རྒྱུན་པར་ངལ་གསོའི་སྐབས་སུ་ནང་བསྟན་རིགས་གཞུང་ལས་གཞན་པའི་བསྒྱུར་རྩོམ་སོགས་དཔེ་དེབ་གྲགས་ཅན་རེ་འགའ་བཀླགས་པའི་གོམས་བཤིས་ཆགས་སུ་འབད།
ཞལ་རས་ལ་ཧ་ཅང་གཟབ་ནན་བཏོད་པའི་ཁོ་མོས་མི་ཚེ་གང་བོར་རྩན་རིག་བྱ་བར་བློ་རྩེ་བསྒྲིམས་པ་དེ་ནི་མཉམ་ལེན་པ་ཞིག་དང་ཀུན་ནས་མཚུངས་སྙམ། ནོ་བྷེར་བྱ་དགའ་ཐེངས་གཉིས་ལ་ཐོབ་པའི་བུད་མེད་ཐོག་མ་འདིས། འཁྲུག་ཆེན་དང་པོའི་སྐབས་ཧྤ་རིན་སི་ལྟ་བའི་སྟོབས་ལྡན་རྒྱལ་ཁབ་ཞིག་ཀྱང་གསར་བཏོད་ཀྱི་ལམ་བུར་ཁྲིད་ཅིང་། དམག་མི་རྨས་མ་མང་པོར་ཁོ་མོ་གཟའ་ཟླ་གཉིས་ཀྱིས་གསར་བཏོད་མཛད་པའི་ཨེམ་གཞི་རྒྱུ་སྤྱད་ནས་སྨན་བཅོས་བྱས་པའི་སྙིང་སྟོབས་དེའང་ཇི་འདྲའི་མཛེས་སྡུག་ལྡན་པ་ཞིག་རེད་ཨང་། ལྷག་ཏུ་གཟབ་འཕྱོར་དང་སྙན་གྲགས། དཔལ་འབྱོར་ཐམས་ཅད་ལ་ཁོ་མོ་གཡོལ་ཅི་ཐབས་བྱས་པ་དེས་ཨ་རིའི་བུད་མེད་ཚོར་དགའ་བ་མེ་ལྟར་འབར་དུ་བཅུགས།

ངོ་གཉིས་མས་ཡག་མདོག་བསྟན་འདུག

དཔྱད་འཚོལ་བ།
ད་ལྟའི་ཕར་ཕྱོགས་འདི་ནས་བརྗིད་བརྗིད་རྔམ་རྔམ། ། 
གཡོ་སྒྱུ་ཁོག་ལ་སྦས་ནས་ངོ་མདོག་སྟོན་འདུག ། 
སྐྱེས་ནས་བཟུང་སྟེ་འདས་པའི་དུས་ཚོད་ཡོད་ཚད། ། 
ཁྲམ་པ་བཟོས་པའི་བཞུད་རིམ་དྲན་གི་མི་འདུག ། 

དཀར་དམར་འདྲ་མིན་འདུས་པའི་དཀྱིལ་དབུས་དེ་ནས། ། 
ངོ་གཉིས་མ་ཡིས་འཁྲབ་ཆེན་དངོས་གནས་འཁྲབ་འདུག ། 
ཁོག་པའི་ནང་ལ་གཡོ་སྒྱུ་ཁོག་གང་སྦས་ནས། ། 
བཅོས་མའི་འཛུམ་མདངས་ཤིག་གིས་དགའ་བསུ་ཞུས་འདུག ། 

མཆོག་ཏུ་གྱུར་པའི་བཟང་པོ་ཡིན་མདོག་བསྟན་སོང་། །  
མ་ཚད་བདེན་པའི་གཞིར་འཛིན་ཡིན་མདོག་བྱས་འདུག ། 
འདས་མ་ད་གསུམ་གང་ལ་བསམ་བློ་བཏང་རུང་། ། 
མི་བཟང་མཆོག་ཏུ་གྱུར་པ་མོ་གཤམ་བུ་བཞིན། ། 

