སྟོན་མཇུག་གི་ལོ་སེར་པོ་ཡ་་་
ལྗང་མདོག་གི་བརྩེ་བས་སྐྱུར་བའི་སྟོན་མཇུག་གི་ལོ་མ་སེར་པོ་་་་་་
ཁྱོད་ལ་མཛེས་སྡུག་གི་བཞིན་རས་དང་དྲག་ཆར་རླུང་འཚུབ་ཀྱི་སྔར་སོང་ཞིག་ལོས་ཡོད།
འོན་ཏེ་ད་ཆ། སུ་ཞིག་གིས་ཁྱོད་ཀྱིས་དབྱར་གཞུང་ལ་སྦྱིན་པའི་སྔོ་ལྗང་གི་ལྷག་བསམ་དེ་ལ་སེམས་འཛིན་བྱེད།
སུ་ཡང་མེད། སུ་ཡང་མེད།
འོན་ཏེ་ཁྱོད་ད་དུང་ཡང་ལྷག་བསམ་ཆེན་པོས།
ནམ་མཇུག་གི་ས་གཞི་དེ་ལ་སེར་མདོག་གི་མཛེས་པས་བརྒྱན་པར་འདོད།
ཡིན་ནའང་། དབྱིག་འཛིན་བུ་མོའི་ངོ་ལ་ཁྱེད་ཀྱི་ལྷག་བསམ་དེ་ད་ཆ་དགོས་མེད་ཀྱི་གད་རྙིགས་ཤིག་ཏུ་རྩིས་ཀྱང་སྲིད།
་་་་་་

རང་ཉིད་ཚད་མར་བཟུང་སྟེ་ཡོད་ཚད་བདེན་པར་རློམ་པའི་སོ་སྐྱེས་དེ་དག་གི་མདུན་དུ། ཁྱོད་ཀྱི་བསམ་ཚུལ་ནི་བསམ་ཚུལ་ཙམ་ལས་གཞན་ཅི་ཡང་མིན། ཁྱོད་ཀྱི་འབད་འབུངས་ནི་འབྲེལ་མེད་ཀྱི་བརྟུལ་ཞུགས་ཙམ་ལས་གཞན་ཅི་ཡང་མིན། ཁོ་ཚོའི་བསམ་ཚུལ་དེ་དག་ལུགས་དང་འགལ་ཡོད་ཀྱང་། དངོས་ཡོད་དང་མི་མཐུན་ཡང་མི་བརྩི་ཐབས་མེད་ཀྱི“བཀའ་ལུང”ལྟ་བུ་ཡིན་པས། ཅིས་ཀྱང་བརྩི་དགོས་པར་སྣང་།

གསེར་འོད་འཁྱིལ་བའི་སྟོན་ཟླ།

སྔོ་ལྗང་གཡུ་ཡི་འདབ་མའི་ལང་ཚོ་རྒུད།།
ཉི་འོད་བསིལ་ཟེར་འཇམ་པོ་གྲང་བས་གཏོར།།
འདབ་ཆག་གཤོག་རྩལ་ལྡེམ་ལྡེམ་གཡོ་བའི་དུས།།
གྲོག་མ་གཤོག་ཐོགས་རྣམས་ཀྱང་བྲེལ་ཞིང་འཚུབ།།

བསིལ་བསིལ་ལྡང་བའི་རླུང་བུའི་གོམ་སྟབས་མྱུར།།
འཇག་མ་སྐྱ་བོས་དབྱངས་ཀྱི་སྐུད་པར་འཐེན།།
ཡངས་པའི་ས་ཆེན་པིར་གྱིས་བྲིས་པ་བཞིན།།
མཛེས་སྡུག་དབྱར་ཟླ་གསུམ་ལ་གྱེས་ཕྱག་ཕུལ།།

