རང་ཅག་གིས་ཡིན་མིན་ཐག་བཅད་པ་ཐམས་ཅད་ཀྱང་། རང་གི་སེམས་ལ་ཇི་ལྟར་ཤར་བ་བཞིག་ཐག་བཅད་པ་ཙམ་ལས་གཞན་ཅི་ཡང་མེད། རང་གིས་ཡིད་ལ་མ་ཤར་བ་དང་མིག་གིས་མ་མཐོང་བ་ནི་མེད་པ་དང་མི་སྲིད་པ་མིན་ལ། གསར་དུ་ཤེས་པའི་འདུན་པ་དགོས། སྤྱིར་སོ་སོའི་འཚོ་བར་སོ་སོའི་སྡུག་བསྔལ་ཡོད་མོད། རེ་བ་ཤོར་བ་དང་རེ་བ་བརླག་པའི་སྡུག་བསྔལ་ནི་སྡུག་བསྔལ་ཆེན་པོ་ཞིག་ཡིན་པར་སེམས། ཤི་གསོན་སོགས་སྔོན་བསགས་ལས་ལ་ཁ་གཡར་ན་ཁ་གཡར་བདེ་མོད། རེ་བ་ཤོར་བ་དང་རེ་བ་མེད་པ། རེ་བ་བརླག་པ་ནི་ཇི་ལྟར་ལས་ལ་ཁ་གཡར། རེ་བ་ཅི་ཡང་མེད་པར་འདས་ཟིན་པའི་ཉམས་མྱོང་ཙམ་ལ་བརྟེན་ནས་གསོན་དགོས་བྱུང་ན། དངོས་ནས་ཉམ་ང་ལ་ཐ་ཆག རེ་བས་སྟོང་ན་ཡིད་ཀྱིས་ཚོར་བ་རྒྱ་ཡན་དུ་བཏང་ནས་མཐར་སྨྱོ་ཡང་མི་སྲིད་པ་མིན།

གནོན་ཤུགས་ཀྱི་འོག་ཏུ་ཐམས་ཅད་བློས་གཏོང་བྱེད་མི་རུང་། ​ཕམ་ཁ་དང་དཀའ་སྡུག་འོག་ཏུ་མདུན་སྐྱོད་ཀྱི་བསམ་ཤེས་ཞིག་ཡོད་ན། དུས་ཚོད་གང་ཙམ་སོང་བ་ན་རང་ཉིད་ལ་ཐོབ་བྱ་ཞིག་ཡོད།

​སློབ་གསོ་པ་དབུ་མའི་ལམ་གྱིས་༢༠-༢༣-༡༠-༢༢ཉིན་བྲིས།[咖啡][咖啡]

རང་ཉིད་བཀླགསཔ།

བེ་མིག༼རྨ་ལྷོ༽

མི་ཐེག་ཁུར་བོ་ཞིག་ཤེད་ཀྱིས་ཁུར་ཏེ།།
མི་འགྲུབ་སྟོང་བསམ་ཞིག་སྙིང་དུ་བཟུང་ནས།།
མི་ཡུལ་འཚོ་བ་འདིའི་ཕྱི་ནང་འཚོལ་དུས།།
བདག་གི་ངོ་གདོང་ལ་རྒས་གཉེར་བརྩེགས་འདུག།

རྐང་ལམ་ཕྲ་མོ་དེ་བཙན་གྱིས་བརྒལ་ཏེ།།
མེས་པོའི་བཞུད་ལམ་ལ་སེམས་པ་ཐོགས་ནས།།
འཁོར་བའི་ཉིན་ཐོ་འདི་ཞིབ་ཏུ་བཀླགས་དུས།།
ལང་ཚོའི་མེ་ཏོག་དེ་རྙིད་ལ་རན་འདུག།

སྙན་ངག་སྒེག་མོ་དེའི་སྐེད་པར་འཁྱུད་དེ།།
སྡེབ་ལེགས་སྙན་ཚིག་དེར་མཆུ་སྦྱོར་གླན་ནས།།
དགའ་སྐྱོའི་སེམས་ཚོར་དེ་གཟུགས་སུ་ཕབ་དུས།།
བདག་གི་ནང་སེམས་དེ་གཅེར་བུར་བུད་འདུག།

མི་ལོ་ཉེར་བཞི་ཡི་དེབ་ཐེར་བཀླགས་ཏེ།།
ཨ་མའི་ནུ་རིན་ལ་ཁོག་རྩིས་བརྒྱབ་ནས།།
མི་ཚེའི་ཟས་རིན་ལ་རྩིས་གྲངས་བསྣན་དུས།།
ཅང་མེད་ཨ་སྐྱོ་ང་གཞི་ནས་ཆད་འདུག།

