ཕ་ཡུལ་གྱི་སྣང་ཚུལ།

སྤྱི་ཚོགས་འཕོ་འགྱུར་དབྱར་གྱི་གནམ་གཤིས་ལ།།
མི་སེམས་གཡོ་འགུལ་སྤྲིན་གྱི་རང་གཤིས་ཅན།།
སྣ་ཚོགས་ངག་གི་འཆག་གཏམ་ཀུན་ཏུ་གླེང་།།
སྐོམ་གདུང་སེལ་བའི་སྦྲང་ཆར་གང་ནས་འབྱུང་།།

མི་གཞིའི་ཀུན་སྤྱོད་ཐལ་རྡུལ་ཁྲོད་ཏུ་གཡུག།
གཞུང་དྲང་གཤིས་བཟང་རླུང་ཁའི་མར་མེ་བཞིན།།
འཐེན་འཁྱེར་ཕྱོགས་རིས་དབྱར་མཚོ་བཞིན་དུ་བརྟས།།
ཡར་རྒྱས་རྡོག་རྫིས་གཏོང་བར་དགའ་སྣང་སྐྱེད།།

ཁ་ཡག་ཁོག་བཙོག་ཚུལ་འཆོས་ཅན་པོ་དག།
སྤྱང་ཀིས་ལུ་གུར་གཅེས་པ་ཁྲམ་པའི་ལས།།
ཁོག་བརྒྱངས་ཟིང་སློང་ལས་ལ་ཤིན་ཏུ་བྲེལ།།
ཡུལ་སྡེའི་ལྷིང་འཇགས་དཀྲུགས་པའི་གཏེ་བོ་རེད།།

འགྲོ་དྲུག་ཁ་ལ་འཁྱེར་བའི་ཚུལ་འཆོས་དེ།།
དོན་ལ་ཞེ་སྡང་སྦྲུལ་གྱི་རང་གཟུགས་ཅན།།
ཁ་ནས་དམངས་ལ་ཞབས་འདེབས་སྙན་བརྗོད་པའི།།
དཔོན་ངན་རུལ་སུངས་ཅན་དེ་འབངས་ཀྱི་དགྲ།།

གཟུར་གནས་བློ་ཡི་རྟོག་དཔྱོད་རིང་དུ་བོར།།
དྲང་བདེན་ངག་བརྗོད་ཙམ་ལས་ལག་ལེན་མེད།།
རང་ལྟ་མཆོག་འཛིན་ཅན་གྱི་མི་ཚོགས་ལ།།
བདག་གཞན་གཉིས་ཀ་ཕུང་པའི་བྱ་སྤྱོད་མང་།།

གདམས་ངག་ཟབ་མོའི་ཚུལ་གྱིས་བསླུ་བྲིད་བྱེད།།
དད་ལྡན་འབངས་མིའི་མགོ་བོ་གདུགས་ལྟར་བསྐོར།།
བསྙེན་བཀུར་རང་དོན་འབའ་ཞིག་རྙེད་པ་ཡི།།
རྫུན་མའི་རིགས་འདི་བསྟན་དགྲ་བསྟན་བཤིག་ཡིན།།

ལེགས་ཉེས་བླང་དོར་འབྱེད་པའི་མིག་མེད་ཅིང་།།
བདེན་དོན་ཐོས་པའི་རྣ་བ་འོན་པས་ན།།
གཞུང་དྲང་བློ་ཡི་ཡུལ་དུ་འཆར་བ་དཀོན།།
ཕྱོགས་ལྷུང་ཨུ་ཚུགས་ཅན་གྱིས་ཡུལ་དགོན་བརླག།

ཕྱི་ཡི་རྣམ་པ་རྒྱལ་སྲས་སྤྱོད་པའི་ཚུལ།།
ནང་གི་སྦྱོར་བ་རང་དོན་འབའ་ཞིག་རྙེད།།
གསང་བའི་སྒོ་ནས་ཁྱི་སྤྱང་ངན་འབྲེལ་ཅན།།
ཡུལ་ལུང་འདི་ཡི་རྒུད་པའི་གཞི་མ་ཡིན།།

ཡ་རབས་མི་ལ་སྡང་བའི་མིག་མདའ་འཕེན།།
མཁས་དབང་རྣམས་ལ་ཕྲག་དོག་མེ་ལྕེ་འབར།།
རྣལ་འབྱོར་སྤྱོད་པའི་ཚུལ་ལ་ལོག་ལྟ་བྱེད།།
གཟིག་ལྤགས་བཀབ་པའི་བོང་ཚོགས་མགོ་འཕང་མཐོ།།

