དེ་ཡང་ཉེ་ལམ་ལ། མཐོ་སྒང་གི་“ཁྱི་ལྡོམ”དང་འབྲེལ་བའི་གནད་དོན་ཁ་ཤས་གསལ་ལེར་དྲན་འོང་དེ། དེ་ཐད་དུ་རྒན་པད་མ་ཚེ་བརྟན་ལགས་ཀྱི་གློག་བརྙན་《ཁྱི་རྒན》དང་གངས་རི་གནས་མཆོག་ཚང་གིས་ཕལ་ལེན་གནང་བའི་དངོས་བྲིས་བརྙན་ཐུང་《ཡུལ་གྱར་ཁྱི་ལྡོམ》ལྟ་བུའི་བོད་ཁྱིའི་དཔལ་འབྱོར་དང་མི་ཁྱིའི་འགལ་བར་དོ་སྣང་བྱེད་ཀྱིན་པའི་བརྩམས་ཆོས་ཡང་མང་ཙམ་མཐོང་། སྤྱིར་བཏང་དུ། ཁྱི་ལྡོམ་ནི་མཐོ་སྒང་གི་སྤྱི་ཚོགས་གནད་དོན་གལ་ཆེན་ཞིག་ཏུ་གྱུར་འདུག་ཅེས་བརྗོད་ཆོག་པ་འདྲ་སྟེ། ལྷག་པར་དུ་རི་སྐྱེས་སྲོག་ལྡན་སྣ་མང་འཛོམས་པའི་གཙང་གསུམ་ས་ཁུལ་ལ་མཚོན་ན་ཁྱི་ལྡོམ་ལ་མ་གཞི་ནས་རང་བྱུང་གི་འཚོ་གནས་བར་སྟོང་རྒྱ་ཆེན་མི་འདུག་ཅིང་། ཡུལ་གྱར་གྱི་ལམ་ནས་རིམ་གྱི་སྤྱི་ཚོགས་ཡང་ན་རང་བྱུང་ལའང་གནོད་པ་གང་མང་ཐེབས་ཀྱི་འདུག གཅིག ཁྱི་ལྡོམ་དང་རི་སྐྱེས་སྲོག་ཆགས་བར་ལ་སྡེབ་སྦྱོར་བྱུང་དེ་རི་སྐྱེས་སྲོག་ཆགས་ཀྱིDNAལ་འགྱུར་བ་བཟོས། དཔེར་ན་ང་ཚོས་ལམ་བར་དུ་མཚམས་ལ་ལར་རླངས་འཁོར་ཤེལ་མིག་བརྒྱུད་དེ་སྤྱང་ཚོགས་ཀྱི་ཁྲོད་ནས་ཁྱི་སྤྱང་རེ་གཉིས་མཐོང་ནུས་པ་ལྟ་བུ་རང་རེད། ཡང་ན། ཡེ་ས་ཨི་པི་ཡ་རུ་ཧ་ལམ་རྒྱུ་མེད་པར་འགྲོ་བཞིན་ཁྱིའི་རིགས་རི་སྐྱེས Canis simensisལྟ་བུ་ཞིག་མཆིས་ལ། དེ་གྲུབ་བྱེད་ཀྱི་རྒྱུ་རྐྱེན་གཙོ་ཤོས་ཡང་ཁྱི་ལྡོམ་མང་པོ་དང་བསྡེབས་སྦྱོར་བགྱིས་པས་རེད། གཉིས། ཁྱི་ལྡོམ་དང་སྤྱང་། གསའ་ཕན་ཚུན་བར་དུ་ཁ་ཟས་འཕྲོག་རྩོད་ཀྱི་གནད་དོན་བྱུང་བ། དེ་ཡང་གསལ་བཤད་གནང་རྒྱུ་ཞིག་ལ་འབྲོག་ཁྱི་དངོས་མ་ཞིག་གི་ལྗིད་ཚད་ལ་ཧ་ལམ་རྒྱ་མ ༢༠-༣༠ ཙམ་ཡིན་ལ། ཆེས་ཆེ་ཤོས་ལ་རྒྱ་མ ༥༠ ཙམ་ཡང་མཆིས་པ་རེད། གསའ་དར་མ་ཞིག་གི་ལྗིད་ཚད་ནི ༣༥-༧༠ ཙམ་ཡིན་པས་དེ་གཉིས་ཕན་ཚུན་བར་དུ་འཕྲོག་རྩོད་བྱུང་ན་འབྲོག་ཁྱི་རྒྱལ་བའི་ངེས་པ་ཡང་ཅུང་ཆེ་འདུག གསུམ། གནའ་ལྟ་བུའི་རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་སྲོག་ཆགས་ཀྱི་འཚོ་གནས་ལ་གནོད་ཉེན་བཟོས། བཞི། ཁྱི་ལྡོམ་ཐུམ་འབུའི་ནད་བསྐྱེད་བྱེད་ཀྱི་རྒྱུ་གཙོ་བོར་ཆགས་པ། ཐུམ་འབུའི་ནད་ནི་འབྲོག་ཁུལ་གྱི་རྒྱུན་མཐོང་ནད་རིགས་ཤིག་ཡིན་སྟེ། དེ་ཡང་ཁྱི་ཤི་རོ་དང་སྟུག་པ་སོགས་ནི་ནད་དེ་རིགས་བསློང་བྱེད་ཀྱི་རྒྱུ་གཙོ་བོ་ཡིན། ལྔ། ཁྱི་ལྡོམ་དང་མི་བར་གྱི་འགལ་བ། འདི་ལྟ་བུ་ནི་ཅུང་རྒྱུན་མཐོང་དུ་ཆགས་འདུག་ཅིང་ལྷག་ཏུ་འབྲོག་ཁུལ་གྱི་ཁྱི་ལྡོམ་ནི་གྲོང་ཁྱེར་དང་མི་མཐུན་པར་རང་གཤིས་དྲག་པོ་དེ་རིགས་ཡིན་ཤོས་རེད། ངའི་ཤེས་གསལ་དུ་གྲོང་ཚོའི་ཉེ་འཁྲིས་སུ་ཁྱི་ལྡོམ་གྱིས་བཟུང་ནས་སྨན་ཁང་ལ་བསྡད་པ་ཡང་ཤིན་ཏུ་མང་། ཡང་ན་ཁྱི་ལྡོམ་གནད་དོན་གྲུབ་བྱེད་ཀྱི་རྒྱུ་རྐྱེན་ག་འདྲ་ཞིག་འདུག་ཅེས་ན། ༡-འབྲོག་ཁྱིའི་དཔལ་འབྱོར། ༢-གྲོང་གསེབ་དར་སྤེལ་གྱི་དབང་གི་འབྲོག་པའི་འཚོ་བ་རོལ་སྟངས་ལ་འགྱུར་ལྡོག་བྱུང་བས་འབྲོག་ཁྱིའི་མཁོ་དབང་མེད་པ། ༣-དབྱར་རྩྭ་རྐོ་བའི་དུས་ཚོད་དུ་ལྟ་མཁན་མེད་པའི་ཁྱི་ལྡོམ་དུ་ལོག་པའི་སྣང་ཚུལ། ༤-འབྲོག་མིའི་ཆོས་ལུགས་དད་མོས་ཀྱི་དབང་གིས་ཁྱི་ལྡོམ་ལ་གནོད་པ་མི་བཟོ་བར་མ་ཟད། ཟས་རིགས་སོགས་ཀྱི་སྦྱིན་གཏོང་བའི་གྲངས་འབོར་ཇེ་མང་དུ་ཕྱིན་པ། གནད་དོན་འདི་རིགས་ལ་རྒྱབ་ཁབ་ཕྱི་ནང་དུ་ཐག་གཅོད་བྱེད་སྟངས་ཆེས་གཙོ་ཤོས་ནི་རྒྱུ་གཅོད་རྒྱུ་དེ་རིགས་ཡིན་འདུག་ཅིང་། འབྲོག་ཁུལ་དུ་ཆོས་ལུགས་དད་མོས་ཀྱི་དབང་གིས་ལག་ལེན་གཏོང་བར་དཀའ་ལས་ཅུང་ཙམ་འདུག་པ་རེད། དེ་བས་ཡུལ་ཤུལ་དུ་དགོན་པས་ཁྱི་ལྡོམ་གསོ་སྐྱོང་གི་ཚན་པ་ཞིག་བཙུགས་འདུག འདི་ཡང་གནད་དོན་ཐག་གཅོད་ཀྱི་ཐབས་བཟང་པོ་ཞིག་རེད། དེ་མིན་མགོ་ལོག་ལྟ་བུའི་ས་གནས་ཁ་ཤས་ནས་གངས་རི་གནས་མཆོག་གི་རྒྱུ་གཅོད་འཆར་གཞིའི་ལག་བསྟར་བྱས་ཡོད་ས་ཡིན།

