འདི་ལྟར་སེམས་ལ་སོང་བའི་བུ་མོ་ཞིག་དང་བྲལ་དགོས་པ་ན་ིཇི་འདྲའི་ཡི་མུག་པ་ཨང་། ཞིབ་ཏུ་བསམ་ན་རང་ཉིད་ཀྱི་བྱས་འབྲས་ཀྱིས་ལན་པ་འབའ་ཞིག་སྟེ། གཏམ་གྱི་མགོ་དཀའ། བྱ་བའི་གཞུང་དཀའ་ཞེས་པ་ནང་བཞིན་ནོ། །གང་ལྟར་ཉི་མ་ལྷོ་བགྲོད་ཀྱི་དུས་དགེ་ཁྱད་པར་ཅན་ལ་སྐད་འཕྲིན་མཐུད་དེ་འུ་གཉི་གའི་འཇིག་རྟེན་ཆ་ཡོད་དུ་གྱུར་ཅིང་། དུས་བཅད་ཀྱི་རྟིང་མའང་ཙོང་ཁའི་འགྲམ་རྒྱུད་ནས་བགྱིས་ཏེ་རེ་བའི་མེ་ཏོག་གི་འཛུམ་རྒྱ་གྲོལ་བའི་རྨང་བཏིང་། ཟླ་ངོ་གསུམ་ལྷག་གི་དུས་ཡུན་ནང་མང་མང་གི་གསུང་གླེང་བགྱིས་པས། སེམས་ཀྱི་འཁྱེར་སོ། དམིགས་པའི་བརྟན་ཆ། ཕྱིར་ཞིང་བརྩེ་བ། མི་སྤུས་དག་པ་སོགས་སྣ་སྒོ་མོ་ནས་ཡིད་དུ་འཐད་པ་ཤ་སྟག་བྱུང་། དེ་བས་སེམས་ཀྱི་ནམ་མཁར་འགྲོགས་འདྲིས་ཨེ་ཡོང་སྙམ་པའི་དྲན་པ་ནར་མར་འོང་། རྒྱང་མ་ནས་ཁོ་བོའི་བསམ་པར་སེམས་ལ་སོང་བའི་བུ་མོར་ཕྱིར་ཞིང་བརྩེ་བ། ཕྱི་ཐག་རིང་བ། ཁ་བཤད་ལ་གནས་པ་ཞིག་དགོས་སྙམ་ནའང་། མིས་བསམ་སར་མི་འགྲོ་གསེག་སར་འགྲོ་ཞེས་པ་ནང་བཞིན། འདི་ལྟ་བུ་བྱུང་བ་རང་ཉིད་ལས་ངན་ནམ་བསོད་ནམས་དམན་པ་ཡིན་ལས་ཆེ། གང་ལྟར་འགྲེལ་བཤད་རྒྱག་དགོས་པའི་ངལ་བ་བསྟེན་མི་དགོས་ཀྱང་། ཁྱོད་ལ་བཤད་པའི་སྐད་ཆ་མང་པོ་ཞིག་དྲང་པོ་དྲང་བཞག་ཡིན་པ་ཐེ་ཚོམ་མེད། གཅིག་ཏུ་ན་དུས་ཚོད་མང་པོ་སྤྱད་པའི་དོན་སྒོའང་ཡིན་ལ། གཉིས་སུ་ན་སེམས་པ་རྣལ་མ་སྟོན་པའི་ཡང་སྙིང་ཡང་ཡིན། དོ་དགོང་དོན་དམ་རང་ཉིད་ཀྱིས་ལྕེ་བཅད་པ་དང་ཁྱད་མེད་དེ། ལབ་གླེང་ཡག་པོ་ཞིག་དང་འགྲེལ་བཤད་དོན་ཅན་ཞིག་ལར་ནས་བཤད་ཐབས་བྲལ། ལྷག་པར་ཁོ་བོ་བརྡ་སྤྲོད་པ་ལ་ཤིན་ཏུ་བླུན་པས་བཤད་བྱ་མང་ཡང་འཆད་པའི་ཐབས་ལ་ཤིན་ཏུ་རྨོངས། གང་ལྟར་དགོངས་འགལ་མེད་པར་ཞུ་ཞུ།[月亮][月亮][月亮][允悲][允悲][允悲]

