གང་གི་དྲིན་གྱིས་དགེ་བློ་འབྱུང་། །
འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །
གང་གི་དྲིན་གྱིས་བདག་དར་བ། །
དགེ་བའི་བཤེས་ལའང་བདག་ཕྱག་འཚལ། །

རྒྱས་སྲས་ཆེན་པོ་ཞི་བ་ལྷས།

ཅི་ནས་རང་གི་སེམས་ལ་མི་ཕན་པའི།།ཆོས་དེ་ཁ་ཆོས་ཡིན་གྱི་དོན་ཆོས་མིན།།རང་གི་སེམས་ལ་ཁྱད་པར་མི་འདུག་ན།།ལོ་བརྒྱར་མཚམས་སྒྲུབ་བྱས་ཀྱང་ངལ་བའི་རྒྱུ།།——རྫ་དཔལ་སྤྲུལ་ནས། 只要无法助益于自心此法乃是语法非真法如若自觉对此无所别即使百年闭关也白搭——华智仁波切

བོད་ཀྱི་བརྡ་སྤྲོད་ཀྱི་བསྟན་བཅོས་ཆེན་པོ་བརྒྱད།

དེའང་པཎ་ཆེན་ཆོས་ཀྱི་ཉི་མའི་(1883—1937)སུམ་ཅུ་བའི་སྙིང་བོ་མདོར་བསྡུས་ཅེས་པར། “སློབ་དཔོན་གྱིས་ཡི་གེའི་སྦྱོར་བ་འདི་དག་བསྟན་བཅོས་བསྒྱུར་བ་དགོས་པའི་གཙོ་བོར་བཟུང་བ་དེའི་ཕྱིར་ལེགས་སྦྱར་གྱི་བསྟན་བཅོས་དང་སྒོ་བསྟུན་ཏེ་མཛད”པར་གསུངས་པ་བཞིན་རྒྱ་གར་གྱི་བསྟན་བཅོས་ལ་དཔེ་བྱས་ཏེ་བོད་ལ་བརྡ་སྤྲོད་བསྟན་བཅོས་བརྒྱད་བརྩམས་པར་གྲགས་པ་སྟེ།

དེའང་ཐོན་མིའི་ཞལ་ལུང་དུ་“གྲངས་བརྒྱད་ངེས་པའི་དོན་ལ། རྒྱ་གར་ན་སྒྲའི་བསྟན་བཅོས་ཆེན་པོ་བརྒྱད་ཡོད་པ་དང་ཆོས་མཚུངས་པར་བརྩམས་ཞེས་སྡེ་སྲིད་སངས་རྒྱས་རྒྱ་མཚིའི་གཡའ་སེལ་སོགས་སུ་གསུངས་ལ་”ཅེས་པ་ལྟར་ད་སྔ་ལོ་རྒྱུས་དང་མཁས་པའི་གསུང་སྒྲོས་སོགས་སུ་འདི་བཞིན་དུ་གྲགས་ནའང་། ཐོན་མིས་བརྡ་སྤྲོད་ཀྱི་བསྟན་བཅོས་ག་ཚོད་མཛད་ཡོད་མེད་ལ་མཁས་པ་སོ་སོའི་བཞེད་ཕྱོགས་མི་མཐུན་པ་དུ་མ་ཞིག་ཡོད་དེ།

རྒྱལ་རབས་གསལ་བའི་མེ་ལོང་དུ་“འདི་ནི་ཟུར་ཙམ་ཡིན་གྱིས། རྒྱས་པར་ཤེས་འདོད་ན་ཐོན་མིས། དང་པོ་ཡི་གེའི་རྣམ་འགྱུར་གྱི་བཟོ་བརྩམ། ཀ་སྨད་སུམ་ཅུར་བསྒྱུར། སྡེ་སྦྱོར་བསྒྲིག་པའི་གཞི་མ། ཐོན་མི་མདོ་རྫིའི་སྒྲ་མདོ་བྱ་བ་ཡོད་ཀྱིས་དེ་དག་ལ་གཟིཊ་ཤིག”ཅེས་ཐོན་མིའི་མཛད་པའི་བསྟན་བཅོས་ཁ་ཅིག་གི་མཚན་བྱང་གསུངས་ཡོད་ལ།

