༼ས་སྐྱ་ལེགས་བཤད་ལས།༽
གཡོ་ཅན་ཚུལ་གཟོབ་ངག་འཇམ་ལ། །
མ་བརྟགས་བར་དུ་ཡིད་མི་བརྟན། ། 
རྨ་བྱ་གཟུགས་མཛེས་སྒྲ་སྙན་ཡང༌། །
དེ་ཡི་ཁ་ཟས་དུག་ཆེན་ཡིན།། https://t.cn/EaS2rbf

མགྲོན་པོ་ལམ་ཞུགས་ཐམས་ཅད་ལ།།
所有途中之有情,
ཕྱོགས་རྣམས་ཐམས་ཅད་བདེ་བར་ཤོག།
所向之处愿平安。
གང་གི་དོན་དུ་འགྲོ་བྱེད་པ།།
为求何事之行之,
དེ་འབད་མི་དགོས་འགྲུབ་གྱུར་ཅིག།
愿无障碍皆吉祥。


[太阳] ✈️

སེར་ཤུལ་རྫོང་ཆ་ཚང་སློབ་ཆུང་གཉིས་པའི་གཟའ་འཁོར་ལྔ་བའི་བྱ་བའི་ཕྱོགས་སྡོམ། ཟླ་དགུ་བའི་ཚེས་ཉེར་ལྔ་ནས་ཟླ་བཅུ་བའི་ཚེས་གཅིག་བར།

གཟའ་འཁོར་འདི་ནི་རང་རེའི་སློབ་གྲྭར་མཚོན་ན་བྲེལ་ཚུབ་ཆེ་ལ་དོན་སྙིང་ལྡན་པའི་གཟའ་འཁོར་ཞིག་ཡིན་པས། ཚོགས་འདུ་ཆེ་ཆུང་དུ་མ་སྔ་གཞུག་ཏུ་ཚོགས་པ་དང་། བྱ་འགུལ་ཡང་རབ་དང་རིམ་པ་སྤེལ།

གཤམ་ནི་གཟའ་འཁོར་འདིའི་ཕྱོགས་བསྡུས་ནང་དོན་ཡིན་པས། གཟིགས་པར་མཚལ།

གཟའ་ཟླ་བའི་ཞོགས་པའི་ཉི་གཞོན་དང་འགྲོགས་ནས་སྔར་ལྟར་རྒྱལ་དར་བསྒྲེངས་པའི་མཛད་སྒོ་སྤེལ་ལ། ཐེངས་འདིའི་རྒྱལ་དར་འོག་གི་གཏམ་བཤད་པ་ལོ་རིམ་བཞི་བའི་འཛིན་གྲྭ་གཉིས་པ་ཡིན་ཞིང་། ཁོང་ཚོའི་གཟབ་ནན་དང་གཟི་བརྗིད་ལྡན་པའི་སྒོ་ནས་མ་ཡུམ་མེས་རྒྱལ་འཁྲུངས་ནས་ལོ་འཁོར་དོན་བཞི་འགོར་བར་སྙིང་ནས་རྟེན་འབྲེལ་ཞུ་ཞེས་གཏམ་བཤད་སྤེལ། ཁོང་ཚོའི་གཏམ་བཤད་ལས་མེས་རྒྱལ་གྱི་བཀའ་དྲིན་དྲན་ཞིང་། ན་སོན་ན་མི་རིགས་དང་མེས་རྒྱལ་ལ་ཕན་ཐོགས་པའི་མི་སྣ་ཞིག་བྱེད་པའི་ཆོད་སེམས་བརྟན་པོ་མངོན་ཡོད།

ཡང་གཟའ་ཟླ་བའི་ཉིན་གུང་ངལ་གསོ་དང་བསྟུན་ནས་རང་རེའི་སློབ་གྲྭའི་འཛིན་བདག་དགེ་རྒན་གྱི་ལས་ཀའི་གསོ་སྦྱོང་ཚོགས་འདུ་བསྡུས།

སློབ་གྲྭའི་དབུ་ཁྲིད་དེ་སློབ་གཙོ་དབང་གྲགས་རྡོ་རྗེ་མཆོག་གིས་འཛིན་གྲྭ་རེ་རེའི་ཕུལ་བའི་མི་གྲངས་སྙན་ཞུ་ལ་གསན་རྗེས། སློབ་མའི་བདེ་འཇགས་དོ་དམ་དང།

སྡོད་ཁང་གི་སྒྲིག་གཞི། འཛིན་བདག་དགེ་རྒན་གྱི་འོས་འགན་སོགས་ཐད་ནས་གཏམ་བཤད་གལ་ཆེན་གནང་།

