གསེར་ཆེན་རྫོང་གིས་ང་ལ་བཞག་པའི་ཤུགས་རྐྱེན་ཟབ་ཤས་དེ་མཚོ་ལྷོ་བོད་རིགས་རང་སྐྱོངཁུལ་དཔེ་མཛོད་ཁང་ཟེར་བའི་དཔེ་ཁང་བརྗིད་ལ་ཡིད་དུ་འོང་བ་ཞིག་འདུག་པ་དེའོ། [咖啡] https://t.cn/R2WxDcn

@@@མདོ་ལང་གར་གཤེགས་པ་ལས། སེམས་ཙམ་ལ་ནི་བརྟེན་ནས་སུ། ཕྱི་རོལ་དོན་དུ་མི་བརྟག་གོ། སྣང་བ་མེད་པ་ལ་བརྟེན་ནས། སེམས་ཙམ་ལས་ནི་འདའ་བར་བྱ། །ཡང་དག་དམིགས་པ་ལ་བརྟེན་ནས། །སྣང་བ་མེད་ལས་འདའ་བར་བྱ། ། རྣལ་འབྱོར་སྣང་བ་མེད་གནས་ན། ། ཐེག་པ་ཆེན་པོ་མི་མཐོང་ངོ་། ། ཞེས་གསུངས་པ་ལྟར་ལས་དང་པོ་པས་ས་ནས་གོ་རིམ་འདི་ལྟར་རིམ་བཞིན་དུ་བགྲོད་ནས་གནས་ལུགས་མངོན་དུ་བྱེད་པ་ནི་བླ་མ་དམ་པ་གོང་མ་དག་གིས་གཤེགས་ཤུལ་ལ་སྐལ་ལྡན་དག་མ་ནོར་བར་འཇུག་ཚུལ་འདི་ཁོ་ནར་ངས་ལགས་སོ།།

ངག་དབང་དབྱངས་ཅན་ལ་བསྟོད་པ།

རྩོམ་པ་པོ། ཛམ་རྟོགས་ཤུལ།
རྒྱལ་ཀུན་ལོང་སྤྱོད་འཁོར་ལོའི་རྒྱུ་འཕྲུལ་ཀུན་རྫོབ་སྣ་ཚོགས་སྣང་བའི་མ།།
མཛེས་པའི་གཟུགས་ཀྱི་ཆ་ཙམ་ལའང་དཔེ་མཚོན་མེ་ཏོག་སྟོང་གི་གཞི།།
རྒྱུད་སྟོང་དཀྲོལ་བའི་སྒྱུ་མའི་སོར་མོ་ཤེལ་གྱི་ལྕུག་ཕྲན་རེ་རེ་ནས།།
ངག་གི་དངོས་གྲུབ་གང་འདོད་སྦྱིན་མཁས་མཚོ་བྱུང་ལྷ་མོ་དང་བས་འདུད།།

བརྟེན་འབྲེལ་འོ་མའི་ཆུ་གཏེར་ངོས་ལ་ལེགས་བྲིས་པུར་གྱི་འགྱུ་མ་མིག།
སྐད་ཅིག་མི་ལྷོད་འགྲོ་བའི་སྙིང་ལ་ཟུར་མདའ་རྣོན་པོའི་རྩེ་དགའ་ཅན།།
དར་ཚོན་སྣ་ལྔའི་འཇའ་གུར་འོག་ཏུ་བཅུ་དྲུག་ལང་ཚོའི་མཛེས་སྡུག་འབྱམས།།
སྙན་ངག་བདུད་རྩིའི་དཔྱིད་དཔལ་འཇོ་བ་ངག་དབང་དབྱངས་ཅན་ལྷ་མོར་འདུད།།

ཕྱིན་དྲུག་རིང་བ་འཛིན་མེད་ཏིང་འཛིན་རུས་པ་དཀར་པོའི་རྣ་ཤལ་ལྷམ།།
ཀུན་རྫོབ་མུན་པའི་གཏིང་མཐའ་གྲོལ་བ་མིག་སྨན་རལ་བའི་ཐོར་ཚུགས་འཆིང་།།
ཞི་གཉིས་གར་སྟེགས་གདན་དུ་འཆའ་བ་པདྨ་ཉི་ཟླ་དུས་མེ་སོགས།།
བརྩེགས་པའི་སྟེང་ལ་ཙོག་པུར་འགྱིང་བྱས་མཚན་དང་དཔེ་བྱད་རྒྱན་གྱིས་བརྒྱན།།

