རང་དབང་གི་འཚོ་བ་ཇི་ལྟར་རྩོད་ལེན་བྱས་ན། དེ་ལྟར་སངས་རྒྱས་ཀྱི་གོ་འཕང་ཟེར་བ་དེར་སྙེག་གིན་ཡོད་ལ། གཞན་ཕ་རོལ་གྱི་བསྟོད་སྨད་ཙམ་གྱི་ཆེད་དུ་འཚོ་ཞིང་། གདོང་པག་གཉིས་གྱོན་པའི་ཆོས་རྫུ་ཇི་ལྟར་ཆེ་ན། དེ་ལྟར་དམྱལ་བ་ཟེར་དེར་ལྷུང་བའི་བདག་འཛིན་མ་རིག་པའི་ཤུགས་ཆེ་རུ་གཏོང་གིན་པ་འདྲ།
༄༅། །འཇམ་མགོན་གསང་གསུམ་ངོ་མཚར་སྒྱུ་མའི་འཕྲུལ། །ངུར་སྨྲིག་གར་གྱིས་འཁྲུལ་བྲལ་ཟབ་རྒྱས་ལམ། །གསལ་མཛད་སྨྲ་བ་ཟླ་མེད་བློ་བཟང་གྲགས། །བྱང་ཆུབ་བར་དུ་སྤྱི་བོའི་རྒྱན་མཛོད་ཅིག །
ཐེག་ཆེན་བཤེས་གཉེན་མཚན་ཉིད་བཅུ་ལྡན་པ།།
ད་ལྟ་སྲིད་འདིར་དཔག་བསམ་ནོར་བུ་བཞིན།།
ཐོབ་དང་རྙེད་དང་མཐོང་བ་ཆེས་དཀའ་བས།།
ཡང་དག་བཤེས་གཉེན་ཁྱེད་ལ་ལྷག་པར་གུས།།
ལྡོང་བཙུན་པ།
ད་ལྟ་སྲིད་འདིར་དཔག་བསམ་ནོར་བུ་བཞིན།།
ཐོབ་དང་རྙེད་དང་མཐོང་བ་ཆེས་དཀའ་བས།།
ཡང་དག་བཤེས་གཉེན་ཁྱེད་ལ་ལྷག་པར་གུས།།
ལྡོང་བཙུན་པ།
✋热门推荐