འགྲོ་འདོད་ཡིད་ལ་ཤར་བའི།
དབེན་པའི་འཚོ་བ་བཙལ་ན།
དག་དང་མ་དག་སེམས་ལ།
རྨི་ལམ་ཨ་སྙིང་གླེང་འོངས།

དགུན་ཟླ་དང་པོའི་ནམ་ཟླ།
ལས་ཀྱི་བཀོད་པ་འགྲིག་ན།
ཉམས་གཡང་རྟེན་འབྲེལ་དམར་པོ།
ཁ་བས་མི་སེམས་བསུས་བྱུང་།

དགའ་སྐྱོ་རིང་མ་ཐུང་མ།
ཀི་ཞིག་ཡིད་ནས་བརྒྱབ་འདུག
ལྷིང་འཇགས་ནང་གི་སེམས་པ།
བདེ་བདེ་མདངས་མ་སྐྱོང་རོགས། https://t.cn/A6fUPhi5

གདུང་དབྱངས་ཆུ་མོའི་བཞུར་རྒྱུན


སྤྲུལ་མིང་བ་རུ་སྔུན་བླ་མས།

མཐའ་བྲལ་དོན་དམ་འོད་གསལ་གཉུག་མའི་གཤིས།།
རིམ་གཉིས་མཐར་ཕྱིན་གཟི་འབར་ལོངས་སྤྱོད་རྫོགས།།
གསང་གསུམ་འོད་ཀྱི་རྩེ་དགའ་འཇོ་བ་ཡི།།
ཐུབ་དབང་ཐུགས་རྗེ་རྒྱ་མཚོས་དུས་ཀུན་སྐྱོངས།།

རྒྱལ་ཀུན་མཁྱེན་བརྩེའི་གཡུ་རལ་མཁའ་ལ་འཕྱོ།།
སྤངས་རྟོགས་མཐར་ཕྱིན་མཆེ་སྡེར་ས་ལ་བགྲད།།
ཐུབ་བསྟན་གངས་རི་སྲུང་བའི་གདོང་ལྔ་བ།།
གང་དག་དགེ་ལེགས་འོད་ཀྱིས་འགྲོ་འདི་སྐྱོངས།།

ཞི་དུལ་མཚམས་སྤྲིན་དམར་པོའི་མདངས་ཀྱིས་འཁྱུད།།
ཚངས་སྤྱོད་ཟླ་གཞོན་འཛུམ་པའི་རོལ་གར་ཅན།།
ལེགས་ཚོགས་མཁའ་རུ་རྩེན་པའི་དགའ་བ་འདིས།།
རྒྱལ་ཀུན་དགྱེས་པའི་མེ་ཏོག་ཁྱེད་ལ་འཕེན།།

གང་དུ་བཤད་སྒྲུབ་དགེ་མཚན་འཕེལ་བའི་གཞིར།།
སྔོན་མེད་དྲང་སྲོང་དགྱེས་པའི་དགའ་སྟོན་དག།
མགྲིན་པའི་དཔལ་དུ་རོལ་བའི་ཆོས་ཚུལ་གང་།།
དགེ་ལེགས་ཚངས་དབྱངས་དགྱེས་པའི་གསོས་སུ་སྨིན།།

མཁས་པའི་ཐུགས་བརྩེའི་བྱུ་རུའི་མེ་ཏོག་འཛུམ།།
བཙུན་པའི་བཅུད་རྩིའི་དྲི་བཟང་ཕྱོགས་ཀུན་ཁྱབ།།
བཟང་པོའི་གཡུ་ལོ་བཞད་པའི་རྩེ་དགའ་དགོད།།
གང་འདུད་མཛད་པ་ཀུན་གྱིས་བརྒྱན་དུ་ངོམས།།

འཆད་པ་དྭངས་གཙང་ཞོགས་རླུང་དལ་གྱིས་རྒྱུ།།
རྩོད་པའི་ཉི་གཞོན་སྣང་བ་མངོན་པར་འཇོ།།
རྩོམ་པའི་རིག་བྱེད་དྲན་པ་དབྱངས་སུ་བསྐུལ།།
མཁས་པའི་སྐྱེད་ཚལ་ལང་ཚོ་སྟོང་གིས་བྱུགས།།

