མི་ཆེན་པོ་དང་འབུ་ཆུང་ཆུང་།

———-///—-དྲེད་པོ་ཧོར།
དེ་རིང་ཁྲིད་སྦྱོང་ཞོགས་ཐུན་གཉིས་ཀྱི་རིང་ཆུ་ཚོད་བཞི་ཙམ་ལ། འབུ་ཆུང་ཆུང་འདི་ངའི་དཔེ་ར་ལ་སྐོར་བ་བརྒྱབ་མ་ཚར་ནས་བསྡད་སོང་། ཁོ་ཅི་ཕྱིར་འདིར་སླེབས་པ་ཡིན་མི་ཤེས། ད་ནངས་ནས་ཡར་འགོས་མར་བབས། ཕར་འགྲོ་ཚུར་ཡོང་། སྐབས་རེ་འཁྱུག་ཙམ་བསྡད། ཡང་སྐབས་རེ་སོང་དེ་འདྲ་ཁོ་ན་བྱས་ཏེ་བསྡད་སོང་། འབུ་འདིའི་གཟུགས་པོ་གཞོགས་གཅིག་གི་རྐང་ལག་ཚང་མ་ཆད་ཚར་འདུག གཞོགས་གཞན་ཕྱོགས་ཀྱི་རྐང་ལག་དེ་ཚོའི་སྒང་ལ་ཤུགས་བརྒྱབ་ནས་གང་ཐུབ་འགྲོ་གི་འདུག

ངས་འབུ་དེ་ལ་བལྟ་བཞིན་བསམ་བློ་ཞིག་བཏང་དུས་ང་རང་ནི་ཧ་ཅང་གི་ནུས་མེད་ཅིག་ཡིན་པ་གཟོད་རྟོགས་བྱུང་། ངས་འབུ་དེ་ལ་རོགས་པ་ཞིག་བྱེད་འདོད་ཀྱང་ཇི་ལྟར་བྱེད་དགོས་མིན་ཤེས་ཀྱི་མི་འདུག ཁོ་ལ་དགོས་པ་ཅི་ཡིན་ཤེས་ཀྱི་མི་འདུག་ལ། ཁོ་གང་དུ་འགྲོ་འདོད་དང་ཅི་ཞིག་བྱེད་འདོད་ཡོད་པ་སོགས་གང་ཡང་ཤེས་ཀྱི་མི་འདུག སྲོག་ཆགས་ཚང་མ་ཁ་ཟས་ལ་བརྟེན་པ་སོང་ཙང་ཟས་ཤིག་སྟེར་འདོད་ཀྱང་སྟེར་ཤེས་ཀྱི་མི་འདུག ཁོ་ཤ་ཟན་ཡིན་དང་སྔོ་ཟན་ཡིན། ཡང་ན་ཅི་སྤྲད་ན་ཁོ་ལ་འཕྲོད་ཀྱི་ཡོད་དང་གནོད་ཀྱི་ཡོད་མེད་དེ་བས་ཀྱང་ཤེས་ཐབས་མི་འདུག

ཡིན་ཡང་ང་ལ་རོགས་བྱེད་རྒྱུའི་ནུས་པ་མེད་ཀྱང་། གནོད་ཅིག་སྐྱེལ་དགོས་ན་ང་ལ་དེའི་ནུས་པ་ཆ་ཚང་བ་འདུག ངས་ཁོ་མཛུབ་མོའི་བར་ལ་བཙིར་ནས་གསོད་དགོས་ན་ད་ལྟར་རང་གསོད་ཐུབ་ཀྱི་འདུག་ལ། གཤོག་པ་དང་རྐང་ལག་རྣམ་རེ་རེ་ནས་བཀོག་འཇོག་དགོས་ཀྱང་ང་ནུས་པ་དེ་ཆ་ཚང་བ་འདུག འདི་ལྟར་བསམ་བློ་ཡང་ཡང་བཏང་དུས། གཞན་ལ་གནོད་པ་བྱེད་རྒྱུ་དེ་ནི་ཤིན་ཏུ་སླ་བ་དང་། ཕན་པ་སྒྲུབ་རྒྱུ་དེ་ནི་་ཧ་ཅང་དཀའ་མོ་ཞིག་ཡིན་པ་ཡང་ངེས་ཤེས་གསལ་པོ་ཐོབ་བྱུང་། མ་ཟད་སེམས་ཅན་གྱི་དོན་ངོ་མ་སྒྲུབ་དགོས་ན་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་ན་སྒྲུབ་མི་ཐུབ་ཟེར་བ་ཡང་ཅི་མ་བདེན་བསམ་པ་ཞིག་བྱུང་། ད་དུང་རིག་པའི་གནས་ལྔ་དག་ལ་མཁས་པར་མ་སྦྱང་ན། འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་པའི་གོ་འཕང་མིན་ཟེར་བ་ལ་ཡང་གོ་བ་ཁྱད་པར་ཅན་ཞིག་རྙེད་བྱུང་།