ཕོ་མི་མཁོ་དགུ་མཁོའི་འདོད་པ་ཅན། །
དུས་དབྱར་དགུན་མེད་པར་ཁོམ་དུས་མེད། །
རྒྱ་ཁེ་བའི་བོང་རྒན་རྒྱབ་མེད་པོ། །
ཁོ་ཀུམ་མེ་ཀུམ་མེ་འདུག་དབང་མེད། །

ཕོ་འདོད་ཆགས་ཅན་གྱི་བློས་ཡེངས་པོ། །
སེམས་རླུང་རྒོད་ལགས་པས་ཁོམ་དུས་མེད། །
དབྱར་སོས་ཀའི་དུས་ཀྱི་བོང་གསེབ་དེ། །
ཁོ་རེང་ངེ་རེང་ངེ་འདུག་དུས་མེད། །

ཕོ་ཞེ་སྡང་ཅན་དང་ཕྲག་དོག་ཅན། །
ཁོ་ཉལ་རུང་ལངས་རུང་བདེ་དུས་མེད། །
ནོར་ཐོབ་རྒྱུ་མེད་རུང་ཁྱི་རྒན་དེ། །
ཁ་ཅབ་བེ་ཅབ་བེ་དལ་དུས་མེད། །

ཕོ་བློ་ཁོག་ཅན་གྱི་བུ་རྒོད་པོ། །
ནོར་སྡུག་གསོག་མུག་གསོག་གང་དུས་མེད། །
ས་འོག་གི་བྱི་ལོང་མཆུ་དམར་དེ། །
ས་འབུར་རེ་འབུར་རེ་འདུག་དུས་མེད། །

ཕོ་རྒོད་པོ་ཚོང་ཁེ་བུན་ལོག་ཅན། །
འདང་སྟོང་བ་བརྒྱབ་ནས་གཉིད་དུས་མེད། །
འཇའ་འཛིན་འདོད་བྱིས་པ་བསམ་མེད་པོ། །
དབུགས་ཐེར་རེ་ཐེར་རེ་འདུག་དུས་མེད། །

མིང་བླ་མ་ཆེན་པོའི་གྲགས་པ་ཅན། །
ཐུགས་ཤི་སྔས་གཏད་ནས་བཞུགས་དུས་མེད། །
མཐོ་དགུང་སྔོན་བསྟོད་པའི་བྱ་རྒོད་དེ། །
ཁོ་ལྷབ་བེ་ལྷབ་བེ་རོ་ལ་འཁོར། །

ཟས་དཀོར་ཟས་འཚོལ་བའི་གྲོང་ཆོག་པ། །
ཁ་ལག་པ་གཉིས་ཀ་དལ་དུས་མེད། །
ས་རི་བྲག་དཀྱིལ་གྱི་བྲ་ཙིག་དེ། །
མཆུ་མོ་རེ་མོ་རེ་དལ་དུས་མེད། །

གནས་རི་ཁྲོད་འགྲིམ་པའི་སྒོམ་ཆེན་པ། །
གྲོང་ཁྱིམ་སྒོ་ཉུལ་ནས་ནས་སྤར་འཐུ། །
ཉིན་ལུང་སྟོང་འགྲིམ་པའི་སྤྱང་ལྟོགས་དེ། །
མཚན་ཀུག་གེ་ཀུག་གེ་རུ་མཐའ་ཉུལ། །

