པཎ་ཆེན་སྨྲྀ་ཏི་ལུག་རྫིར་མངགས་པ་དང་།།
ལུང་ཤར་མིག་ཟུང་བཏོན་པའི་ལོ་རྒྱུས་ལས།།
སྲིད་ན་དཀོན་པའི་བཻ་ཌཱུར་བུམ་པ་ཞིག།
ས་ལ་བརྡབས་པའི་ཚུལ་དེ་ཕངས་སེམས་ཆེ།། https://t.cn/R2WxDGB

སེམས་སོང་སྙིང་གི་ནོར་བུ།  

     དབྱངས་ཞི་བ།(སི་ཁྲོན།)                                          

གཞོན་ནས་འདྲེས་པའི་ཆུང་གྲོགས་ཁྱོད་ཉིད་ལོ་འཁོར་ལྔ་ཙམ་མ་མཇལ་བས། །
དུས་ཚིགས་འདི་ལ་དྲན་པའི་སྟོབས་ཀྱིས་སེམས་ཆུང་དཀྱིལ་གྱི་མེ་ཏོག་དེ། །
ཁྱོད་ལ་དུངས་བའི་རྒས་པའི་འདབ་མ་འཐོར་བར་བྱེད་པའི་ཚུལ་ལ་ལྟོས། ། 
ད་ནི་མི་འགྱང་མྱུར་དུ་ཁྱོད་ཉིད་བདག་གི་མདུན་དུ་འཁོར་ནས་ཤོག །

མཛེས་ཞིང་དྭངས་བའི་ཡུལ་ལྗོངས་སྒེག་མོའི་སྟེང་དུ་འཛོམས་པའི་ཉིན་མོ་དེར། །
སེམས་དང་ཚོར་བའི་དྲན་གཏམ་བརྗོད་བཞིན་ཁྱོད་ཀྱི་ནུ་བོས་མདུན་ངོགས་སུ། །
ཞལ་འཛུམ་བཅོས་མིན་ཟུར་མིག་གཡོས་ནས་བཅོ་ལྔའི་དགོང་མོར་འཕྲད་པར་བྱས། །
སྐབས་ཀྱི་གཏམ་དེ་སྙིང་ལ་འཆར་ཚེ་ཁེར་སྣང་འདི་ཡང་ཤིན་ཏུ་སྐྱོ། །

འདས་པའི་ལོ་ངོ་ཡར་འགའི་སྔོན་གྱི་རཱ་མའི་རི་བོར་བཞུད་པ་ཡི། །
དྲང་སྲོང་འཕྲུལ་ཆེན་གང་གིས་བརྩམས་པའི་སྤྲིན་ལ་བསྐུར་བའི་དུངས་བརྗོད་དེ། །
བདག་གི་ཆུང་འདྲིས་ཁྱོད་ཉིད་བསམ་བཞིན་མུ་མེད་དབེན་པའི་རི་ངོགས་ནས། །
ཁ་ཐོན་ལྟ་བུར་མཚན་མོ་རེ་ལ་ཚིགས་བཅད་གཉིས་ཙམ་མ་ཆད་བཀླགས། །

དེ་ནི་རྩོམ་ལ་དགའ་བས་མ་བཀླགས་ཁོ་བོས་ཁྱོད་རང་དྲན་པས་བཀླགས། །
ཁྱོད་ཉིད་དྲན་པས་གདུང་བ་འདི་ཡིས་ང་རང་མཚོ་མོ་གཉིད་ཐུན་བཅག ། 
ནག་མོ་ཁོལ་ནི་ཆུང་མར་དགའ་བཞིན་ཁྲིམས་འགལ་འོག་ནས་ལོ་འགའ་ལུས། །
བདག་ཀྱང་དེ་ལྟར་ལས་ཀྱི་དབང་གིས་ཁྱོད་རང་མ་མཇལ་ཡུན་རིང་འགོར། །

ཚངས་དབྱངས་རྒྱ་མཚོའི་ཆང་མ་ཞིག་ལ་ཆཊ་པའི་འདོད་གཏམ་ཆད་མེད་བྲིས། །
ཐེངས་འགར་དགའ་མ་མང་ཙམ་འཚོལ་ཡང་རེ་རེ་བཞིན་དུ་བྲལ་བར་བྱས། །
འདི་ཡང་ལས་ཀྱིས་བརྐོས་པའི་དབང་གིས་འཚོ་བ་བསྐྱལ་བའི་གཏམ་རྒྱུད་ཅིག །
འུ་གཉིས་བར་གྱི་བདེ་སྡུག་འཚོ་བ་འདི་དང་དེ་བཞིན་འདྲ་བར་སྣང་། ། 