དེ་བཞིན་དུ་ཞྭ་ལུ་ལོ་ཙྭ་བ་ཆོས་སྐྱོང་བཟང་པོས་མཛད་པའི་སུམ་ཅུ་བའི་རྣམ་འགྲེལ་དུ་“མུན་པའི་སྒྲོན་མེ་ནི་ཐོན་མིས་མཛད་སྲིད་ནའང་། རྒྱ་གར་གྱི་སྐད་ཀློག་ཚུལ་ཡིན་གྱི། བོད་སྐད་ལ་འཇུག་པ་མ་ཡིན་ནོ། ”ཞེས་གསུངས་བའི་ཚུལ་ལ་བསམ་ན་ཐོན་མིས་མཛད་པར་གྲགས་པའི་མུན་པའི་སྒྲོན་མེ་ཞེས་པ་ཞིག་ཀྱང་ཡོད་པར་གོ་ལ།

དཀར་ལེབས་དྲུང་ཡིག་པད་མ་རྡོ་རྗེས་མཛད་པའི་རྟགས་འཇུག་གི་མཐའ་དཔྱོད་དུ་“རང་སྐད་དང་འཚམ་པའི་བརྡ་སྤྲོད་སུམ་ཅུ་བ་དང་། རྟགས་ཀྱི་འཇུག་པ། ཀླུ་དབང་མགུལ་རྒྱན་སོགས་མཛད་དེ་ཆོས་བསྒྱུར་པིར་ཐོགས་ཡི་གེའི་སྲོད་གཏོད་མཛད”ཅེས་གསུངས་པར་གཞིགས་ན་ཐོན་མིའི་མཛད་པའི་ཀླུ་དབང་མགུལ་རྒྱན་ཞེས་པ་ཞིག་ཀྱང་ཡོད་པར་ངེས་ལ།

གཞན་ཡང་། འབྲས་སྤུངས་མཁན་ཁྲི་བསྟན་པ་བསྟན་འཛིན་མཆོག་(1917—2006)གིས་མཛད་པའི་“སུམ་རྟགས་ཉི་ཟླ་ཟུང་འཇུག”ཅེས་པར། སུམ་རྟགས་གཉིས་ཀྱི་བསྟན་ཚུལ་བཅས་ལ་དཔགས་ཏེ་བསྟན་བཅོས་བརྒྱད་པོ་ཇི་ལྟ་བུ་དཔྱད་ནས་རིགས་སྒྲུབ་ཀྱི་ལམ་ནས་གཞན་དང་མི་མཐུན་པ་ཞིག་ཀྱང་གསུངས་ཡོད།

འདི་འདྲའི་གསུངས་ཚུལ་མི་འདྲ་བ་མཆིས་ནའང་ལོ་རྒྱུས་དང་བརྡ་སྤྲོད་པའི་བསྟན་བཅོས་སོགས་གཞུང་གུང་བསྒྲིགས་ན། སུམ་རྟགས་གཉིས་དང་། ཡི་གེའི་རྣམ་འགྱུར་བཟོ་བརྩམས། ཀ་མད་སུམ་ཅུར་བསྒྱུར་བ། སྡེབ་སྦྱོར་སྒྲིག་པའི་གཞི་མ། ཐོན་མིའི་མདོ་རྫིའི་སྒྲ་མདོ། མུན་པའི་སྒྲོན་མེ། ཀླུ་དབང་མགུལ་རྒྱན་བཅས་བརྒྱད་པོ་དེ་བགྲང་བར་བྱེད་དོ། །