མིང་གོ་ས་མཐོ་འདོད་མི་ཆེན་ཚོ། །
སྡུག་ཡོང་གི་ཡོང་གི་སུན་དུས་མེད། །
མཐོ་རྫ་རི་ཉུལ་བའི་ཤ་བོ་དེ། །
ཁོ་གྲབ་བེ་གྲབ་བེ་འདུག་དུས་མེད། །

དོན་བསམ་བློ་མི་གཏོང་མདོ་མེད་པོ། །
ས་གང་དུ་སོང་ཡང་སྡུག་བསྔལ་མེད། །
མི་སྤྲང་བོས་ཁྲིད་པའི་སྤྲེའུ་དེ། །
ཁྲོམ་གར་སོང་བཞད་གད་ཆ་ལ་ལ། །

ཆོས་ཚུལ་བཞིན་བྱེད་པའི་སྐྱེས་བུ་དེ། །
ཕྱིའི་ཆ་ལུགས་ངན་ཡང་ཀུན་གྱིས་བཀུར། །
གདུགས་སེར་བོ་རྒྱུ་དག་ངན་ན་ཡང་། །
མི་ཀུན་གྱི་གཙུག་ན་གྱི་ལི་ལི། །
ཞེས་པ་འདི་ཡང་ཞང་བཙུན་པས་རྟ་རྫིང་ཇ་སག་ཨུ་རྐེ་ནས་བྲིས་པ་དགེ། །།

དེ་རིང་ཡར་ཀླུང་གི་ན་གཞོན་རྩོམ་པ་པོ་གྲགས་ཆེན་ཨེ་ཉི་མ་ཚེ་རིང་གིས་དཀའ་ལས་བརྒྱབ་ནས་བྲིས་པའི་དཔྱད་འབྲས་འདི་དག་སྐྱེས་སུ་གནང་བྱུང་། སྤྱིར་ན། ཡར་ཀླུང་ནི་བོད་ཀྱི་ལོ་རྒྱུས་ཀྱི་འབྱུང་གནས་ཙམ་དུ་མ་ཟད། རི་ཆུ་ནགས་གསུམ་སོགས་ཀྱང་ལོ་རྒྱུས་དེབ་ཐེར་ནང་འཁོད་པའི་གནས་མཆོག་ཅིག་ཡིན། རྩོམ་པ་པོ་འདིས་ཡིག་ཚང་དང་ཡུལ་དངོས་ཀྱི་མི་རྒན་རྣམས་ལ་གྲོས་དཔྱད་བསྡུར་གསུམ་གྱིས་ཡར་ཀླུང་གི་རི་ཆུའི་རིག་གནས་དང་བྱེ་བྲག་སྣེ་གདོང་ས་མིང་གབ་པ་མངོན་པར་ཕྱུང་ནས་བྲིས་ཡོད། འདི་ནི་བོད་རིག་པར་ཞིབ་འཇུག་བྱེད་པར་ཕན་ཐོགས་ཧ་ཅང་ཆེ་བའི་དཔྱད་འབྲས་ཤིག་ཏུ་བགྲང་ཆོག་པ་ཡིན། — བན་ཤུལ་དཔལ་མཁར་རྒྱལ་གྱིས།