རབ་དཀར་བཞིན་གྱི་དཀྱིལ་འཁོར་འཛུམ་པས་ཟླ་བ་འབུམ་གྱི་སྐྱེངས་དང་ལྷན།།
བཞི་བཅུའི་ཚེམས་ཕྲེང་ཤེལ་དཀར་གངས་ཀྱི་མི་ཁྱུད་འདིའང་དགོད་དམ་སྙམ།།
དེ་ཚེ་མཚན་ཞག་སྟོང་སྒུག་པའི་རྨི་ལམ་དཀར་པོའི་འཇིག་རྟེན་ནས།།
ལྷ་མོའི་ཞལ་རས་མཐོང་ཙམ་བྱས་པ་དགའ་བདེ་སྤྱོད་པའི་སྣང་བ་ལྷགས།།

བུང་བ་ལྟར་ནག་སིལ་བུར་བྱེད་པ་སྐེད་པའི་མཚམས་སུ་འཕྱངས་བྱས་ཤིང་།།
དེ་དག་དཀྲོལ་བའི་རིན་ཆེན་མུ་ཏིག་ཕྲ་རྒྱན་བཏབ་པས་དབུ་ལ་བརྒྱན།།
མགྲིན་པའི་རིག་བྱེད་རི་མོ་གསུམ་པའི་འགྱུར་ཁུག་བྲིས་པ་ངོམ་པའི་ཁར།།
ཡང་དག་དཔྱད་དེ་ནོར་ལྷས་ཕུལ་ལམ་སྙམ་པའི་དགུལ་རྒྱན་བྲང་ལ་དཔྱངས།།

བགྲང་བྱའི་འཁོར་ལོ་གངས་དང་གཡའ་ནས་ཚེ་གཅིག་བསྐོར་བའི་ཏིང་འཛིན་ཀྱང་།།
དཀྲོག་པར་བྱེད་ན་འདོད་ལྡན་སྐྱེས་བུ་ལྟ་ཅི་མྱོས་བུམ་དུད་པ་ཅན།།
ཁུར་བས་ངལ་ཏེ་རྒྱག་སྨིན་གསར་བའི་བིམ་པ་མཚར་སྡུག་ལྗེན་ཆར་དུ།།
སྟོན་པ་རིགས་མིན་སེང་རས་དཀར་པོའི་འོག་ཏུ་སྒྲིབ་པའི་ངང་ཚུལ་འཛིན།།

ཕྲེང་དོགས་བཤུལ་ནི་གངས་ཀྱི་རི་བོ་འཇམ་དབྱངས་རལ་གྲིས་གཤེགས་པ་བཞིན།།
ཕྲ་ཞིང་ཕྲ་ལ་ཕྱེད་སྒྲིབ་ཕྱེད་ནི་གསལ་བར་མངོན་པའི་འཕྲོ་མ་ནི།།
ལྟེ་བའི་འཁོར་ལོ་སྨད་ནས་འཁོར་ཞིང་སྐེད་པ་ཆུ་ཤེལ་མདའ་མོ་བཞིན།།
གདུལ་བྱ་འགའ་ལ་གོས་ཀྱི་སྦུབས་སུ་ཡོད་དམ་སྙམ་པའི་ཐེ་ཚོམ་འདྲེན།།

དཔྱི་མགོ་སྦོམ་ཞིང་བླ་གཉིས་མཚམས་རེ་ཕན་ཚུན་འཁྱུད་པའི་འཁྲུལ་བ་སྟེར།།
ཆུ་སྐྱེས་གསར་བ་གསེར་ཀྱི་སྐུད་པས་གཙེག་ཀྲུབ་བྱས་པའི་སྨད་གཡོག་ནི།།
སྲབ་འཇམ་ཡང་བའི་དགེ་མཚན་ཀུན་ཚང་ལི་ཁྲིའི་མདངས་ལ་ཐད་ཀར་འགྲན།།
དད་པའི་སྤུ་ལོང་གཡོ་བའི་རླུང་གིས་མཐིལ་ནས་ཅུང་ཙམ་བསྐྱོད་པ་ཡང་།།

རྐང་མཐིལ་ཟུང་ནི་མེ་ཏོག་རྫས་ཀྱི་ངུར་སྨྲིག་ཚོན་བྱུགས་ཕྲ་ཞིང་མཉམ།།
སེན་མོ་རྣམས་ནི་ཕྲ་བའི་ཤེལ་དང་དུང་གི་གླེག་བུ་དྲིས་པ་བཞིན།།
སྲབ་ཅིང་གསལ་ལ་འོད་ཟེར་འཕྲོས་པ་ཆུ་སྐྱེས་པདྨའི་གདན་བཀོད་དེ།།
ལྟ་བའི་མི་ངོམས་མཚར་སྡུག་གསལ་རྫོགས་ན་ཆུང་བུ་མོའི་རྩེ་ན་རྒོད།།