གཞན་དོན་སྒྲུབ་པ་ལ་ཤེས་བྱ་རིག་གནས་རྣམས་ནི་དེ་བས་ཀྱང་ཧ་ཅང་གལ་ཆེན་པོ་ཡིན་པ་རེད། དཔེར་ན་ང་འབུ་སྲིན་སྲོག་ཆགས་ཀྱི་སྐོར་ལ་སློབ་སྦྱོང་དང་ཆ་རྒྱུས་ཏོག་ཙམ་ཡོད་མཁན་ཞིག་ཡིན་ན། ཕལ་ཆེར་ངས་འདི་ལ་ཁ་ཟས་སྟེར་སྟངས་དང་སྐམ་ས་དང་རློན་ས་གང་དུ་སྐྱེལ་དགོས་མིན་སོགས་ཀྱི་རོགས་པ་ཅུང་ཙམ་བྱེད་ཐུབ་རྒྱུ་རེད། ཡིན་ཡང་དེ་རིང་ང་མི་ཆེན་པོ་འདིས་འབུ་ཆུང་ཆུང་འདི་ལ་རོགས་པ་ཅི་ཡང་བྱེད་མ་ཐུབ་པར་ལོང་བ་ཐང་དཀྱིལ་དུ་ལུས་པ་ལྟ་བུའི་དཔེ་རུ་གྱུར་སོང་།
རེད་དེ་ཅུང་དགའ་ཆོག་པ་ཞིག་ལ། སེམས་ཅན་འབུ་སྲིན་ལ་ས་རྡོའི་འདུ་ཤེས་ལས་མེད་པའི་ཀླ་ཀློའི་མི་རིགས་གཞན་དང་བསྡུར་ན། ང་རང་བོད་པ་ཞིག་དང་ནང་པ་ཞིག་ཡིན་པའི་ཆ་ནས་འབུ་ཆུང་འདི་ལ་ཕན་མ་ཐོགས་ཀྱང་གནོད་བསྐྱལ་མེད་པས་སྤོབས་པ་ཡང་ཅུང་སྐྱེས་ཆོག་པ་ཞིག་རེད། ༡༡/༡༠/༢༠༢༣

ད་ལྟ་ངའི་རང་གི་བསམ་པའི་ཁྱེར་ཕྱོགས་ཏེ་གཞིར་བཞག་ནས། མི་ཚེའི་ལྟ་ཚུལ་དང་འཇིག་རྟེན་བྱུང་འཕེལ་སོགས་ཀྱང་རང་ནུས་ཚོད་ཞིབ་དཔྱོད་བྱེད་ཀྱིན་ཡོད་ཞིང་། སེམས་ཀྱི་ཡ་ང་བའི་ད་ལྟའི་སྤྱི་ཚོགས་ག་འདྲ་འགྱུར་བར་བསམ་པས། སྔ་རབས་ཕྱི་རབས་པས་ལོ་རྒྱུས་ཀྱི་དཀྱོག་མཚམས་འདི་མིག་མཐོང་ལག་བསྟར་འོག་ཏུ་བབས་ཡོད་པ་དེ་དག་བསམ་གཞིག་གི་སྒོ་མོ་ཇི་ལྟར་འབྱེད་དགོས། དེར་བརྟེན་ནས་མི་ཚེ་ལ་བཟུང་པའི་ལྟ་ཚུལ་ཏེ་གང་ཟག་ལ་ལའི་ཕྱི་འཇམ་ནང་རྩུབ་ཀྱི་རྣོ་གྲི་འཕེན་པ་ལྟ་བུ་མ་ཡིན་ཞིང་། རང་རིགས་ཆེད་དུ་སེམས་ལུས་སྲོག་དང་དཀའ་སྡུག་ལམ་ཁ་ཅི་འདྲ་སྤྱད་དགོས་ཀྱང་འགྱོད་གདུང་མེད། དེ་ཡི་ལྷད་དུ་ད་ལྟ་བར་རྩོམ་ཐར་ཐོར་རེ་བྲིས་པ་འདིའི་རིགས་ཞེན་གྱི་ཉམས་དང་དཔའ་བའི་གདེང་ལྡན་པར་སྨོན།

གོམ་པའི་རྒྱུ་བ་ཡང་མོ་བསླས་པའི་ལེབ།།
ཕྲེང་བའི་རྐྱ་ཕྲེང་དལ་མོ་བསྒྲིགས་པ་དེ།།
སྒྲོམ་གཞིའི་ལོ་སོ་མཐོ་བའི་སེམས་ཀྱི་རྟེན།།
རྐང་ཐང་རྨི་ལམ་ནང་གི་སྐོར་མི་དྲན།།