#流浪狗##藏獒经济崩盘##人犬冲突#

༧ བཀའ་དྲིན་འཁོར་མཐའ་བྲལ་བའི་རྗེ་ཁྱེད་ཉིད།།


大恩出世至尊师
དག་པའི་ཞིང་མཆོག་གང་དུ་བཞུཊ་གྱུར་ཀྱང་།།


现住何处清静界
བདག་སོགས་འཁོར་གྱི་ཐོག་མར་ལེགས་སྐྱེས་ནས།།


我等发愿跟随师
ཚེ་རབས་ཀུན་ཏུ་རྗེས་སུ་འཛིན་གྱུར་ཅིག།


愿师生世摄受我。[合十][合十][合十]

​གྲོགས་པོ་སྒྲིག་སྐབས་ངང་བཟང་ཕྱི་ཐག་རིང་ཞིང་བློ་འགེལ་སེམས་བརྟན་ཅན་གྱི་མི་དང་སྒྲིག་དགོས། མི་ལ་ལ་ནི་དེ་རིང་འདི་དང་བཟང་ཞིང་སང་ཉིན་དེ་དང་མཐུན་པ་སྟེ་ཐམས་ཅད་ལ་སྐར་མ་གསུམ་ཙམ་གྱི་བརྩེ་འདང་ལས་མེད། འདི་འདྲའི་འགྱུར་བ་སྐྱེན་པའི་མི་དག་ལ་འབྲེལ་བ་ཟབ་མོ་འཛུགས་མི་རུང་།