གཟའ་ལྷག་པའི་ཉིན་སེར་ཤུལ་རྫོང་འཕྲོད་རྟེན་དང་བདེ་ཐང་ཁྱབ་བསྒྲགས་ཚན་ཁག་དང་རང་སློབ་གྲྭའི་བདེ་འཇགས་ལས་དོན་ཁང་གིས་མཉམ་སྒྲུབ་བྱས་པའི་བདེ་ཐང་སློབ་གསོ་དང་རིམས་ནད་སྔོན་འགོག་ཁྱབ་བསྒྲགས་བྱ་འགུལ་སྤེལ། སློབ་མ་རྣམས་ལ་བདེ་འཇགས་ཀྱི་གལ་ཆེན་རང་བཞིན་དང་རིམས་ནད་སྔོན་འགོག་གི་ཤེས་བྱ་ངོ་སྤྲོད་བྱས་ནས་བདེ་ཐང་གི་མི་ལུས་ཞིག་ཡོང་བར་སྐུལ་མ་བྱས།

གཟའ་ལྷག་པའི་ཕྱི་དྲོ་སློབ་ཐུན་གྲོལ་མ་ཐག་ཚན་ཁག་སོ་སོའི་དགེ་རྒན་འཐུས་ཚབ་དག་དགེ་རྒན་འཐུས་ཚབ་ཚོགས་འདུར་ཞུགས། ཚོགས་འདུར་སློབ་གྲྭའི་སྲིད་འཛིན་རིམ་པས་དགེ་རྒན་གྱི་ལས་ཀ་བཀོད་སྒྲིག་དང་སློབ་མའི་བདེ་འཇགས་དོ་དམ་སོགས་ཀྱི་ཐད་ནས་གཏམ་བཤད་གལ་ཆེན་གནང་། ཚོགས་ཞུགས་དགེ་རྒན་རྣམ་གྱིས་ཀྱང་སེམས་བསམ་པ་དཀར་པོའི་རང་རེའི་སློབ་གྲྭའི་མི་འདང་སའི་ཆ་ནས་བསམ་ཚུལ་དང་བསམ་འཆར་གལ་ཆེན་སྙན་གསེང་ཞུས་ནས། ཕྱིའི་སྒྲིག་ལམ་དང་ནང་གི་སློབ་སྦྱོང་སོགས་གང་ཐད་ནས་ཉམས་པ་སླར་གསོ་དང་མ་ཉམས་གོང་སྤེལ་གཏོང་དགོས་ཞེས་གསུང་།

གཟའ་ཕུར་བའི་ཕྱི་དྲོ། རང་རེའི་སློབ་གྲྭའི་དགེ་རྒན་ཡོངས་རྫོགས་སློབ་གྲྭའི་བདེ་འཇགས་སྐོར་གྱི་ཆེད་དོན་ཚོགས་འདུ་དང་། སློབ་ལོ་གཅིག་གི་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་དབྱེ་ཞིབ་ཚོགས་འདུ། རྒྱུན་འཇགས་ལས་ཀའི་ཚོགས་འདུ་བཅས་བསྟུན་མར་ཚོགས་འདུ་གསུམ་ལ་ཞུགས་ཤིང་། སློབ་གཙོ་དང་སློབ་གཙོ་གཞོན་པ་དག་གིས་བྱ་བ་སོ་སོའི་ཐད་ནས་གཏམ་བཤད་གལ་ཆེན་གནང་། ཆུ་ཚོད་གཉིས་ཙམ་འགོར་རྗེས་ཚོགས་འདུ་གཞི་ནས་གྲོལ་ཐུབ་པ་བྱུང་།

ཚེས་ཉེར་དགུ་ཉིན་སྟེ། ཟླ་མཆོད་དུས་ཆེན་ལ་སློབ་གྲྭས་སློབ་མ་རེ་རེའི་ལག་ལ་ཟླ་གོར་རེ་ཕུལ་ནས་དུས་ཆེན་གྱི་རྟེན་འབྲེལ་ཞུས།

ཚེས་སུམ་ཅུ་སྟེ་རྒྱལ་སྟོན་གྱི་སྔར་ཉིན་འཛིན་གྲྭ་སོ་སོའི་འཐུས་མི་རྣམས་རང་རྫོང་གི་མི་དམངས་དཔའ་བོའི་དྲན་གསོ་རྡོ་རིང་མདུན་སོང་ནས་མེ་ཏོག་ཕུལ་ཞིང་གཙང་སྦྲ་བྱས་ནས་སྔོན་བྱོན་དཔའ་རྟུལ་ཚོར་རྗེས་དྲན་ཞུས།