གཏམ་རྒྱུད་འདོད་འདྲེས་འདི་དག་མཐོང་ཚེ་མི་ལོ་འགའ་ཡི་ཆུང་རོགས་ཁྱོད། ། 
མ་འཕྲད་མྱི་ལོ་ལྔ་ཡི་བར་གྱི་བརྩེ་བའི་སྐུད་ཐག་མ་ཆད་པར། །
མཐུན་པའི་མེ་ཏོག་དམ་དུ་འཛིན་པའི་གཏམ་རྒྱུད་ཞིག་ཀྱང་ཡོད་པར་སྣང་། །
ལོ་མ་འཐོར་བའི་སྟོན་ཟླ་འདི་ནས་རྒྱང་རིང་ཡུལ་གྱི་ཁོ་བོ་ཡིས། །

སེམས་ཆུང་དམར་པོ་སྟེང་ལ་གནས་པའི་ཡིད་འོང་སྙིང་གི་གཅེས་མོ་དེ། །
མཛའ་བཅུགས་གསེར་གྱི་སྙིང་གི་རི་མོ་དར་དཀར་འདྲ་བའི་བརྩེ་འཕྲིན་བྲིས། །
འདི་ཡང་དོན་གྱིས་ཁྱེད་ལ་དགའ་བའི་ངེས་མེད་ཡུལ་གྱི་མགྲོན་པོ་ཡི། །
མཐུན་པའི་བར་གྱི་རྟེན་གཞི་ཡིན་པའི་རབ་བཏགས་མཚར་མོ་ཞིག་དང་མཚུངས། ། 

བསྐལ་བར་བསྙེན་པའི་ཚངས་པའི་སྲས་མོ་བདག་ལ་མགྲིན་པའི་སྙན་མོ་ངག ། 
མྱུར་བ་ཉིད་དུ་བསྩོལ་བར་མཛོད་དང་སྙན་འཇེབས་དབྱངས་ཀྱི་བདག་མོ་ལགས། །                                                         
ཁོ་མོ་དྲན་པའི་ཡིད་ཀྱི་གདུང་བ་ལྷག་ལུས་མེད་པར་བརྗོད་སྙིང་འདོད། ། 
གསང་བའི་ཕོ་ཉ་མྱུར་མོའི་ངང་ནས་ཁོ་མོའི་ཕྱོགས་སུ་བསྐྱོད་ན་བསམ། ། 

བདེ་འཇམ་དབང་བོའི་རེག་བྱ་སྦྱིན་བྱེད་རྒྱང་རིང་ཡུལ་གྱི་དགའ་མ་ཡི། །                                                                       
ལས་ཀྱིས་བརྐོས་པའི་འཚོ་བའི་བདེ་སྡུག་ཅི་འདྲ་ཡིན་མིན་གོ་བར་བྲེལ། །                                                                        
ཁོ་མོ་དྲན་པའི་གདུང་བས་གནར་བཞིན་རྒྱུས་མེད་དབེན་པའི་བས་མཐའ་ནས། །                                                             
མཁའ་རུ་བགྲོད་པའི་སྤྲིན་དཀར་འདི་བཞིན་ཡིད་ཀྱི་དབང་བོ་ཁྱོད་སར་ཤོར། ། 
སྐྱེ་སྔོན་བསགས་པའི་ལས་ཀྱི་དབང་གིས་ད་ལྟར་ཁ་ཁར་འགྲོ་བ་འདི། །
ནག་མོ་ཁོལ་དང་ཁོ་བོའི་ཡིད་ཀྱི་དགའ་མའི་ལས་དབང་ཅི་འདྲའི་མཚུངས། ། 