2150/9/4 གཡུ་སྐྱེམས།


发布     👍 0 举报 写留言 🖊   
✋热门推荐
  • 成功的鎖钥=智慧+誠實 有人問:有人講,要成為一個成功的領導者,有兩種方法。第一是,修身養性,以誠待人,內聖外王,讓人家心悦誠服。第二是,用一套厚黑學,講方法
  • 《牡丹亭》第四十一出·耽试原文   【凤凰阁】〔净扮苗舜宾引众上〕九边烽火咤。秋水鱼龙怎化?广寒丹桂吐层花,谁向云端折下?〔合〕殿闱深锁,取试卷看详回话。〔集
  • 【礼敬先哲 彰显中华智慧——长春市文庙博物馆举办纪念孔子诞辰2572周年典礼】9月28日,是我国伟大的思想家、教育家、儒家学派创始人孔子诞辰2572周年。【长春
  • ———————#日常##时尚穿搭##自律人生挑战大赛##读书,我们是认真的[超话]##读书打卡# 一个有能量的人具备三种基本能力:1.自律。#每日一善[超话]#
  • 一大早的雨让我想起了36年前的今天。 1985年9月15日黄土高原上也是秋雨绵绵。那是我上大学开学报到的日子,经过几年的打拼终于要跳出农门,不仅是我包括对于我们
  • 如果这世界没有如果 人生真的好短暂 好想简单点 做喜欢的事 但并不想变成自己讨厌的人 人就是矛盾的结合体 原来刻骨铭心的感情 与时间长短无关 与什么有关 好像
  • 人人都在为自己的梦想努力,而我的梦想就是奔向你!任风吹散无畏的虚言,只余你我相守的契约,顺顺利利,平平安安。
  • (四)两江新区光环购物公园和爱琴海商圈易发拥堵时段为10时至14时、18时至20时,主要拥堵道路金开大道、金州大道、重光立交、金福路、万年西路、湖山路、湖红路、
  • #宜业•宜居•宜游 晋善•晋美•晋城# 【山西画报·太行头条】图讯在线|山西阳城县金秋舞蹈俱乐部举办成立一周年汇报演出 11月7日晚,山西阳城县金秋舞蹈俱乐
  • 【乐山2017年度易地扶贫搬迁住房建设全面完成】实现脱贫攻坚“四个好”首要任务就是住上“好房子”。为确保贫困群众“居有所安”我市严格按照规划引领扶贫搬迁住房建设
  • 以辛勤劳动为荣、以好逸恶劳为耻。以辛勤劳动为荣、以好逸恶劳为耻。
  • 不得不承认有些人有些事的出现就是为了让你成长的几个月前的我还单纯的想着只要两个人相爱,其他一切都不是问题...记得几个月前朋友跟我说的“年纪到了,爱不爱的不重要
  • 这是他一生没有碰过的奇怪爱情烦恼,对他这个一生顺遂的人来说,真是难得的经验….未来我们都会活很老,同时离婚率的提高与提早发生让很多人在中年之后还会有第二度/ 第
  • 摸一摸小揪揪又出江湖……[憧憬][憧憬][憧憬]今天真的是帅爆了……超级超级期待宁宁子的音综快来吧@摩登兄弟刘宇宁 ​ ​​#电视剧安乐传[超话]#洛铭西,其
  • 官宣9月20日正式开园的北京环球度假区助推北京旅游热度,携程平台近期目的地访问热度北京连续多日稳坐第一,搜索热度遥遥领先于其他城市。数据显示,9月6日通过携程预
  • 最近倒是经常后悔自己做错了选择题 对人说错了话,对事选错了方法等等 后来又觉得,世事皆有因果,冥冥之中也有既定的安排,人生也是单向选择并且不可逆的一个过程 所以
  • 而海外版将称为“Limo”致力满足欧洲市场的多元化出行需求,将作为对公市场的专属车型,提供给出租车、网约车和车辆租赁公司,并不对个人销售。工厂自动化智能装备精准
  • 这位僧人因为经历这段特殊奇异的过程,从此修持行脚乞食的头陀苦行,遍参明师善友,专心办道,后来竟成为一位有名的高僧。《竹窗随笔》是大师晚年的随笔文集,内容包含大
  • #张艺兴[超话]##现在的你想和几岁的张艺兴相遇# @努力努力再努力x 其实也不是非要固定在哪一天相遇,因为我们遇见的时候,恰巧是最适当的日子~其实我是你的影迷
  • 通篇看完,你会发现,作者绝非我等真正不懂画之辈,最起码对国画、油画、水粉是有一定欣赏基础的,但他却以自谦为看不懂画的人的口吻,来写看画的感受和对画作的评价及议论