ཡེ་ལོ༢༠༡༥/༡༠/༡ཉིན།


发布     👍 0 举报 写留言 🖊   
✋热门推荐
  • #迷曲水印[超话]#【南韩现役最低音】Fᴇ̆̈ʟ̆̈ɪ̆̈x̆̈ 李龙馥 制造机MANIAC预热回归登上世趋第5️⃣颜值人气双TOP完美舞台表现力‼️完美爱豆来
  • #焕蓝梦想基金[超话]##跟着王俊凯益起来# [心]#焕蓝梦想基金#心善,是一种美德,人善,是一种修养,真善,是一种功德,对人,要有一种诚信,对事,要有一种明白
  • ”兰强双向奔赴的绝美爱情摘不下的骨兰 开满花的心海 都是兰强爱的证据东方青苍因为小兰花开始有了兄弟,有了忠诚,有了爱人,再也不孤单,小兰花的愿望也都实现了兰强都
  • 我只能自我解嘲说,可能那个超市,只为我一人开的嘛,我是Vip中的Vip,他们为了给我一个人特别服务,所以给了我一个特别的「白菜价」。但总归他家的饭还是好吃的 诶
  • ” 李泽言和你挨得很近,你轻而易举就听到了他声音里的笑意,末了又补了一句“我觉得华锐老板还是养得起一只小猪的。20年的夏天我永远记得 那是最快乐的一段日子
  • 当然寿县的美食也不可错过,特别是本地才能吃到的大救驾。#城市巡游记##发现自在假期##发现世界的不凡##有夏天的味道了##夏日造浪计划# 中国饮食文化历史悠久,
  • 类似的表达很多,比如:活出自我;自己高兴就好;先过自己这一关;彪悍的人生不需要解释;爱谁谁;等等。后来多次发生的情况可以印证,每当听到这俩字时,不是在写字楼就是
  • 6月18日我看到后,和村、镇L导进行阻止,郑晓鸿指示他亲属夏俊用装废渣车辆撞我,幸好村干部发现后拉我一手,救了我一命。6月18日我看到后,和村、镇L导进行阻止,
  • 没有自我康复的本领,是不设防的大门 ————毕淑敏 《造心》#阅之有道##心理##心理学#宇宙今天告诉了我一个道理如果不想要一样的东西的话,那么你100%连一丝
  • ④副攻位置传统攻略都是高攻➕混乱魔法,但我太非了,你懂吗,不生效,生效还没来得及打,就被另一个副攻打死……所以我打完回想起来,副攻可以一个高血,一个高攻……混乱
  • 围绕民事行政检察监督,紫云县院从“如何从表面监督向纵深监督转变、检察机关能否对已过诉讼时效的案件进行监督、行政诉讼检察建议不被采纳时应该如何做”几个方面,与大家
  • 佳能EOS R7 C目前不知道任何细节,但消息源称aps-c画幅RF卡口电影机将在2023年问世。警方在调查中发现,在事故发生后,有人销毁了警方内部关于“节假日
  • #情感##情感加油站#人这一辈子,其实就是一个过程,生老病死,喜怒哀乐,爱别理怨憎会,求不得,人生八苦,全都要唱一遍,走一遍,无论贫穷还是富贵,无论开心还是难过
  • 之前预告的高腰糯米裤 阔腿裤 突然降温面料涨价,刚才电阻和我说活动价要涨,得68-78,49做不了[笑cry] 我和她磨了好久好久价格 ⚠️ 终于谈了可以做一天
  • 不像许多同一时代的人(或像今天我们许多人),逃不出靠外在赐予的恩宠才能解脱的这种想法,他发现了每一个众生其本性都是清净的。[猪头][女孩儿][中国赞]虽然现今的
  • 据使用过安卓手机的朋友说,像小米这样的手机,使用系统自带的分身功能,多开微信登陆后很少会遭遇封号,这就让很多使用苹果手机又有好几个微信号需要登陆的用户感觉非常的
  • 因为我是一个很好的追随者,但我们都是一个乐观主义者,很容易对任何事情微笑并放手当我面对糟糕的事情时,我会告诉自己我会好起来的没关系,但在承认这一点之前,我已经为
  • 你熟悉的链条驱动自行车在 1890 年代发明后终于面世,但它们并不便宜,这是高科技产品。每一块链条需要完美和精确的公差,这在以前是不可能的。
  • 你终会明白,无论什么时候,爱情值得期待,但爱一个人最好的方式,就是好好爱自己,不要去追一只蝴蝶,而是要深耕自我,去成为一座春天,先遇见更好的自己,才可能遇见锦上
  • 读经宜冬,其神专也;读史宜夏,其时久也;读诸子宜秋,其致别也;读诸集宜春,其机畅也。善读书者,无之而非书:山水亦书也,棋酒亦书也,花月亦书也。