དྲང་བདེན་ལྷག་བསམ་ཁ་ནས་འཆད་ན་ཡང་།།
གཡོ་སྒྱུ་ཁྲམ་པའི་ལས་ལ་དགའ་བས་འཇུག།
རང་བསྟོད་གཞན་སྨོད་ཅན་གྱི་མི་བུ་འགས།།
སྤྱང་ཀའི་དག་རྒྱབ་འཕར་ར་ལངས་འདི་མཚར།།

སྐྱབས་འགྲོའི་བསླབ་བྱ་ཙམ་ཡང་མི་མཁྱེན་ཅིང་།།
ཀ་ཁའི་སྨྱུག་རིམ་ལ་ཡང་དེ་བས་རྨོངས།།
མདོ་དང་སྔགས་ལ་ཐོས་བསམ་ཟབ་མོའི་ཚུལ།།
སྟོན་པའི་རང་རློམ་ཅན་ཚོ་སྙིང་རེ་རྗེ།།

མི་ཚེ་ཕྱེད་ཀ་སློབ་རའི་ཚལ་ནས་རྫོགས།།
ཕ་མའི་རྔུལ་ཁྲག་ཁྱོད་ཀྱི་ཁ་ཡིས་བཞིབས།།
མེས་པོའི་རིག་གནས་སྣང་མེད་གཡང་ལ་སྐྱུར།།
ཕ་ཤུལ་བུ་ཡིས་མི་ཟིན་ཁོ་ཐག་རེད།།

མི་རབས་བདུན་ལ་གཉེན་ཚན་བརྩི་བའི་ལུགས།།
ཆོས་རྒྱལ་མེས་དབོན་གསུམ་གྱི་སྲོལ་བཟང་ཡིན།།
ཁེ་ཕན་ཉི་ཚེ་ཙམ་ལ་དམིགས་ནས་ནི།།
མིང་སྲིང་གཉེན་ཏུ་སྒྲིག་པ་ཀླ་ཀློ་ཡིན།།

འཆམ་མཐུན་མཉམ་གནས་ཆོས་སྲིད་གཉིས་སུ་གསུང་།།
འཛམ་གླིང་ཞི་བདེ་ཀུན་གྱིས་རེ་ན་ཡང་།།
རྩྭ་ས་རྟ་སྟན་ཙམ་ལ་རིན་ཆེན་སྲོག།།
གཏོང་བར་ནུས་པའི་ལུག་ཁྲོམ་ཇེ་མང་རེད།།

མཐོང་ཐོས་མྱོང་བའི་ཡིད་ཀྱི་སྣང་ཚུལ་འདི།།
ཤེས་མེད་སྨྱོན་པ་སྐྱུགས་པའི་རང་བཞིན་ཡིན།།
གཅེས་སུ་འོས་པའི་ཕ་ཡུལ་ལུང་པ་འདི།།
ང་དང་ཁྱོད་ཀྱི་ལང་ཚོའི་གར་སྟེགས་ཡིན།།

                      ༢༠༢༣ལོའི་སྤྱི་ཟླ༡༠པའི་ཚེས༡༧ཉིན།
                               གྱོང་གངས་སྲས་ཀྱིས་བྲིས།

ཇི་སྲིད་ཞེ་འདོད་ཚ་དྲག་ན།།
དེ་སྲིད་སེམས་ཁོག་གཅོང་གིས་བཅིངས།།
བཟོད་པའི་བློ་ལ་བགྱིད་ཤེས་ན།།
ནང་སེམས་ཞི་བདེ་དྲོད་ཀྱི་བྱུག །

—— TB-QM


《秋》

ལག་པས་བཟུང་ནས་བདེ་བ་ཅན་ལ་འཕེན་མཁན་མེད།
རྐང་པ་བཟུང་ནས་དམྱལ་བར་འདྲུད་མཁན་མེད།
རང་གི་སྐྱིད་སྡུག་རང་གི་ལག་ན་ཡོད།
རང་གིས་རང་ཉིད་མི་བསླུ་ཤིན་ཏུ་གཅེས།
没有人会被握住手扔向极乐,
也没有人会被抓住脚拖进地狱。
个人苦乐在自己手中,
别自欺欺人   才是爱自己。


