སེམས་ཀྱི་གསང་ཉུལ་བྱེད་པའི་མེ་ལོང་ངོས། །
འཇིབ་ལྡག་མུ་ཏིག་ཕྲེང་བ་རབ་མཛེས་ཤིང་། །
སྒྱུ་མའི་ཆོ་འཕྲུལ་འབེབས་པའི་སྣང་བ་བསྩལ། །
སྙན་ངག་ལྷ་མོ་སྙིང་ཁའི་དབུས་སུ་བསྟིམ། །

ཐོལ་བྱུང་གི་སྣང་བ།

རུ་སྔུན་པས།

࿐ང་རང་གནའ་མཁར་ཟི་ལང་ནས་གནམ་གྲུར་བསྡད་དེ། སྤོས་ལྡན་གྲོང་ཁྱེར་ལ་ཐོན་ཡོད། དེ་རིང་ནས་ཉིན་འགའ་འགོར་སོང་། ནམ་ཟླའི་ཚ་གྲང་ཧ་ཅང་བཏང་སྙོམས་སུ་གནས། ཉི་འོད་ཀྱི་འཛུམ་མདངས་ཕྱི་དྲོའི་མཚམས་སྤྲིན་ལ་འདྲེས་དུས། ནམ་མཁའི་ངོ་གདོང་ནས་ཟིམ་ཟིམ་འབབ་པའི། ཆར་སྤྲིན་གྱི་མིག་ཆུ་རེ་རེ། མི་ཚོགས་ཀྱི་གོམ་འགྲོས་བར་ནས་རིམ་བཞིན་ས་རུ་ཟགས་པ་མཐོང་བྱུང་བས། དབྱར་ཟླ་འགོ་མའི་ཁུ་བྱུག་གི་སྐད་སྙན་ལ་ཅོ་འདྲི་ཐེངས་གཅིག་བྱེད་འདོད་མོད། སྐབས་དེར་ཏག་ཏག ཕ་ཡུལ་ནས་ཁ་པར་ཞིག་འབྱོར་བས། ནམ་ཟླ་ཧ་ཅང་འཁྱགས། ཁ་བ་འང་འབབ་བཞིན་འདུག་ཟེར། གློ་བུར་དུ་བྱུང་བའི་སེམས་ཀྱི་དྲོད་འཁྱག་གི་འགྱུར་ལྡོག་དེེས། འཁོར་ཡུག་གི་ཚོན་མདངས་ལ་བརྩེ་བ་གཞན་ཞིག་གི་སྣང་བ་བྱུང་མོད། མི་ཚོགས་ཀྱི་ལྭ་བའི་ཕྱི་ནང་ད་དུང་བརྗེ་མེད། དོན་ངོ་མར་འཇིག་རྟེན་གྱི་ཆོས་རྣམས་སེམས་ངོས་ནས་ཕར་ལ་བཏགས་པ་འདྲ་མོད། ཀུན་རྫུབ་གྱི་སྣང་བ་འདི་ད་དུང་འགོག་མེད་བདེན་འཆར་དུ་ཡོང་གི་འདུག

འདི་ནི་གྲོགས་པོ་ཞིག་དང་ཁ་བརྡའི་བར་གསེང་ལས་འཕྲོས་པའི་ཐོལ་བྱུང་གི་ཟིན་བྲིས་སུའོ།

ད་ལོའི་དེབ་འདི་ཤེས་རིག་པའི་སྡེ་ལ་ཚ་ཚ་འུར་འུར་ངང་ངར་སྐད་གྲགས་པ་བཞིན་སྒོ་བུད་པ་རེད། དང་ཐོག་ལྟར་ན་ཉོ་རྩིས་བྱས་མོད། དེ་རིང་དཔེ་བཙོང་ཞིག་གི་བཙོང་གིན་པ་མཐོང་ནས་དེ་མ་ཐག་དཀར་ཆག་ཅིག་བཀླགས་པས། ནུབ་ཕྱོགས་ཤེས་རིག་དར་བའི་ལོ་རྒྱུས་ལ་རྒྱུས་ལོན་ཅུང་ཙམ་ལྡན་ན་ཡང་ཞིབ་ཏུ་ཀློག་པའི་སེམས་ཤུགས་ཆེར་མི་འདུག སྔོན་མའི་གྲགས་སྐད་དང་ད་ལྟའི་བསམ་ཚོར་གཉིས་རྦད་དེ་སོ་སོར་རེད། སྤུན་གྲོལ་གྱི་མི་སྒེར་སུ་ཞིག་གིས་མི་ལོ་དྲུག་གི་འགྲུབ་དཀའ་བ་སོགས་ཤིན་ཏུ་ནས་ཀྱང་སྙིང་ཁམས་ཆེན་པོས་སྨྲ་ཡི་འདུག་མོད། དཀར་ཆག་གིས་བཀོད་པའི་སྒྲིག་གཞི་ལྟར་ན་འཛམ་གླིང་སྤྱིའི་འཇིག་རྟེན་ཆགས་ཚུལ་དང་ཆོས་ལུགས་གྲུབ་ཚུལ་སོགས་ལ་དཔྱད་སྡུར་དབྱེ་གཅོད་ཐུབ་པ་ཞིག་བྱས་ཡོད་བསམ་མོད། ཡིན་ནའང་། བསམ་པའི་ནང་ལོག་ཏུ་དེ་འདྲའང་སྤུན་གྲོལ་གྱིས་དེབ་འདི་ཡག་པས་ཆ་དེ་འདྲ་སྤྲད་མ་སོང་། ཁོས་མི་ལོ་དུ་མར་སློབ་སྤྱོང་དང་དཀའ་ཚགས་སྤྱད་ཀྱང་གྲུབ་འབྲས་ཀྱི་ཞིང་ས་ཇི་ལྟར་འབད་པ་བྱས་རུང་། ད་ནི་ཁོས་༼འཇིག་རྟེན་བསྐྱར་བརྟགས༽བརྩམས་ནས་སྒོ་ཐོན་ཡང་འབྲུག་སྐད་ལྡིར་བ་ལྟ་བུའི་སྐད་ཅིག་མ་གྲགས་པ་ནི་རིག་གནས་པའི་སྡེ་ལ་ལའི་ཡིད་ངོར་མཛེས་ཉམས་ཡག་ཉམས་ཀྱི་བསྟོད་ར་ཚད་མེད་འཐེན་པ་འདི་རང་ཅག་ནི་ཤེས་རབ་ཅན་གྱི་མི་བུ་འཁྲུང་མྱོང་མེད་པ་ལྟ་བུ་ཞིག་འདུག་ཨང་།