ལྟ་བ་ཤེལ་དཀར་བུམ་པའི་ལང་ཚོ་མཛེས།།
སྤྱོད་པ་དྲི་མེད་ཁ་བརྒྱན་རང་མདངས་གྲོལ།།
སྒོམ་པ་བདུད་རྩི་འདྲེན་པའི་འཚོ་ཆེན་གྱིས།།
གསང་གསུམ་མེ་ཏོག་གངྒཱའི་མངལ་དུ་སྦྲུམ།།

ཐབས་ཤེས་བདེ་སྟོང་ཐིག་ལེ་འཛུམ་པའི་དཔྱིད།།
མདོ་སྔགས་ཟབ་རྒྱས་གཞུང་ལ་རོལ་བའི་གར།།
རྒྱལ་བསྟན་གླིང་གཞི་གསལ་བའི་སྒྲོན་མེ་མཆོག།
ངུར་སྨྲིག་རྣམ་སད་འོད་ཀྱིས་དཔལ་དུ་འཛུམ།།

ཨེ་མ་དཀར་མིན་ལས་ཀྱི་མཐུ་བཙན་མོད།།
དད་དང་འདུན་སྟོབས་ལྷག་བསམ་བྱིན་མཐུ་ཡང་།།
སྟོབས་དང་ལྡན་ཕྱིར་དགེ་འབྲས་འདོད་རྒུའི་ཚོགས།།
མྱུར་དུ་སྨིན་པའི་རྟེན་འབྲེལ་མཐུ་འགྲུབ་མཛོད།།

ཅེས་སྙིགས་དུས་ཀྱི་བསྟན་པའི་གསལ་བྱེད་ཆེན་མོ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་༧དགེ་བཤེས་འཇམ་དཔལ་བློ་ཤེས་ཚང་གི་དགོངས་པ་གཞན་དུ་གཏད་པ་ཐོས་འཕྲལ་ཆོས་ཀྱི་འབྲེལ་བ་སོགས་ཀྱི་བསྐལ་བ་མ་རེག་མོད།དྲ་ལམ་ཁག་ནས་ཁོང་གི་དཔེ་ཁྲིད་དང་བསླབ་བྱ་དག་ལ་མང་པོར་མཇལ་མྱོང་བས། ད་ནི་ཁོང་གིས་མཛད་འཕྲིན་དག་ལ་རིང་ནས་གུས་པ་ལྷུར་དུ་ལེན་པའི་གྱི་ན་བ་ཀླུ་ཚང་སྤྲུལ་མིང་བ་རུ་སྔུན་བླ་མས་འཕྲལ་དུ་སྦྱར་བའོ། 
                            ༢༠༡༩-༩-༢༢ ཉིན།

སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས། གང་གིས་སྒོ་གསུམ་བཏུད་བྱས་ནས། །རྒྱལ་བའི་སྐུ་ལ་ཕྱག་འཚལ་ན། །དེ་ཡི་བསོད་ནམས་འཇིག་རྟེན་དུ། །གཟུགས་ཅན་གྱུར་ན་ཤོང་མི་འགྱུར། ཞེས་གསུངས།
《幻化网续》:
何人敬三门,顶礼如来身,福德若有形,世间不可容。