发布     👍 0 举报 写留言 🖊   
✋热门推荐
  • #宇宙# 图片来源:NASA / Bill Ingalls                石油二厂油品车间全力应对最强台风     据中央气象台发布的台风黄色预
  • 【DR.CICI专业治疗肥胖医院】北京宝妈产后瘦身案例反馈院长亲自设定的方案:人工智能检测系统+威塑腰腹复合吸脂+定制减重配方 深层抽脂,浅层雕塑,抽取脂
  • 对于饥饿引起的胃痛:建议进食面包、苏打饼干等含有碱性成分的食物,以中和胃酸,快速缓解疼痛。胃胀、打嗝、不消化..一文解答常见胃部问题关于胃部不适1、吃点东西就觉
  • 不是每个人.在你后悔以后都还能站在原地等你.不是每个人.都能在被伤过后可以选择忘记既往不咎.我不好.但只有一个.珍惜也好.不珍惜也罢.如果哪天你把我弄丢了.我不
  • 鄭伯伯又透露自己早前在節目宣傳片出現後,每次落街均 有街坊向其表示:「你上咗鏡呀!本周尋人過程,攝製隊跟進李鄭屋個案,經歷長達半年的尋人期, 撞板多過食飯,幸好
  • 02 露台上“姐,你说,我会不会很快也去天堂,感觉,他们都在召唤我。可能,这就是我的命,牵挂不多,或许,是他们冥冥之中,对我的牵挂更多,反而,一肚子的心事,带着
  • 我请她吃了甜甜滴糖葫芦 她的是橘子的 我是提子的 嗯嗯 10买了桶水 3晚上吃了昨天买的面包和室友带的玉米肠 3.3今日消费32.7剩余374.75#五百块过一
  • ”下班路上等红绿灯,一个戴帽子看不出年龄的男生递过来一张传单说“阿姨…”迟疑了一下,立马改口叫“姐姐,有兴趣看一下吗?!
  • 周润发前妻余安安真洋气,穿白色缎面连衣裙高级精致,成熟优雅提到余安安,大家可能会有些陌生,但是说到周润发的前妻,就应该明白了,其实她在离婚之后,也活出了自己的风
  • 当然不管未来的路怎么样,都谢谢这个夏天你们的鼓励和陪伴,有你们才会有今天的我”深海——贺峻霖@时代少年团-贺峻霖[害羞]没来得及在六一发哦但是我一直是被爱的小孩
  •   无论是拓展野外穿越距离、或是无补给、长途自驾的活动半径,RAV4荣放双擎E+都远超同级别产品,这无疑契合了大多数顶级户外玩家的实际用车场景,一方面既能以更环
  • 别赶路,去感受路最好的时光在路上,一路向阳一辈子是修行,短的是旅行,长的是人生说走就走,是人生最美的奢华,也是最灿烂的自由愿你有前进一寸的勇气,亦有后退一尺的从
  • 小时候放学最馋的就是麦当劳,每每出了新品都想尝一尝,长大后变成打工人,下班晚了也会去麦当劳点上爱吃的,坐在窗边美美享受,回忆小时候每吃一口都能感受到的幸福~ 最
  • #矢吹奈子[超话]#[心] #矢吹奈子0618生日快乐# 【資訊】220606 modelpress 更新HKT48矢吹奈子&AKB48本田仁美、陆续c
  • #今天恢复状况打卡# 今天终于拆线了,其实手术加术后恢复一点都不疼,可以说根本没有疼的概念,但拆线的时候还是有一丢丢疼的,还好我们医生比较温柔,拆完线做了个皮肤
  • 2022年6月扩关交友专属贴一直以来,大家都在交友贴中结识了不少小伙伴吧~我们小马的优秀表现不断吸引着新朋友来一起爱马想要扩关的朋友都请集中到这条微博评论里勾
  • 真的会怀疑一些奇奇怪怪的东西放假前我家的电路问题到现在也没修,所以只能是每天晚上摸黑过日子然后我回家待了没几天,路由器烧了,厨房排风扇插头掉了,落地扇拦腰折了,
  • [羞嗒嗒][羞嗒嗒]记梦20.0梦见自己住在戛纳海边的小阁楼里,走出卧室便是一个小小的圆弧形阳台,前面是未完工的建筑,我喜欢的一位男艺人站在那里认真背着剧本。不
  • 【#端午假期国内出游7961万人次#,亲子、露营产品受到市场青睐】据微信公众号“文旅之声”消息,经文化和旅游部数据中心测算,今年端午节假期,全国国内旅游出游79
  • 】郑州公交集团定于6月1日起新开272路、286路、S188路、S197路、S198路,并对123路、195路、312路、46路、S182路进行优化调整,具体情