࿐ལུས་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཟུང་འཇུག་ཉི་ཁྲི་ཆིག་སྟོང་གིས། །
སྒྲ་གཅན་ལམ་ནས་རྒྱུ་བ་བཅད་ཚེ་བེམ་ཆོས་ཉི་ཁྲི་ཆིག་སྟོང་ཟད། །
མི་འགྱུར་བདེ་ཆེན་སྟོང་གཟུགས་ཕྱག་རྒྱས་འཁྱུད་པའི་ལྷ་ཡི་རྣམ་རོལ་བ། །
དཔལ་ལྡན་བླ་མ་དུས་ཀྱི་འཁོར་ལོ་དུས་ཀུན་ཁྱོད་ལ་བདག་ཕྱག་འཚལ། །

ཡབ་རྗེ་བླ་མ་གུང་ཐང་དྲུག་པ་ཆེན་མོའི་རྣམ་ཐར་ལས།

࿐ཉག་བླ་གཏེར་ཆེན་༧རང་རིག་རྡོ་རྗེའམ་༧རིག་འཛིན་སྐུ་གསུམ་གླིང་པའི་འདའ་ཁའི་ཞལ་ཆེམས།
གནས་སྣང་ཆོས་ཀྱི་འཁོར་ལོ་ཇི་སྙེད་གང་། །
ཕྱི་གསལ་སྐུ་དང་ཡེ་ཤེས་རོལ་མོའི་རྒྱན།།
ནང་དབྱིངས་གཏིང་གསལ་གཞོན་ནུ་བུམ་སྐུའི་སྦུབས། །
ཀ་དག་དང་པོའི་གཞི་ཐོག་གྲོལ་བར་ཤོག །
ཞལ་ཆེམས་རྡོ་རྗེའི་མཆན་བུ་ནི། འཇམ་དཔལ་དབྱངས་ལ་གུས་པས་འདུད།།
ཇི་ལྟར་གན༵ས་པ་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་དོན་དང་། ཇི་སྙེད་པ་སྣ༵ང་བའི་འཁོར་འདས་ཀྱི་ཆོ༵ས་ཅི་མཆིས་ཀྱི༵་འཁོ༵ར་ལོ༵་ཇི༵་སྙེ༵ད་པ་ག༵ང་རྣམས་ཡེ་ནས་ཕྱི༵་གས༵ལ་སྐུ༵་མི་ཟད་པ་དང༵་། གསུང་མི་ཟད་པ་དང་། ཐུགས་ཡེ༵་ཤེས༵་མི་ཟད་པ་རོ༵ལ་མོ༵འི་རྒྱ༵ན་དུ་བཀོད་པ་དེ་དག་ནང༵་དབྱི༵ངས་གཏི༵ང་གས༵ལ་གཞོ༵ན་ནུ༵་བུམ༵་པ་སྐུའི༵་སྦུབ༵ས་སུ། ས་ལམ་རིམ་བགྲོད་ལ་མ་ལྟོས་པར་ངོ་བོ་ཀ༵་ནས་དག༵་པའི་དང༵་པོ༵འི་གཞི༵་ཐོག༵་ཏུ་འབད་རྩོལ་མེད་པར་གྲོལ༵་བ༵ར་ཤོག༵་ཅིག
ཅེས་གསུངས་སོ། ། རིག་འཛིན་བླ་མའི་༧སྐུ་གསུམ་གླིང་པ་ཞལ་ཆེམས་འདི། ། དོན་ཟབ་རྡོ་རྗེའི་ཚིག་ཡིན་པས། ། བདག་འཇམ་དབྱངས་༧མི་ཕམ་རྣམ་རྒྱལ་རྒྱ་མཚོ་འདྲིའི་སྤྱོད་ཡུལ་ལས་འདས་ཀྱང་། མཆན་བུ་ཅུང་ཟད་བཀོད་པ་དགེ།།

࿐ད་ནི་དཔལ་དུས་ཀྱི་འཁོར་ལོ་རིགས་ལྡན་གསེར་སྡོང་ཆེན་མོའི་ཕྱོགས་བཞིའི་བང་རིམ་ངོས་ཀྱི་ཟངས་དམར་ལས་གྲུབ་པའི་དུས་འཁོར་གྱི་རྩ་སྔགས་དག་ཚར་མང་པོ་ཡོངས་སུ་གྲུབ་པ་མ་ཟད་བཟོ་རྩལ་ཀྱང་ཧ་ཅང་ཡག་པོ་འདུག ཡིག་གཟུགས་འདི་ནི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོའམ་དགེ་རྒན་བཀའ་དྲིན་ཅན་དོན་གྱིས་སླད་དུ་མཚན་ནས་སྨྲས་ན་༧ རྗེ་འཇིགས་མེད་དཔལ་ལྡན་རྒྱ་མཚོ་མཆོག་གི་མཆོད་དཔོན། དུས་འཁོར་བ་ཨ་ཁུ་འཕྲིན་ལས་མཆོག་གི་ཕྱག་བྲིས་ནང་བཞིན་བཟོས་པ་ལས་རང་སེམས་ན་འགྲིག་མིན་གྱི་དོགས་པ་གང་ཡང་མ་མཆིས་སོ།