སྙིང་ལ་བཞད་པའི་རྒྱ་སེའི་མེ་ཏོག་ང་ཡིས་དམ་དུ་འཛིན་ནས་འདུག །
སེམས་སོང་སྙིང་གི་ནོར་བུ་ལགས་ནི་དུས་ཀྱི་བར་ནས་དྲན་བཞིན་ཡོད། །
མཚན་མོའི་རྨི་ལམ་སྒྱུ་མའི་གྲོང་ནས་ཁྱོད་ཉིད་མཇལ་བ་ལན་གཅིག་མིན། ། 
ཁྱོད་ཉིད་དྲན་པའི་གདུང་བ་འདི་ནི་སེམས་མེད་རླུང་ལ་བརྗོད་བཞིན་ཡོད། ། 

༄༅།།ལྷ་མོ་འོད་ཟེར་ཅན་མའི་སྒྲུབ་ཐབས་བཞུགས་སོ།།

【 光 明 佛 母 修 持 仪 轨 】

༄༅།།གང་གི་མཚན་ཙམ་འཛིན་ཅིང་དྲན་པས་ཀྱང་།།

康剋灿赞增禁禅呗降    孰之名号仅持或忆念

འཇིགས་པ་ཀུན་ལས་རབ་ཏུ་སྐྱོབ་བྱེད་ཅིང་།།

吉巴衮勒柔渡玖切禁    即从一切怖畏作救护

དྲི་མེད་བདེ་ཆེན་ཉེ་བར་མཆོག་སྩོལ་མ།།

赤米叠钦尼哇丘最玛    且复赐予无垢大安乐

ལྷ་མོ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ།།

拉姆奥赛见啦香擦啰    摩利支天女前恭敬礼

ཨོཾ་མཱ་རི་ཙྱེེ་མཾ་སྭཱ་ཧཱ།

嗡  玛日以  即亚以  芒  丝瓦哈

ཞེས་ཅི་ནུས་བཟླའོ།如 是 尽 力 持 诵

རྒྱལ་ཀུན་ཕྲིན་ལས་ལྷ་མོའི་སྐུ་ཤར་མ།།

给衮赤勒拉姆咕夏玛    一切胜者事业天女身

བཅོམ་ལྡན་འོད་ཟེར་ཅན་མའི་ནུས་མཐུ་ཡིས།།

炯颠奥赛见美钕突耶    现者世尊摩利支威力

མི་ཁ་བྲ་མཆུ་འཐབ་རྩོད་འཁྲུག་ལོང་བཟློག།

米咔查邱透最除龙朵    回遮流言口舌诤战乱

ནད་ཡམས་དལ་ཡམས་དགྲ་ཇག་ཆོམ་རྐུན་བཟློག།

內央贴央咋洽琼衮朵    回遮瘟疫慢疫敌盗贼

མདོར་ན་མི་མཐུན་རྐྱེན་ངན་བར་ཆད་བཟློག།

脱呐米吞给俺帕切朵    总之回遮违恶缘中断

འདོད་པའི་དོན་ཀུན་འགྲུབ་པའི་འཕྲིན་ལས་མཛོད།།

堆呗脱衮珠呗赤列最    成办欲求悉成之事业

ཁེད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས།།

剋拉对禁随哇都貝推    祈由称赞启请于尊力

བདག་སོགས་གང་དུ་གནས་པའི་ས་ཕྱོགས་དེར།།

達梭康突內貝薩邱素    我等任住何处于彼方

ནད་དང་དབུལ་ཕོངས་འཐབ་རྩོད་ཞི་བ་དང་།།

內倘吾朋透最息哇倘    疾病贫穷斗诤皆息灭

ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ།།

卻倘札希佩哇則度梭    法与吉祥悉令得增长

译跋:妙音胜慧(Sherab Chen)恭敬由藏译汉,美国俄亥俄州希利亚德市,2016年11月23日(藏历九月廿五日)。翻译中疑难之处就教与赛仓仁波切和哈尔哇仁波切而作抉择。译文亦得到安多普华杰先生审读。特此致谢!