སེམས་དང་བསམ་པའི་བློ་རྩེ་གཅིག་མདོག་སྟོན་ཡང་། ། 
གཡོ་ཅན་དྲང་བརྫུས་མཁན་དང་བསམ་པ་མི་གཅིག ། 
ཨ་ལོང་ཡང་ལོང་བརྒྱུས་འདྲའི་མཐུན་མདོག་སྟོན་ཡང་། ། 
འདས་པའི་ལོ་རྒྱུས་རྨ་ཁ་ད་དུང་སོས་མེད། ། 

ཁྱིམ་ཚང་གཅིག་ལ་སྐྱེས་འདྲའི་མཛའ་མདོག་སྟོན་ཡང་། ། 
མི་རབས་དུ་མ་བརྒྱུད་ཀྱང་མཛའ་བ་མི་བྱུང་། ། 
ཕན་ཚུན་བྱམས་བརྩེའི་དྲོད་ཁོལ་ལྡན་མདོག་སྟོན་ཡང་། ། 
བསིལ་རླུང་འཁྱགས་པས་བསྡམས་ནས་མིག་མཆུ་སྐམ་མེད། ། 

བདེ་ཞིང་སྐྱིད་པའི་ཉི་མ་བསྐྲུན་མདོག་སྟོན་ཡང་། ། 
སྡུག་གི་མུན་པའི་ནང་ན་དྲན་པས་བཟི་ཡོད། ། 
སེམས་པ་གྲང་བའི་ཆུ་བཞིན་གཙང་མདོག་སྟོན་ཡང་། ། 
སེམས་པ་འཁྲུགས་པོ་ཡོང་བའི་གནས་ལ་འཁོད་ཡོད། ། 

2023/10/4

࿐སྣང་བ།

དབྱངས་ཅན་མ།

ཟླ་བ་གོར་གོར་དེ་ངའི་མིག་ཟུང་ཡིན་ནམ། །
ཉི་མ་དམར་པོ་དེ་ངའི་སྙིང་ཆུང་ཡིན་ནམ། །
སྐར་མ་ཁྲ་ཚོམ་དེ་ངའི་གྲོགས་མོ་ཡིན་ནམ། །
ནམ་མཁའ་སྟོང་པ་དེ་ངའི་སེམས་པ་ཡིན་ནམ། །

ཆར་པ་ཟམ་ཟིམ་དེ་ལྷའི་དངོས་སྒྲུབ་ཡིན་ནམ། །
མེ་ཏོག་ཡར་སྐྱེས་དེ་ངའི་དགེ་སེམས་ཡིན་ནམ། །
ཆུ་བོ་མར་བཞུར་དེ་ངའི་སྡིག་སྒྲིབ་ཡིན་ནམ། །
རྟེན་འབྲེལ་བསླུ་མེད་དེ་ངའི་ལམ་བུ་ཡིན་ནམ། །

ལ་ཁའི་དར་ལྕོག་དེ་ངའི་མི་ཚེ་ཡིན་ནམ། །
གྲང་རླུང་ངར་མ་དེ་ངའི་འཆི་བདག་ཡིན་ནམ། །
སྤྲིན་པ་ཁེར་འགྲོ་དེ་ངའི་རྣམ་ཤེས་ཡིན་ནམ། །
དམྱལ་བའི་ལྕགས་མཁར་དེ་ངའི་ལས་སྣང་ཡིན་ནམ། །

རྒྱ་མཚོ་བསྙོགས་པོ་དེ་ངའི་རྣག་ཁྲག་ཡིན་ནམ། །
བྲག་རི་མཐོ་པོ་དེ་ངའི་ཤ་རུས་ཡིན་ནམ། །
སྲིད་པ་རྒན་མོ་དེ་ངའི་ཨ་མ་ཡིན་ནམ། །
སྣང་བ་ལིང་ལིང་དེ་ངའི་རྨི་ལམ་ཡིན་ནམ། །


