གང་དུ་བོད་ཀྱི་སྐད་ཡིག་དང་།།
བོད་ཀྱི་རིགས་རུས་མ་བརྫད་པར།།
བོད་ཀྱི་གོམས་སྲོལ་རྒྱུན་བཟུང་སྟེ།།
གཙང་ཞིང་གཙང་མར་གནས་པ་དེར།།
རྒྱ་དང་ཁ་ཆེའི་བསླད་སྐྱོན་གྱིས།།
གོས་པ་མེད་པར་སྲིད་པ་འདི།།
ཇི་སྲིད་གནས་པ་དེ་སྲིད་དུ།།
རང་རིགས་གདོང་དམར་བོད་ཕྲུག་དག།
ལྷམ་མེ་ལྷན་ནེ་ལྷང་ངེར་ཤོག།

ཡབ་མེས་ཀྱི་ཕ་མཁར།

མཛེས་སྡུག་ལྡན་པའི་རི་བོ་གྲུ་འཛིན་ལ།
ཁྱེད་ནི་ཡུལ་དབུས་ཀྱི་ཕོ་བྲང་དམར་པོ་ཞེས་པའི་ཆེས་བླ་ན་མཐོ་བ་དེ་ཡིན་ལ། ཁྱེད་ནི་ང་ཚོའི་མེས་དབོན་གྱིས་བཞག་པའི་ཕ་མཁར་དེ་ཡང་ཡིན། ཕོ་བྲང་ལ་པོ་ཏ་ལ། ཁྱེད་ནི་གནོད་ཤུགས་གང་ཡང་མ་ཐེག་པའི་བོད་ཀྱི་ཕོ་བྲང་ནང་ནས་ཆེས་བརྗིད་ཉམས་ལྡན་པ་དེ་ཡིན་ལ། ཁྱེད་ནི་མེས་རྒྱལ་གྱིས་བཞག་པའི་གདོང་དམར་བའི་བླ་སྲོག་གི་ཕ་མཁར་དེ་ཡང་ཡིན།
ཇོ་བོ་ལ་ཡིད་བཞིན་ནོར་བུ། ཁྱེད་ནི་ང་ཚོའི་ནང་བསྟན་གྱི་བརྒྱུད་པའི་སྐུ་མཆོག་དེ་ཡིན་ལ། ཁྱེད་ལ་གང་གིས་གུས་ན་དེ་ལ་བྱིན་རླབས་སྩོལ་བས་ལྷ་མཆོག་དེ་ཡང་ཡིན་ནོ། །

ཐོབ་ཤོར་རེ་དོགས་ཀྱི་འགྲན་རྩོད་འདི་ཡིས།།
རང་སེམས་ཞི་དུལ་གྱི་ལྷིངས་འཇག་དཀྲོག་ཐལ།།
ཕྱིན་ཆད་བདེན་དྲང་གི་གུ་ཡངས་ངང་ནས།།
རང་སེམས་འདུལ་སྦྱོང་གི་ལས་ཤིག་མེད་ན།།
ཆོས་གཟུགས་འདི་ཀོ་ལ་སྙིང་པོ་འདུག་གམ།།

གུ་རུ་ཉི་མས། 2023 11 12


发布     👍 0 举报 写留言 🖊   
✋热门推荐
  • 新“西”望# | 一场盛会 激活一座城的蜕变与新生】从北京奥运会、广州亚运会到天津全运会,一场体育盛会让这些城市在收获巨大经济效益和传媒美誉的同时,也进一步拓
  • 进入今天的表态公号,即可看到本周文章集锦,来投个票吧,编辑们的鸡腿全靠各位了[doge][doge][doge]《健康之路》 20200701 通阳养肺一根葱,
  • 「南京白癜风医院」「南京华厦白癜风医院」「南京白癜风专科医院」对于白白患者来说「南京白癜风」我们应该尽「南京治疗白癜风」可能预防白「南京华夏白癜风医院」癜风的扩
  • #好多话想对你说[超话]# 人们往往在深夜潜入内心深海,又在天明前开始想念陆地灯火。 新生活正徐徐展开,以此轮皎洁的明月,共祝我们拥有长久的欢喜与美梦有实感
  • 员工试用期转正了,那么按照公司规定或者入职前约定的,要对员工的薪资待遇进行调整。同时为了保持内部岗位价值的相对公平性,公司也要在内部进行工资调查,对岗位工资较低
  • 。 ——网易云暖评 ━━阡蓓 #闲言碎语# #訫語情感# #好句##荡舟 心许 #七月的细雨 是前世的泪珠 曾经 沉睡让荷香唤醒满池的芙蓉盈盈绿水浸润孤芳
  • #李宇春 好听# [心]#李宇春无价之姐# 月光下说的我爱你为什么是个永远的谜说了再见心还在这里 亲爱的你想不想听 别哭这句话真甜蜜 我忘了三个字要人命
  • 这点估计我们运营小姐姐推荐给我的时候都不知道这个公司来头这么大,她随便用的,发现很有效就叫我上。不知道融创接盘了海盐的文旅项目后,开发商能不能成功解套,估计够呛
  • 说实话,腾哥哥你把这些戒了!。
  • [费解]还好我从来都不听(发出常美男子的声音[吃瓜])[白眼]U1S1,周⭐ 还是很棒的嘞[害羞]太好听了!那个什么向阳花大概是我追周⭐ 的路上最大的路障?
  • 假如,你的八字中有同气的喜用纳音,依年、月、日、时为序,又一柱比一柱纳音质量强大,说明你的事业可以越做越大;反之,则可能越做越小了。假如,你八字中同气的纳音五行
  • 根据现在相关规定,我国建筑工程企业的建筑资质,有必要装备必定数量的建造师注册人员等。全国市场缺口大:建造师是从事建设工程项目总承包和施工管理关键岗位的执业注册人
  • 杰 星杰星 星杰 都是一辈子的✨ 大傻子,我爱你 张小杰,我爱你 杰哥,我爱你 张杰,我爱你❤️ ✨ #冒个泡#            
  • 作为曾经在SKT的老搭档,这也是Huni和Bang时隔987天再次以队友的身份登场,两人上一次并肩作战还要追溯到2017年11月04日的S7全球总决赛决赛,这也
  • 朝气蓬勃天资高,矫健敏捷特灵活……他崇拜我肌肉饱满、身手不凡……我羡慕他天真无邪、烂漫活泼…… 【全民健身“五项五进”活动启动】市体育馆内,市太极拳协会教练员正
  • 49.所幸仍有光。#祺鑫[超话]# u1s1 能别把超话当朋友圈吗 啥都要往超话发 捞帖子够累的了 要互动可不可以发点含金量高的东西啊请把“cp超话不是你朋友圈
  • 这次去看到有两位身患病痛的患者,我们第一时间想到的,就是用咱们天津的医疗力量尽可能地救助他们!一周前刚为来自张家川县的马建宏、金勤堂两位患者做完手术,但自己仍然
  • 据了解,咨询周期间,全国招生高校将在线提供咨询,另外,山东省也在平台举办了咨询专场。 2020年是山东新高考落地元年,考生可以填报专业志愿的最大数为96个,对于
  • 今天步行回家。。。。思索这几天的市场走势,对于新投资者是极大的内心考研。对于经过15年市场洗礼的投资者内心安定稳健了很多。在这里小女子自写一首诗送给市场新的散户
  • 麻烦大家做一下了[熊猫]魔饭生使用教程: 【重点用户举报名单】(举报人身攻击+拉黑)模版:该微博多次通过微博、评论、账号信息、图片、具体描绘性行为或露骨宣扬色情