ལོ་མ་སེར་པོ་ཆུ་བོའི་གཞུང་ལ་འབབ།།
ཆུ་བོ་དག་ནི་གསེར་འོད་ལམ་ལམ་བཞུར།།
འདབ་ལྡན་བུ་མོ་ཡང་བའི་མཁའ་ལམ་སྙེག།
དུས་ཚིགས་འདི་ཡི་གྱེས་བྲལ་སྙིང་ལ་ལྕི།།

གཞོན་པའི་ལང་ཚོ་ལོ་ཟླའི་ལྟེབ་ལ་ཉལ།།
རི་གླུ་སྙན་མོ་ཡངས་པའི་ཁྱོན་དུ་བཀྲམ།།
མེ་ཏོག་རྣ་རྒྱན་ཅན་གྱི་རྫི་བོ་ཚོས།།
རྩྭ་ཐང་བ་མོས་ཁེབ་པར་ཕངས་སེམས་འཆོར།།

ཨ་ཅེ་འབྲོག་མོའི་ལྷས་ར་གསར་པ་རུ།།
འཚེར་ས་སྤོར་ཏེ་དགོ་དགོ་ངག་ལ་གྱེར།།
འོ་ཞོ་མར་ལོ་སྤུང་བའི་གཡང་ཁྱིམ་དེར།།
ཕྱུགས་རིགས་འཕེལ་ཁ་དར་བ་ཀླུ་ལ་འགྲན།།

ཞིང་ཁ་ཆུ་མ་དགུ་ཡི་ནང་ཤེད་ན།།
གྲོ་ནས་སྲན་གསུམ་རྩེ་མོར་ལྡེམ་ལྡེམ་གཡོ།།
སོ་ནམ་ལས་སུ་གཉེར་བའི་ཞིང་པ་དག།
དུས་འདིར་འབྲུ་སྣ་བརྒྱ་ཡི་གཏེར་ཁ་རྡོལ།།

སྤྲིན་པ་དཀར་པོ་ཉི་ཟླའི་གདན་ལ་འཁོད།།
ཤིང་ལོ་འགའ་ཡང་བྱེའུ་ཆུང་མལ་དུ་བཏིང་།།
རྒྱ་ཕིབས་འོག་གི་གསེར་གྱི་གཡེར་དྲིལ་དག།
ལོ་ཟླའི་འགྱུར་བ་སྒྲོག་བཞིན་སིལ་སིལ་གཡོ།།

ས་འོག་ཕྱི་བས་དགུན་ཟས་འཚོལ་བ་དང་།།
རིམ་འཕར་སློབ་མས་སྐར་གྲངས་གསོག་པ་སོགས།།
དུས་འདིར་སྣོད་བཅུད་གཉིས་ཀས་བྱེད་རྩོལ་གྱིས།།
ང་རང་གཉིད་ལས་དཀྲོག་སྟེ་འདི་ལྟར་བྲིས།།