发布     👍 0 举报 写留言 🖊   
✋热门推荐
  • 就像《金刚经》的开篇,佛与他的弟子一样普通:托钵化斋、吃饭、打坐、说法,即使显示神通也是为了弘法利生的需要,神通光明也虚妄不实,只是幻化。对未开启五眼功能的人,
  • ※店铺信息:地址:上海市黄浦区福州路390号外文书店1楼营业时间:10:00-18:00,餐饮时间:10:00-18:00今天和大家分享4个,做咸鱼店铺必备的软
  • @曹国伟#每日一善[超话]##阳光信用##每日一善#【较好及以上指路不吞huitag带hui字降双方⭕谢谢】我们要想心系祖国就一定要确立一个远大的志向,树立和培
  • 13年来,专案组从未放松对此案的侦查,2020年10月,专案组再次梳理案件信息,实地走访当年案件知情人,并对现场提取的痕迹物证深入细致的梳理分析,在成都铁路公安
  • 因为那会伴随你走很远很长的路。你总是担心我辛苦,觉得我很辛苦,其实我一点都没觉得,可以做自己喜欢事,拥有自己满意的工作,能实现自己的价值,是非常充实又满心欢喜的
  • 中产阶级笃信相对优越的经济能力和社会地位能够给予自身和家庭更多的安全感[酷]而今在美国,这样的理想状态在种种现实压力下土崩瓦解。最后在老去的时候需要医疗和养老,
  • 品牌店也好,直播渠道也好,归根结底是希望给消费者提供便利的,而不是成为粉丝收割的机器。一个品牌的建立是长久的事情,但是千万不要出现店大欺客的现象,建设大厦需要年
  • #读书# |#我们读书吧# 【古诗词赏析】 第一百七十三 ——《蝶恋花·晚止昌乐馆寄姊妹》·李清照 泪湿罗衣脂粉满,四叠阳关,唱到千千遍。 人道山长山又断,
  • #毕雯珺[超话]# #毕雯珺1121生日快乐# 【24岁生日应援曲发布】生日应援曲——《风为我吹来你》收听请戳 @QQ音乐风儿无形却将心绪吹起波澜逾山越海穿
  • 现在男友就哄我,说明年就会给我买上房子,我担心以后的事多,我想分手,又舍不得这么多年的感情,我们会结婚吗,以后能幸福吗?卜广鉴解答:你们彼此并非正缘,勉强维持关
  • {因错得福的❗️好消息}工厂无意间看到我们的围巾售空了才试探性的跟我沟通了这个问题悄咪咪的说他还有一百多条成品 当时因为有少许色差怕咱们太严格过不了就直接没给咱
  • 风水的核心问题是“生气”因而在选择宅址时,一定要选择“藏风聚气”的穴点。从周朝开始,周公就通过占卜的形式来进行村落的选址及有关风水的问题。
  • @摩登兄弟刘宇宁 摩登兄弟刘宇宁 刘宇宁 刘宇宁 刘宇宁#故乡的云-摩登兄弟刘宇宁[音乐]#随心(注:打卡第989天)--燕子语呢喃风景美如画九洲华夏丽世
  •   这个趋吉避凶的道理,我们按照因果规律来解释:  如果不加对治,恶业丝毫不会空耗,当然要在自己身上成熟果报,但是以四力忏悔积聚对治,灾祸也就消于无形之中。  
  • 3Y1M29D ❤️舞蹈课 一节【遇到了可爱的一一姐姐,一起上课很快乐】 ❤️小火花思维 一节 ❤️英才思维 一单元 ❤️双清 英语 1b unit8 ❤️Su
  • 一般第一次注射嗨体的维持时间在6个️ ,每个人的体质不同,所以会有所差异,建议在第3-4月的时候进行第二次治疗,效果更好,维持时间长达12-18️ #嗨体去颈纹
  •    手相算命风水学中,婚姻线向下弯的女子普通感情无法圆满,固然能遇到本人喜欢的人,但有缘无分或者爱你的人一同生活经常夫妻感情不合,发作矛盾争持不休,夫妻
  • 截至11月18日24时,辽宁省累计报告确诊病例760例(含境外输入143例)治愈出院464例,死亡2例,在院治疗294例(本土287例、境外输入7例)。截至11
  • 23.做一个只记得快乐和知识点的人24.“兵分两路 顶端相见”25.不管你被贴上什么标签,只有你才能定义自己26.自律即自.由27.最好的状态是未来可期28.放
  • 因为懂得,所以我要你相信,他也是在经历了许多伤痛后在寻找你,所以照顾好自己,活出一个最好的自己吧,若有一天,彼此在最美的年华里相遇,共创一段倾世的传奇。幸福只存