三平台由你推荐✅歌曲、MV三平台分享✅WHO全
  • 自打我父亲去世后,就有老家邻居三番五次地跟我说起老宅宅基地的事来了,他们说我父亲当时将老宅价格卖少了,按市价最少也得3万元。也就是说我要拥有星黛露啦[awsl]
  • 针对市民们最关心的四大国有银行首套房利率是否上浮的问题,记者分别向这几家银行求证后得到的回复均是:“没有,目前我们首套房贷款利率依然维持在基准。”融360的数据
  • 本想从新注册一个新账号假装新粉丝,可这个当年为了打榜的号也超话12级了,还是聊胜于无吧[允悲]哪个朋友看我眼熟互关一下吧[爱你]实在是找不到组织了谁把我拉群里吧
  • 中国不是欧洲式的小公国,而是腹地广阔,中央与地方、城市与乡村、主体民族与少数民族之间关系比较复杂而多元的文明国家,这样的国家一般被西方历史学家称为帝国。“为什么
  • 我就这样一直被她所编造的感情骗J所欺骗,也想着她家人包括她自.己都投zi了那么多钱,作为一个男人我不能吃软饭,所以又在她的指使下,投了13股。    后来,女友
  • 人生的苦难深重在于自渡,懂得自渡的人,一定是人生的强者;不会抱怨人间疾苦,只会承受之重;不会埋怨世间冷漠,只会自尊自爱心强;人生在于活得有尊严,什么时候,有尊严
  • 醉酒后糊里糊涂的话,虽有埋怨但依旧始终坚信着……[单身狗]我说袁杨 这里做双轨 你要留好位置啊转个身 他把轨道打在正中间 只能做单轨我说袁杨 你等师傅来了再开孔
  • 生命是以自己的方式,全方位去呈现它的面貌,每个人都需要面对自我的人生挑战;生活是你经过的故事,心安才是生命当中的真正归宿。[月亮][可乐][鼓掌]#南京·幸福蓝
  • 要是喜欢她的话~私我,我给你她的QQ哟~她真的是很可爱的呢~#智能音箱# 除了控制家居,还能一声下单? 科琳娜说:“当我意识到是巴迪在亚马逊上下了单,感到难以置
  • 【#龙陵#碧寨:肉#牛# 领养放心,产业发展有信心】本报讯(王薪喜 民族时报全媒体记者 孙贵升)近日,在隔离防疫检验150余天后,龙陵县碧寨乡由犇鑫肉牛合作社统
  • 电视剧,#黄磊[超话]##海清[超话]##陶虹[超话]# 等领衔的#电视剧小欢喜#第一,同时还获得评论数和日播放量第一。昨日上新内容:#电视剧老酒馆##电视剧陆
  • 也遇到很多有意思的人:想去中国的意大利老哥,带妈妈和我遛野路子的挪威小哥,看我一个人要给我拍照留念的小姐姐,送我的老奶奶。 1⃣️没有动态的日子就是没化妆 没社
  • 是的,我听到了,那是一曲曲忧伤,一纸纸惆怅,一点点干净的寂寞。轻拭相思的眼,望不穿往事如烟,这尘世的古道,牵绊难了,爱恨难圆,此岸,冰雪纠缠,泪滴下的过程风化千
  • 当此天灾人祸,相继降作之时,若不以改恶修善,常念观音圣号,以为恃怙(音是护,依靠)则欲得安乐,难之难矣。(文钞三编卷二·复谢慧霖居士书二十二)  ●十余年来,天
  • 春暖花开,迎来2021年“深圳大学建筑与城市规划学院校企共建新春团拜会”[作揖][作揖][作揖]感谢我院学科带头人孟建民院士提议和发起,有机会在开学前夕向深圳
  • 】《泛舟图》是傅抱石常绘的题材之一,寥寥数笔,画面的空灵、诗意就被勾画出来,无论尺幅大小皆能驾驭自如。#股票# #今日看盘# #财经#爱自己、爱方圆两三米内的人
  • 好‬当下的感情‮否是‬合适,‮是也‬要通过双人ming盘+合婚来‮出算‬的,如果‮适合‬,婚姻‮很会‬幸福,如果不合‮,适‬就尽量去‮虑考‬一下希望咱家顾‮们客
  • “你总是觉得是你媳妇在倔,在犟,在闹脾气,你却没想过,你做过的事,说过的话,到底有没有伤害到她,你从没考虑过她的感受,却又希望她处处体谅你,你要是站在她的位置,
  • ——————————————————————————看到入殓师虔诚又温柔的动作,我想起了在产房工作的点点滴滴当人们新生,助产士也是这样温柔地为新生儿擦拭口鼻和身