发布     👍 0 举报 写留言 🖊   
✋热门推荐
  • 三人都将之前的自己带入这段新的关系中:自己的记忆,思想,文化,思维方式,感觉和期望等等 。当然设定也不一样,原著是在非洲光着脚长大的,这里是从小生在东京长在东京
  • 我想,但我更不想你死大尾巴鱼,你应该活在水里,那才是你最自由最美的样子岸上全是假意,并无真心既然上了台,戏就该演到底“为爱成魔”——天涯海角,碧落黄泉“囚与被囚
  • ️而且里面添加的是鲣鱼弹性蛋白肽分子更小更好吸收哦~#缇丽莎尔[超话]# 不能辜负了可以肆意打扮的夏天呀!胶原蛋白补得好,是小仙女也是小鲜女~  直接可以吃的胶
  • ¿Por qué y cómo vender en Google Shopping?, ¿Cuál es su relevancia? Por Francisc
  • 热爱生活,喜欢小动物的他,看着窗外的万家灯火,也期待着,这个世界上属于他的那个人,能早点遇见他,走进他的生活。也对谢导说声辛苦了,一路走来,是你对电影的热爱,是
  • 蓦然回首,幸福就在身后,淡然停留,优雅转身,盈盈一笑,大道至简记得我爱老婆邢敏你今天是冬至,坊间有一种传说:在冬至夜晚,如果你吻了心爱的人,那么你们会一辈子心心
  • 虽然刘亦菲长得很白,但是她脸上好像也不会长斑呢,就是特别的干净啊,特别的漂亮。她因为长得就很美呀,所以根本也不需要什么修图就很有气质。
  • 近日,车规芯片企业芯驰科技正式发布E3系列高端车规控制单元(MCU),这是全球性能最高的车规控制MCU产品。同时,芯驰科技也为国内芯片企业开辟了一条新的路径:通
  • #爱豆v力量##爱豆能量月# jul31sat0436 [爱你] 做任何事,不管有多难,即使失败了,也都是正常,关键是有没有胆量勇敢面对。007 AK刘彰 ใน
  • 有的男生事事都在证明对方的不重要,机会抓的次次都是时候[允悲]没有第一时间害怕失去,也没有做出任何证明自己的行为,事后还要一味的说明自己,讲一堆“误会”一切都在
  • 居然还出了隐藏小帅哥弟弟给照的照片还怪好看的,不愧是有姐姐女朋友的小屁孩,噗哈哈哈哈哈哈单纯是喜欢520,绝对的酒店那两字没啥想法黑夜里缓缓前行的火车,司机一个
  • 不是说男孩语言发育普遍晚吗,怎么我家这只才一岁十个月就成了话痨……出门看见一家修车店,指着里面说“奥迪车烂了,要修好”我一看,真的有辆四个圈[允悲]再走几步看见
  • 情侣之间8个最忌讳的话题,你中了吗? 1.持续输出负能量 当遇到非常糟心的事情的时候,你需要发一个发泄口,这个可以理解。但是如果你一天到晚不停地balabal
  • ᵂᵉ ʷⁱˡˡ ᵍᵒ ᵃˢʰᵒʳᵉ ᵃᵗ ˡᵃˢᵗ, ⁱⁿ ᵗʰᵉ ˢᵘⁿˢʰⁱⁿᵉ. 我们终将上岸 阳光万里 ᵀʰᵉ ᵖᵉʳˢᵒⁿ ᴵ ˡᵒᵛᵉ ⁱˢ ᵍᵉ
  • 今年4月看的4部片子连片头曲的观感也和片子本身一致最好听的无疑是派对孔明的op,火爆程度自不必说夏日和辉夜的OP是属于初听有点怪,但是多听几次还是可以的, 最差
  • 不瘦到一百四不改名:聊一会天吧这条消息大概率被我忽视了 没有回复 他当时一定很生气吧 觉得我在吊着他 可是我没有 我只是不想让关系复杂化 可是后面 故事的结尾还
  • 如果能够在搞副业的过程中可以跟老板在一起沟通探讨的交流的话那么对于一个想实现自己的价值的人来说更是难得机会,孔老夫子真正的出名学问是一方面培养出了一帮各有特色的
  • 现在恰恰相反,身要舒服、要静,心里一天到晚胡思乱想,完全颠倒,怎能不生病、不短命? “动”里最殊胜的,为众生服务,一切利益众生的事要干。你只修你的善心,只照“纯
  • #陕西汉阴发生一起刑事案件##百姓与法制##凤凰新闻#【陕西汉阴发生一起刑事案件,男子救治无效死亡,警方发布通报】4月16日,安康汉阴县公安局发布警情通报↓↓↓
  • 所以,如果曼联想要保持整体向前压迫的战术,那么曼联改造后防线、改造中场将势在必行,而吕迪格将会被认为曼联改造防线时最为重要的一环,吕迪格本赛季是切尔西出场次数最