________ ཁྲི་ལྗང་མྱུག


发布     👍 0 举报 写留言 🖊   
✋热门推荐
  • 你无法将你的意识投射在一个分离的个体中,找到出路,你必须将你意识回归你的来处,安住于绝对领域的全一中,看到,知晓你的本质,外在幻象中所有事物的本质,来处的地方
  • 海沧区市场监管局提醒,随着互联网的普及,传销分子开始利用网络平台进行传销活动,迷惑性更强,欺骗性更高,群众不仅要提高对短时间高回报、无实际经营等投资骗局的警惕性
  • #关注韩国梨泰院踩踏事故# ​​​#韩踩踏事故5米长的斜坡挤了300多人##3d还原梨泰院踩踏事故过程##19岁女孩梨泰院见将服兵役男友遇难#【为应对即将到来的
  • [奋斗][握手][啤酒][啤酒][OK]❤❤经常有会人问:肽酵素具体是干什么的❓简单来说你每天吃多得动得少,胃肠蠕慢动,排泄少、拉不出来……难受胖、懒、熬夜、喝
  • 说真的,不要xx即世界,在一般人眼里,这是一部很正常的剧,你安利两个大老爷们儿如何如何人家反而会觉得你不正常,进而沉默不语避而远之。不是你跳得高声音大你就赢了,
  • v186 42832926 名酒系列:茅台,飞天茅台,五星茅台,地方国营茅台 , 五粮液,剑南春,水井坊,国窖,郎酒,汾酒,懂酒,全兴大曲,泸州老窖等各种国产名
  • 17个颜色随你选,这次送我的几个颜色我都超级喜欢,上一个视频当中也有用到它,真的是爱死啦,最后感谢品牌方送的礼盒哟‍♀️#好物推荐##我的种草安利##盐盐Sol
  • 吃鸡遇到一个22杀的王者,我愿称之为五五开,或者 王。[允悲]只是我这样哲学的名字会不会让他以为,我是一个摔跤选手,而不是一个渴望登上巅峰的伏地魔。
  • 武学:蚌含珠,龙吐珠,麟滚珠初登场:金光御九界之东皇战影第二集 〖可可妈纯手工〗️你引以为豪的,我用的,都是国外捎回来的我骄傲的,我用的,都是捎到国外去的所谓R
  • “凝神调息,调息凝神”八个字,就是下手工夫 ,须一片做去,分层次而不断乃可。凝起神了,然后如坐高山而视众山众水,如燃天灯而照九幽九昧,所谓凝神于虚者,此也。
  • 它已经上升成为一个充满象征意义的符号,与我们的情感深深相系,表达着我们的渴望!人到中年, 最好的养生其实是断舍离,戒掉无意义的社交,舍去追求完美的执念,放下与他
  • #披荆斩棘的哥哥# 你值得被大家喜欢#吴克群[超话]# 从小事就能看出,你对工作,对朋友,对家人,对粉丝,对底下工作者,都是很关心,特别是有才华的人,你都比较欣
  • 2021年的9月1日,给自己制定了自律目标,2022年的11月2日,翻手机相册看到自己曾经许下的美好愿望和自律目标,拥有的失去的,实现的未实现的,小李有不甘,有
  • 出演者:偶吧:李玹雨粉丝:李玹雨#电视剧微微一笑很倾城# 终于有时间补剧了,补起来真系没得救了,像吃了蜜糖一样的甜,偶买嘎哒~要被肖奈大神和微微女神暖哭了,我要
  • 别的所谓压榨尚且能归为道听途说,她们俩这么好的嗓子变成这样是有目共睹有点难过,就算已经走出来了还是会难过然后点开评论区热评第一三仑车绷不住了在抖音上突然刷到了蝉
  • 而￲︃￵￰︋￵︀⁠͏低端市‬⁡឴︀ ‬场︂︀‪⁡的￷ ︄￷人឴ ​︎︄︇￱群￲￲‭឴￱‭︊最￲￳︃喜︎‎឴￰￵᠋឵￰￴欢⁡឴͏￶︀斤︌‍‎‬‎︀￸‪斤计较︋⁢￵
  • 今天杨总醒了第一件事也是庆祝我昨晚没有难受嘿嘿早上又听到了久违的起床号,一周没被它吵醒了,还有点懵,今天不想起就赖了好久,直到胃又不舒服才起床今天中午吃了一整个
  • (我是属于反复讲道理不听的话是会上手的,理念不一的勿喷)希望明天醒来就不要装小狗了,哎#入坑肖战#顾一野,顾魏,魏无羡,这三个角色横跳,我也喜欢三哥,但三哥的剧
  • 对于这些人,我只想说:甲饭配狗塞,妖貅斗闹热[怒骂]司马南这些投机取巧的文人哗众取宠,挺俄反美根本就不是真的爱我中国,他们就是为了骗钱骗赏而已,他们在中国鼓吹挺
  • 一开始这款内衣研发出来的时候叫做:居家内衣,追求极致的舒适和无感。Fendi(芬迪)品牌已经成为时尚和梦想的代名词,其大胆的创新和杰出的设计,在时装界不断创造着