发布     👍 0 举报 写留言 🖊   
✋热门推荐
  • 4月20日A股游资龙虎榜:游资方面:溧阳路孙哥:买入3200万中交地产 ,买入1900万,卖出1800万畅联股份 ,卖出1700万天龙股份 (3日)解读:中交地
  • 董帆却不死心,她说:“虽然你和老谢很幸福,我和肖路也很幸福,我还是希望你能来参加我们的婚礼,大家打开心结。这个消息是老谢亲自对肖路说的,因为他不想肖路从别人口中
  • #美官员称美正以前所未有速度向乌运送武器#【美官员:美国正以“前所未有”的速度向乌克兰运送武器】当地时间19日,一位美国高级国防官员表示,美国正以“前所未有”的
  • 我赶紧问,你要做手术,这,我们是不是还得去医院看你,那个,不用给钱吧,诶,我们家楼下菜店有那种5块钱一堆的水果,我到时候提着去看你就够了吧,成熟的水果最好吃
  • 我的评分:[星星][星星][星星][星星][星星]大理|没人能拒绝这个水上乐园去大理你还停留在去古城吗?这个地方比古城geng好玩,大盆友小盆友好去处!多数是
  • 18句歌詞,20個「一」無一不是在述說彼此的故事,用最浪漫的方式,將我有多愛你讓世人都知道,不論歷經多少磨難苦痛,都會在長夜之後迎來曙光,一往直前,與你一同歸來
  • 晓洁现在就是在呼和浩特市宏盛工业园区附近的一片空地,这里有三三两两的市民在这放风筝,那五颜六色的风筝放在天上确实是很好看,不过您顺着镜头往这看:净空保护区内禁止
  • 不过,这种造型,本来是为了谭松韵的剧量身定做的,现在稍微改改就搬到了《长相思》女主杨紫与女二身上,着实有点违和啊!只可惜有些观众并不能了解杨紫的“良苦用心”把剧
  • #perthppe[超话]#[蜘蛛侠]#王俊勇 绝境岛# 数据组在推特发布了举报贴 推特举报达一定数量就会成功 请大家务必去举报举报:18_Perth‼️推特
  • 【神十三3名航天员身体状态正常|La tripulación asegura sentirse bien y feliz tras el aterrizaje
  • 她一张口,刚吐出一个音符,我就完全沉醉在她那奇妙的声音里,我的全部身心立即融入只有我和她的世界,仿佛与她在一起就是我的一切,除此之外,我别无所想,别无所感,别无
  • 更令人惊奇的是,工人在智能作业车上可高可低,自如穿行在“森林”底部的车轨上剪枝、采摘;自动喷药车也是无人驾驶,设置好数据就一头扎进“森林”自动喷洒,到头又自动退
  • 男性腹型肥胖如赘肉多、水桶腰等症状都是“带脉”堵塞了的外在表现,带脉不利不能再约束腰部及腹部赘肉的生长。神阙穴位于脐部,是人体的黄金分割点,为经气的汇海,五脏六
  • 然而在于泊认为,当年以3万元的低价卖给何天海宅基地时,也是看他带着孩子看病不容易。此时的于泊真是追悔莫及,后悔当初自己舍不得那80万,但于泊也没有放弃,想要再与
  • 彼此保护从来不是说说而已——肖战我一定会努力成为那个,当别人问到你喜欢的人是谁的时候,你们可以骄傲的说:“是肖战啊! 是你的别人一定抢不走,不是你的怎么都得不
  • 2018年5月22日,我市在睢县召开了孝善敬老工作观摩推进会,对农村全面实施孝善敬老工作进行部署,全面建立村级孝善理事会,采取子女自筹、政府补贴、社会爱心捐助“
  • 一个市值超越同仁堂icon、白云山的明星企业,因为王思聪的一条微博,市值竟然蒸发了67亿。一个市值超越同仁堂icon、白云山的明星企业,因为王思聪的一条微博,市
  • 重磅福利!!敲重点记得进群进群‍♀️明天超级会员日!!✨【互动游戏】晒单截图抢楼赢免单 、参与反馈接龙点赞前5赢红包✨【全额报销】抽1个幸运锦鲤奖,当天购物全部
  • 个人操作比较今日市场大跌,资金面持续恶化,机构纷纷撤退,没有钱,技术面基本面都是空中楼阁。#今日股市#第六个短线翻倍从2022年4月11号开始、到2022年5月
  • 一个群星灿烂的晚上,薛静回到宿舍后,叫晴雪出来有话说,晴雪心中很是疑惑,在校园的凉亭里,薛静的冷静让人觉得有些可怕,一向活泼的晴雪有一种喘不过气来的感觉,急着