发布     👍 0 举报 写留言 🖊   
✋热门推荐
  • 我:我那天看两场[可爱]boss:……咱能不能憋这样[允悲]4)boss和A姐热烈聊J家及各种日剧营业、小组长:……不知道你们在说什么我:……看来我可能属于你们
  • 码数:女款35-39(40.41定做不退换)男款39-44(45定做不退换) ??低帮高Diesel迪赛2023FW秋冬走秀德比大头鞋范丞丞王鹤棣同款原版购入开
  • #和平精英陪玩俱乐部[超话]# 爆单团招人,⚠️天天爆单 缺陪 女饱饱就行 无要求,一天考核过入团就接单 接不到单子会喂进嘴 我朋友圈每天都发陪玩接单情况和老
  • 男人这辈子挺难的: 找个漂亮女人吧,太操心, 找个不漂亮的吧,又不甘心; 光顾事业了,人家说你没责任感, 光顾家了,人家又说你没本事; 专一点吧,人家说你不成熟
  • (图/文 某某 陈忠运)腕表简评:这一款腕表如此受大家关注,我分析有几个原因,首先是浪琴名匠的知名度,再有就是腕表本身的美观吸引了一部分也能过户,还有就是腕表的
  • #任嘉伦[超话]# 超超送给嘉人的祝福 一月:任你大展宏兔 二月:任你好事成双 三月:任你行之所往 四月:任你春风得意 五月:任你自由飞翔 六月:任你奔赴
  • 在未来,宽城区将持续开展志愿服务活动,让新时代雷锋故事在宽城的土地上续写。   随着宽城区志愿服务活动不断壮大,涌现出许多优秀的志愿者、志愿服务团队,他们既是雷
  • 对于许多过去从未购买过特定品牌产品的人来说,官网和公众号都属于特意去搜索才能获取信息的渠道,而土味营销则能依靠反差感,更快地吸引到潜在消费者LOEWE最近几个季
  • 植护叮叮植物精油防护贴婴儿宝宝户外便携可爱卡通儿童防护贴 [馋嘴] 14.9 [666] [烟花]   7 、小兔子回家看到了偷偷藏起来的小鸭子饼干,什么也
  • 其他他需要的我猜不到,他又不表达清楚(东宫西宫娥皇女英这事是我厌恶的,他提出来也没用,我必须是他女性排行里的首位,他做不到不妥协~!其实,对于国内的球迷而言,梅
  • 和美佳在床单厂逛着突然下雨,包里提前塞了一把伞,嗯平时真的不会带伞的,这是一种奇怪的想都不需要想的直觉吧。我真的经常在想如果我突然over了我的个人物品们会被怎
  • 据介绍,当年王某被判无罪后,警方成立了新的专案组,并开棺提取姐姐DNA,以及后续调查,补充许多新的证据。据介绍,当年王某被判无罪后,警方成立了新的专案组,并开棺
  • 第一次谈了这么久 不可否认在谈的过程中我很幸福 但是我真的不想坚持了 他根本不明白我想要的是什么 可能我也不明白他吧 其实我不想跟他分开但是我已经没有跟他生气跟
  • 日本关西六天五晚超详细攻略 | 冲5个城市[哇]出发前准备:现金:2w日元(约1000RMB),不建议换太多交通:苹果手机建议suica卡,国内银行卡可以直接充
  • @时代少年团-宋亚轩 于三月春风和煦里迎来你的二十岁,也带走了十九岁的遗憾与不如意,又是一年春草绿,爱你亦走过四季更迭,来年依旧相约看草绿@时代少年团-宋亚轩
  • #韩圈扩关[超话]#滴滴滴一辆内含【吒芙套迷墨鲸怪符娃得礼爻炽】的小型kgc朝你驶来图片放了车主老公【先约车主和副驾】车主就是我 吒3❌吒14副驾:@聆听秋风曲
  • 如果你能活在天高皇帝远的地方,才是上天对你的垂爱。今天太宝贵,不应该为酸苦的忧虑和辛涩的悔恨所销蚀,抬起下巴,抓住今天,它不再回来。
  • 果壳这文写的真是垃圾至极,一通圣母体。能发出这种东西,说明简中自媒体是没有脑子,更没有道德的。 截图这两段的事实恰恰说明,受虐者只是为了生存适应了被虐,然而受
  • 五一repo来也!!超长预警!看不完的话就翻到下面看梦梦吧 Day1 第一天没有梦梦 但素大家可能遇到了梦梦嘿嘿 当天原本是可以上的了的 但素因为要回学校拿东
  • 2、精仿一比一劳力士黑水鬼精仿一比一品质价格是1200到2000元,比较像,高端货,外观方面已经比较像了,表壳也是用的精钢材质了。购买劳力士黑水鬼精仿一比一手表