发布     👍 0 举报 写留言 🖊   
✋热门推荐
  • 有兽焉,其状如马,一角有错,其名曰灌疏,可以辟火。彭水出焉,而西流注于芘湖之水,中多鯈鱼,其状如鸡而赤毛,三尾六足四首,其音如鹊,食之可以已忧。
  • 迟早会暴富的三大#星座#,精打细算,魄力十足NO.1 金牛座金牛座常常被人叫做铁公鸡,一毛不拔,在生活中他们很节俭,能省就省,买东西都会选择性价比高的,对别人也
  • #小说推荐##热门小说推荐##言情小说推荐# 与你相遇好幸运txt[挖鼻]一不小心爱上你txt[憧憬]我爱你画地为牢txt[哈哈]幸福太短你好长[哼]倚楼听雨
  • nene宝贝很爱我们氖原子们的礼物她都超喜欢nene宝贝从不会停止为氖原子提供表情包nene宝贝亲自在抖音打中文字 中文进步很大[爱心]​‎ ͏ 【饭‮水后‬果
  • 你们不了解他本性是阴毒的,磁场变大,意识变膨胀的要注意,那就在拉伸转移你们的灵体轨道,不知道的心性上就被他那么挂着,被他俩利用着,对他用感情的灵体都能被带下去,
  • 所遇之事,黑红灰白,所见之人,牛鬼蛇神,人亦或事相生相灭,在情和故之间碾转徘徊。实则死之一字,原是假名,以宿生所感一期之报尽,故舍此身躯,复受别种身躯耳。
  • 受伤的伤口之所以会疼,是因为它有伤口,我们没有办法将它抚平,有些人表面上看起来没心没肺,其实早就已经掏心掏肺,爱的太真的人,总会伤的最深,因为他们将爱人视为自己
  • 跟家属手牵手去喝奶茶,他买了奈雪霸气一桶瓜,我买了一点点抹茶奶茶,两家店很近,先拿他的再拿我的他问我为啥不跟他一起喝那一升,那么多他喝不完我说喝啊,一桶瓜有两个
  • 我的走心婚礼#沈阳婚礼策划# 晓付的婚礼台词分享#沈阳婚礼主持人# 从他们的故事中,我似乎找到了两人在爱情方面的共性,他们对爱情都有特别坚定的决心…男生是那种,
  • 在旅行里,随着作者一点点拾起曾经的思想碎片,随着他跟儿子的一场又一场的对话,正直的斐德洛终于战胜了一直试图逃避的讲述者。而作者的儿子,克里斯,也在努力寻找着那个
  • 想来拥有李健的妙语连珠和谢霆锋外貌的男人,虽然不多,但应该是有的,看缘分吧。我觉得李宇春单身的原因,是她太优秀,优秀的人是“无价”的,且眼光势必会高。
  • #好装潢>找云兰,靠谱##上海云兰装潢##好装潢,找云兰就对了# 小户型装修时经常忽略的细节,新手装修太容易踩坑了小户型的装修设计是家庭装修的一门大学问,因为空
  • 【售后】7天无理由退换货,非质量问题引起的退换货卖家不承担运费哦【尺码】52M59M,66M,顾客盆友们,我们是自产自销的生产厂家,本店的产品都是纯棉制作的哦,
  • 从邓伦案件披露内容看,他所面临的的后果,是本人“知错犯错、一错再错”的前提下造成的。在实际的交易与操作过程之中,我对走势图上各类经典的呈现方式异常重视,因为它们
  • #情感[超话]#不知道为什么最近老是想 爷爷他不是我的亲爷爷却待我很好但就在15年我初二那年走了……这么多年来我没有停止想他 不知道是差点忘了他的模样还是…爷
  • 那位女明星,她浅色印花拖尾晚礼服长及曳地,优雅从容款款走来,乌黑的长发浓密繁丽,松散垂在身后和双肩衬的肩颈白腻如脂,她脸上挂着淡淡的笑容像用夜明珠雕刻的侧颜,让
  • 让我跟儿子可以有个“家”我就当乜都唔知!我唔想面对一个虚伪噶人!
  • 3.本月下半旬解禁,这个规模不低,35亿左右,上周五控股股东开始增持,买了5000万+,往下还有5000万元到1亿元的增持计划。4.增持规模不高,解禁规模较高,
  • 对此,市卫健局精准对标创卫要求,充分发挥牵头部门的工作职能,处处率先垂范,积极开展健康教育与健康促进、慢性病防控工作、病媒生物防制工作、“四小”行业专项治理以及
  • 我:[疑问][允悲][允悲][允悲]于是这堂课,三分之一时间走神看鱼三分之一时间和老师探讨养鱼的技术三分之一的时间画画……下了课老师:你这画的和小朋友一样儿的,