发布     👍 0 举报 写留言 🖊   
✋热门推荐
  • #伪文艺女青的日常# 早啊~喜欢晨起陪小姑娘步行去上学的感觉今天在路上聊了很多有趣的事情楼下小池塘里多了些小锦鲤和小乌龟也落了些黄叶和红花澄澈而豁达她说明明天还
  • 这部分费用也都是我们帮你出的,厂家是不愿意出的,我们已经亏损很多了,至于异常抖动只是你的感觉太敏感,我们维修工是照顾你的感受,配合你才这样说的……”孙先生听后很
  • (同时在听road和黎叔叔的我,并没有觉得很串戏,磊哥)绘宝有个很神奇的技能,让你在一条线中快速飞增前面讨厌的男主好感,光辉未来,疯了谁,是我,司岚爱了爱了。时
  • 所以当我提到今天还会收一根阴线之前,也重点提出趋势不可能反馈到每一天,同样每一天的行情也撼动不了趋势。2、上午行情走强原因重要的是,我认为短线回调的其中一个因素
  • #瞄电影浙里见# 【和电影,浙里相见】“历久弥新·经典永存”庆祝香港回归祖国二十五周年电影展·杭州站时间:8月11日至8月21日地点:杭州百美汇影城(嘉里中心店
  • 羊肉本身就存在和大的地域性,比如憨态可掬的新疆大尾羊,因其尾脂丰厚更适合烤着吃;临夏的东山羊,陇东的黑山羊,庆阳的羔羊,在当地人的吃法认知中,还是黄焖滋味最足,
  •   6、阳揉了揉惺忪的睡眼,从海与天空的交接中伸出了半个小脑袋,散发出弱弱的,金色的光芒,把天空渲染成了金黄色,把海面上的波涛照得金光闪闪。”​他意识到这个阳台
  • 在地上,拾起干净完整的几朵棉球给娃,絮絮地跟他聊天:默仔你看,这是木棉的棉絮,里面圆圆黑黑的那颗是它的种子。挨家听下来,你不仅可以分辨出设计师专业度的差别,也会
  • (我不死心,我还是要说一句,这就是平台系想要绑定用户,让用户天天开大产品,前提是让你付出一定成本,否则就不会珍惜)【个人中心】-头像下面的红色标签【省钱月卡】会
  • #管栎 与爱益行# #管栎 在线教学戴口罩# 眼界不同,道不同不相为谋,不扶贫本质有壁❤️大学本科毕业管栎#管栎的闪耀宇宙# 根正苗红无黑料正统爱豆管栎栎队姐姐
  • 8⃣️师‮公大‬开课欢迎‮东山‬医专同‮们学‬的到来9⃣️快‮填快‬信息‮约预‬吧#山东医学高等专科学校[超话]#关于南航专接本,众多同学关注的几大问题,小编在
  • 女明星为什么那么美?因为女明星对生活中的自己有着很高的要求,精致的妆容 时尚的穿衣风格,日复一日的保 养,给他人留下好看的印象,这也是为什么女明星找到适合自己的
  • 在风中 在风中,触觉迷失在幸福里 把握行走的方向,是视觉的责任 突然之间发现,彼此难离难舍 在风中,羽毛上的春天 即柔软又充满饱和的色彩 春天飞离苍茫大地的
  • 2、我预判明天的行情会是一个艳阳天,周五我就明确的告诉大家,大盘小时级别的KD还是在低位,所以不要担心,不要被洗下车,果然盘后就来好事了。说句实在话,3000点
  • #马嘉祺[超话]##马嘉祺巴黎卡诗大中华区品牌形象代言人# mjq#马嘉祺黑色西装造型随拍# “一万次的心动寄存月亮处 黄昏偏爱四季众生与你” "
  • 好可爱的猫猫刘勇的猫猫叫来钱可是我总是叫错它的名字总喜欢叫来福周六的下午好安逸逗逗猫咪就结束了它长的好好看好像是布偶不懂猫的品种但从此爱上布偶它的眼睛很有特色很
  • 近日有網民將自己拍攝的一張圖片上傳至網絡,只見圖中三個幼稚園女童,在旁邊老師的帶領下,舉着畫有警察打人,小童手寫「點解警察射眼」、「毋忘7·21、8·31」、「
  • 像鸟儿一样,离开地面,在城市的光与风中穿行,低头的一瞬,看见大地上的物——他们变得渺小,以至于成为了另一种形态。继续向上飞升,越过时间和季节,似乎因为看清了整座
  • ”陆炎继续等着她接下来的话,可是对方什么都没说,只是静静看着他……直到他被看到全身都不自在起来,她才轻声说道:“这位是我的徒弟,他做事鲁莽,冲撞了你,我替他向你
  • (陳順禎攝)在劇集中Toby飾演馬昭慈一角,為了得到父親的認同而修讀自己沒有興趣的商科,現實中Toby父親梁家樹是圈中有名的監製及導演,她與馬昭慈一樣受到了父親