发布     👍 0 举报 写留言 🖊   
✋热门推荐
  • #炎亚纶[超话]#yyl #跟霖益起來##炎亚纶一炎一行##跟着炎亚纶一起做公益# 無論你在哪個城市 如果你願意 和布丁姐姐們一起淨灘或者淨山 咱們都可以相互
  • 小绵是在一个雨天被进倒影捡回家的。瘦瘦小小一只,被进倒影花了好长时间才养好。就这样养了两三年,忽然猫变成了人,自我介绍说叫郑崽面,是个小猫妖。进倒影心想管他什么
  • 恐惧和爱是你仅有的两种情绪。字典里 不快乐的含义竟是 因缺少他人陪伴而产生的结果。
  • “拉尅”新造型[挤眼](家长手工秀)#萌宠##萌宠集中营##宠物卖萌中心##萌宠的日常##宠物##狗狗##铲屎官的自我修养##汪星人##萌宠部落格##宠物人口普
  • 笔杆子精选小标题20例,值得收藏! 1、理念统领型 1.要坚持政治至上,切实让扶贫紧盯正确方向。 2.要坚持责任至上,扎实把扶贫摆在突出位置。 3.要坚持民本
  • #连淮伟[超话]##连淮伟0318生日快乐#️lhw 生日线上平台曝光饭制视频评选投票结果公示:风吹过屋檐感受光的形状 享受每一秒陪伴音乐与画面的碰撞 是迸发
  • 疏芬山(Sovereign Hill)完整还原了 19 世纪的风土人情,是难得的历史与艺术之地。在这个充满历史底蕴的地方,街上的红衣卫队,穿梭于古镇的马车,深入
  • #TWICE[超话]#TWICE 4TH WORLD TOUR ‘Ⅲ’ONCE So happy to finally meet you all! ❤Cheer
  • 在这37年岁月流过的沙砾里,有的人喜爱你,有的人欣赏你,有的人崇拜你,有的人厌恶你,有的人妒忌你,有的人抹黑你,有的人想成为你,有的人想替代你……但我知道你从来
  • ——拉罗什富科#合肥婚纱摄影# #重庆婚纱摄影# #广州婚纱照# #大理婚纱照#发掘每一个平凡人的美好 贴近生活的细腻光影 Mifengstudio&弥
  • 亿纬锂能研究院小型动力方案部郑为工博士发表了《全极耳大圆柱磷酸铁锂电池——电动二轮车独特的解决方案》主题演讲郑博士表示,根据研究机构统计数据,2019年全球电动
  • 8⃣️最后涂上了进口补水护肤品 做完之后感觉自己皮肤滑滑的,软软的,特别清透。因为我的脸颊比较敏感,T区却很油,所以店家特地换了三种不同的仪器,还有三种不同的
  • 》不過套劇話咁快就煞科喇,呢日Ada喺社交網站上載了與同劇演員吃飯盒的合照,雖然照片中唔見拍檔郭晉安(安仔)不過就見到有林欣彤、劉江、黃建東等人,大家仲笑得好開
  • 这几天遇到的小伙伴都太有趣了 好开心呀以后一定要去北方玩 他们太好玩了 说话也有趣大家一路都在夸我 整的我都不好意思的团里的大哥二哥的爱情是我们的榜样 又有趣又
  • 我的温周,俊哲和48世界的各位啊,我被自己蠢哭了(இдஇ; )我是大傻瓜[跪了][跪了][跪了]各位太太们,我要来翻你们的主页找粮了……可一想到那些个炸H的太太
  • 现签约红薯小说网,作品《无敌剑神》 正在火热连载中欢迎关注#贵州省网络作家协会# 话题”#贵州省网络作家# 【贵州网络作家】 污乎@污乎一点也不污 ,女,出生
  • 到了四点钟的时候,我就会坐立不安,我发现了幸福的价值,但是如果你随便什么时候来,我就不知道在什么时候准备好迎接你的心情了。 到了四点钟的时候,我就会坐立不安,
  • 24.灰烬在日落中散去 光明踏着欲火归来25.无人问津的港口总是开满鲜花太阳穴凹陷太阳穴位于眼尾与眉尾处的位置,也就是我们的夫妻宫,代表的是夫妻之间的感情运势等
  • 对方发过来的信息有好的和不好的,在他的心目,你就像一个靶子一样,他的意识里面想到你,就等于他心灵意识的磁场辐射到你的身上,辐射到你这个人的形象上,甚至可以穿透你
  • 金牛特别容易陷入一种傻傻付出的状态,尤其是年纪比较小的时候,即使看出对方对自己不怎么伤心,只要这段感情里还能有一点值得自己期待的,就会坚持,以为只要更努力就可以