དྲི་ཟའི་དབྱངས་ཀྱང་ནེ་ཙོའི་གཏམ་གྱི་གོ་འཕང་གསར་བ་ལ་འགོད་པའི།།
ཟབ་དོན་དབྱངས་ཀྱི་རྒྱ་མཚོ་སྐྱོམས་པས་ཡན་ལག་དྲུག་ཅུའི་རྦ་རླབས་འཕྱུར།།
ཁེངས་ལྡན་དགའ་མའི་བཞིན་གྱི་ཟླ་བ་སྐྱེངས་བའི་ས་རུ་ལྷུང་བ་ཡང་།།
ཡང་དག་ཉིད་དེ་དེ་ཉིད་འབུམ་ཕྲག་གཅིག་ཏུ་བསྡུས་བྱས་འཛུམ་ཞལ་ངོམས།།

རང་བཞིན་ཡེ་ཤེས་པྲ་ཕབ་བརྒྱད་ལྡན་དོན་དམ་ལྷ་མོའི་ངོ་བོ་ཉིད།།
ཀུན་རྫོབ་སྒྱུ་མའི་སྤྲུལ་པ་སྣ་ཚོགས་དབང་པོའི་གཞུ་ལས་ལྷག་པར་སྡུག།
མདའ་ལྔའི་དབང་གྱུར་གདུལ་བྱའི་ཡང་ནི་ཡིད་ཀྱི་དབང་པོ་ཅིག་ཆར་དུ།།
ཕྲོགས་པའི་ཐབས་མཁས་ཐུགས་རྗེའི་ཆུ་གཏེར་ལས་གྲོལ་ངག་དབང་དབྱངས་ཅན་མ།།

གཉིས་དོན་མོས་པའི་ཆེ་བའི་ཡོན་ཏན་རྒྱན་དུ་འདོགས་པའི་གར་མཁན་མས།།
སྤྲོས་བྲལ་ཏིང་འཛིན་ཕྱིན་དྲུག་མལ་ནས་རྒྱལ་བའི་སྲས་དག་ལམ་སྟོན་པའི།།
གདམས་པའི་མེ་ཏོག་ལྷ་སྐལ་ཕོག་པའི་ཚོགས་གཉིས་རྫོགས་པའི་ཞིང་ས་རུ།།
རིག་བྱེད་ཚིག་གིས་མེ་ཏོག་སྣ་ཚོགས་ཡང་ཡང་མཆོད་པའི་ས་བོན་བཅུག།

གནའ་དེང་ངག་རིག་པདྨའི་ཚལ་དུ་འོ་མའི་རྒྱ་མཚོ་བསྐྱིལ་པ་བཞིན།།
སྙན་པར་སྨྲ་བའི་ཤེས་ལྡན་རྣམས་ནི་སེམས་ཀྱི་མེ་ལོང་ངོར་བསུས་ཏེ།།
མགྲིན་པའི་དུང་མཚོར་དབྱངས་ཀྱི་ཕོ་ཉར་ཁྱེད་ཉིད་གཅིག་ཏུ་མངའ་གསོལ་བས།།
སྲིད་དང་ཞི་བའི་ཕ་རོལ་ཁྲིད་ཅིག་རྒྱལ་བའི་སྲས་མོ་དབྱངས་ཅན་མ།།

སྙན་ཚིག་ཕྱག་རྟེན་ཕྲེང་བའི་ལྗོན་ཤིང་མེ་ཏོ་སྣ་ཚོག་བརྒྱན་པའི་ངག།
དང་བའི་ཡིད་ཀྱི་དུས་གསུམ་མཆོད་པ་རྒྱལ་སྲས་རྣམས་ཀྱི་རྗེས་སོང་བ།།
མ་རྟོགས་ལོ་རྟོག་ཐེ་ཚོམ་སོགས་ཀྱི་མེ་ལྕེ་སྐད་ཅིག་སྙིལ་བྱེད་པའི།།
དངོས་གྲུབ་བདུད་རྩིའི་སྦྲང་ཆར་སྩོལ་ཅིག་ཤེས་རབ་དཔའ་བོའི་མཛེས་མ་ཀྱེ།།

ཉོན་མོངས་ནད་ཀྱི་སྲིན་བུ་ཁྲག་འཐུང་མདའ་ལྔའི་མཆུ་ཏོ་བཅག་བྱེད་པའི།།
སྒྲིབ་གཉིས་མ་རིག་མུན་པའི་རྒྱ་མཚོ་འཐུང་བའི་ཐོར་ཚུགས་མཛེས་པ་ཅན།།
རིང་ནས་མཆོད་ཅིང་དེང་ཡང་མཆོད་པའི་སྤྲོ་དགའ་འབུམ་གྱི་སྟོན་མོ་ཡིས།།
མ་གྱུར་སེམས་ཅན་རྗེས་སུ་ཟུངས་ཤིག་དེ་ཡི་རྒྱུ་ལ་ཡང་དག་བསྔོ།།