发布     👍 0 举报 写留言 🖊   
✋热门推荐
  • 生命的本真就是这样,你今天付出了爱与善良,经过时间的发酵和流转,将来也一定会有人,以这样或那样的形式,回报你以善良和爱。生命的本真就是这样,你今天付出了爱与善良
  • #刘宇宁宝曼兰朵品牌挚友##摩登兄弟[超话]# 每天早起第一件事是什么?当然是跟你打招呼了[害羞]看看你有没有回应[可爱]@摩登兄弟刘宇宁 ᭄ꦿૢ摩登兄弟刘宇宁
  • #110#1)不想成为随处可见的人,这种人随处可见2)深山的鹿,不知归处,万般皆苦,只可自渡3) 朝着太阳生长,做一个温暖的人,不卑不亢,清澈善良4)要努力做一
  • 2.息元:以日柱干支为基准,取与日柱干支相合者(天干五合,地支六合)之干支,即为息元。 以格局、日主强弱、十神配置及含气数多寡,择取命中一最有利之十神为用神,
  • 这也是我所欠缺的,在现实中用它所教的四大要素:观察、感受、需要、请求,能慢慢的一点点进度。无论是六月还是七月,无论是盛夏还是深夏,我们都奔走在人生的旅途上,我不
  • 我有很多时候,只想做一朵云因为做一个自己想做的人真的太难了总有无数的否定告诉你你是错的,你所做的一切都是徒劳你活着就是一个错误让自己也开始否认自己也许你都不知道
  • 当被问及英国从阿富汗撤出是否说明了英国作为全球大国的局限时,华莱士表示,虽然他认为“英国确实符合全球大国的定义”但是他宣称“显而易见英国不再是一个超级大国”。他
  • 所以没有过不去的坎,做一个有弹性的人,当需求和欲望没有办法满足时,把他们存起来,以后慢慢实现。如果我快乐的思想,我们就会快乐;如果我们有着悲观的思想,我们就生的
  • #每日一善[超话]#[羞嗒嗒] #阳光信用# 做一个善良的人。[兔子][兔子]工作很难,但在这场艰难的社畜之旅中,碰到的人都很温暖。
  • ”从她的词中截取一两个很有诗意的字组合起来,是一种常见的取名方式。我是真的很羡慕妈妈她年轻时的状态,大概是父母给了太多的爱,所以她是很有朝力和底气的年轻人。
  • 酸汤锅太妙了 酸酸鲜鲜很开胃还收到了迟到的生日礼物 姐妹真的走心了 第一次收到官网货哈哈哈打开还有贺卡 和LD的favourite friends的手提袋一样
  • !宝贝,妈妈下周就要上班了,一旦上班陪你的时间就少之又少,虽然妈妈一百个不愿意去上班,但是妈妈必须为你撑起一个安全而温暖的港湾,为你的健康成长保驾护航,也希望做
  • 把所有的痛苦和不快都深藏在心底,当做生活的历练,然后微笑乐观从容面对世界。#每日一善# 时常对自己说,做一个谦虚而知足的人,把生活中所有的苦难,当做上天赐于的礼
  • ​​​没有什么道路可以抵达真诚,真诚本身就是道路用双眼看世界,留一只眼睛看自己,唯有自醒才会成长永远记住自己的无知,坚信很多人都比自己聪明学会放弃一些让自己不
  • 其实真正的开心是你打破你的知道,发现你是更值得拥有无条件的爱的。世界是支持你的,支持你想要更能体验一种更「无惧」的生活,用你想象不到的方式来服务你。
  • 给自己和在乎的人满满的仪式感,是增加幸福指数的捷径。所有仪式感,都是对人生的加冕。
  • 我现在已经面试了两家,各方面都很匹配,但市场工作需要出差,他们都认为我已婚未育有风险的原因拒绝了我。我们物质上还可以,我也有一份不错的工作,我希望他能多抽点时间
  • 温暖的人遇到温暖的人,感觉生活都得到了升华[小红花]其实世间还是有温暖的人的,别人怎么不好那是别人的事,尽管如此自己也要做一个温暖的人,像别人温暖自己一样,其实
  • 然世之修士,以为打坐结印,苦修道法,就能成就,须知成就与否,与刻苦无关,心性的通透才是最最关键!01、炼心者,仙家彻始彻终之要道也,心地茅塞,虽得丹道,亦是旁门
  • #爱优牙牙齿矫正[超话]#re accent of London sounded on every side from the lips of clerks a