发布     👍 0 举报 写留言 🖊   
✋热门推荐
  • 在二战中,英国认为德国可能用轰炸机对英发动生物战,因此大力开发生物武器,以随时对德国进行报复,而向英国提供“弹药”的重任就落在了美国身上。我们几乎可以肯定的是,
  • 收22年1月刊期,国家级,万方收录,《文渊》22年1月,3版5500字符起发栏目设置教育时空、学科视角、文体艺术、阅读写作、经济管理,教育类全科等​收22年1月
  • 比如他会有意无意“暗示”我请他吃点什么再比如昨天,他骑车20多分钟帮我喂了狗我想感谢他请他吃饭他说这次他请吧,再聊聊天结果定在了一个我不太会去的小餐馆感觉卫生都
  • 后来因为某国王的骚操作,我对整个团,包括田柾国的关注也是少了很多……… 由于田柾国是我第一个认真追的一颗闪耀的星,当初我在这个说实话风气很烂的粉圈里还并没有建
  • 塞给你一个桃,你吃你吃,很甜。哥哥今晚和同学有约会,五年级学生的周末场,去他们吃饭的地方看了看,拍了几张照片,就带着妹妹找吃的,选了一个最近大火的馋锅锅小火锅,
  • 一开始袁了凡不太相信,巧合的是,此后的二十年,袁了凡的人生真的按照这位老者所算定的模式进行着,连考第几名等每一次都十分精确地应验了,这让他笃信了宿命论,认为“荣
  • 限号轮换 | 7月4日起,我市中心城区机动车限行尾号轮换为确保与京津同步,自2022年7月4日起,沧州市中心城区对非营运车辆(含外埠机动车)限行尾号进行轮换。禁
  • ##北京[超话]##如花三生##遇见艺术##展览# 挪威奥斯陆旅行攻略|||挪威有着引以为傲的艺术传统,奥斯陆则是其中最具代表性的城市。奥斯陆最著名的景点以及必
  • 对于重生的女主,因为像女主,所以一直锲而不舍。最后,就是男主朱瓒,成国公世子,痞气与帅气并存,一直暗恋女主,因为小时候见过两次。
  • 鸡年出世的男子,一般对恋爱的情绪是崇尚自在规律的,喜爱自在豪放,乃至一起爱上两个人,不过这个是不可取的。总得来说就是小时候一见钟情,但因为某个事件导致性格大变,
  • 分享她當初從10盒面膜開始到帶領著將近500人的團隊做微商還在台灣成立了顏膜公司!#顏膜產品~#嬰國天使保養系列一盒即可入代理、#娜聖莎彩妝系列滿1000即可入
  • #郑州市部分区域实行分类管理##郑州抗疫日记# 【郑州发布2022年1号通告:对管城回族区、二七区部分区域实行分类管理】郑州市新冠肺炎疫情防控指挥部办公室关于对
  • 这个想法可以进一步分析如下:设计不仅可以为我们提供一个美丽的环境,还可以为我们提供一种新的生活方式,从而进一步影响我们的生活态度和观念。人类利用合成生物学,通过
  • #天水播报# 【今年甘肃省免费本科医学生招生1100名,具体计划看过来!】6月12日,记者甘肃省教育考试院了解到,2022年甘肃省农村订单定向免费本科医学生计划
  • 蔡依林 - 恶之必要 不想是完美 崇拜我表面 不曾出恶言 受伤含冤也从不抱怨 我曾以为 完美小姐 下个进阶 只要咬着牙有一天也会 获得了爱并非只是绝对 内在的房
  • 9.千羊之皮,不如一狐之腋;千人之诺诺,不如一士之谔谔。释:鸟将要死去的时候,它的鸣叫声是悲哀的;而人将要去世之时,他的话语是善意的。
  • 导游说,人文景观的景点去一次就可以了,但西安值得再去,尽管城市的后期建设和景区的保护不算喜欢,尽管出了名的小吃实在不是我的菜[挤眼]#乐天关闭20家门店# 拒绝
  • #泰剧黑帮少爷爱上我[超话]#kinnporsche总是能让我欣赏到细腻入微的感情和双向奔赴的真挚[抱一抱][抱一抱][抱一抱][抱一抱]每一次亲吻每一次身体的
  • 受疫情影响,目前暂无法接待地区:北京市全域河北省:唐山市、廊坊市上海市全域.其他14天内无确诊地区来访的客人需要携带48小时核酸,健康码,14天行程轨迹来访。目
  • 以创新求突破,山东有满满的“获得感”细数山东近年来的变化不难发现,营商环境的改变,数字变革的创新,产业生态的创新,带给山东的都是满满的“获得感”。从宏观背景看,