དགེ་རྒན་བཀའ་དྲིན་ཅན་ཁོང་གི་ཐུགས་བསྐྱེད་དང་སྨོན་ལམ་ལས། ཐུགས་རྟེན་འདིའི་ཕྱི་ནང་གསང་གསུམ་གྱི་བཀོད་པ་མཐའ་དག་ཡོངས་སུ་འགྲུབ་ལ་ཉེ་བས། བསྟན་སྲུང་ཡེ་ཤེས་ཀྱི་སྤྱན་ལྡན་རྣམས་ཀྱིས་གཟུགས་ཅན་ཀྱི་དགྲ་དང་གཟུགས་མེད་ཀྱི་དགེགས་རིགས་ཅི་མཆིས་པ་ཐམས་ཅད། ད་ལྟ་ཉིད་དུ་ཐལ་བའི་རྡུལ་ཕྲན་བཞིན་དུ་རློགས་པའི་འཕྲིན་ལས་དང་སྡོངས་གྲོགས་ཚུལ་བཞིན་དུ་མཛད་དུ་གསོལ།


发布     👍 0 举报 写留言 🖊   
✋热门推荐
  • #三观不合的婚姻有多痛苦#网友:没想到共同生活了,四十多年的枕边人,是如此凉薄之人,爸爸的离世,让我看清了人性最无情和丑陋的一面,一辈子刻骨铭心……爸爸弥留之际
  • 弥勒法师的声音真的是太好听了,想当初看犬夜叉是为了山口胜平老师去的,但是最后却被弥勒法师给吸引了,因为他的声音真心好听,很有磁性,把弥勒平时的好色,吊儿郎当和关
  • ”在谈到租借西甲的经历时,马丁内斯补充道:“我真的很喜欢西甲联赛。”“他是现代最好的主帅之一,在6个月的时间里,他赢得了足总杯冠军。
  • 晚饭后零碎工作沟通,和毕业生聊职业规划艾草包泡脚,研究xjj送我的画睡前抄《心经》 昨天很晚回家,在喝酒,听xjj和lhy的劝解,那时候情绪都控制得很好。思绪
  • 我仍非常清晰地记得我8岁那年在电视上看到晴儿姐姐,我的天呐,怎么会有怎么漂亮,灵动的姐姐啊!最重要的还是那句话,我的颖宝,我只要你健康,快乐就好 —你的虫•贺
  • 我真的是无语了,我也想知道我做过什么,难道抢购个华为手机也成了罪过?本来想低调点算了,后来想想买车是件大事儿,而且还是玛莎拉蒂首发新款,所以必须要和大家分享下这
  • 是通过MBC证明了扎实的演技,取得了惊人成果的李俊昊和通过MBC展现更加成熟演技的林.允.儿相遇,仅这一点就备受期待。另外,林允儿饰演的是拥有灿烂微笑的人物
  • 如果没有诗与远方,就在自己的三寸光阴下,把柴米油盐过成诗,把日常琐碎写成词,让每一个落满花香鸟语的日子都闪着亮,泛着光,透着暖。我无法让时光倒流,却总想用自己的
  • 上海证监局在2019年开出的罚单也涉及“匹凸匹”散户张绍波被指利用获得的收购方案消息牟利,关乎五牛基金收购匹凸匹股权。2012年至2015年11月,鲜言任上市公
  • (3)温馨提示:尚未领取前几个月释放的NFT平移人员,请在2022年3月25日前领取已释放的 AIR。(3)温馨提示:尚未领取前几个月释放的NFT平移人员,请
  • 每个人都有独立的审美,重点是自己喜欢,勿被大众带偏 【南京医科大学友谊:吴国平】【长沙美沃孔伟立、彭青和】【佛山市禅城区苏李秀英杨智伟、林健】【长沙美之峰
  • 当天晚上我就问了身边很多朋友甚至宠物医生,都说像它这样的情况治疗费用最低都得5千甚至上万[泪],可能都治不好它,我负担不起它这么高的治疗费,突然就觉得自己真的很
  • 坚持自我肯定、赞美和认同,你会发现你的思维模式也在改变,你看问题是可以先肯定自己,先看到自己的长处,你就变成了一个能够自我肯定,自我赞美,自我认同的人,会更乐观
  • 由于文人的介入和推动,木作工艺水平的大幅提升,明式黄花梨家具由实用品升华为至臻完美的艺术品,成为中国家具史上的巅峰之作,由此叩开宫廷之门,成为皇室贵族以及文人士
  • 时彼病人,亲属知识,若能为彼皈依世尊药师琉璃光如来,请诸众僧,转读此经,燃七层之灯,悬五色续命神幡,或有是处,彼识得还,如在梦中,明了自见。世尊,若此经宝流行之
  • 3、出厂系统是ColorOS 13,有人说动画上被阉割了,没有非线性动画,说实话,我感觉不出来,况且非高端机,本就是有一定阉割的,如果什么都做到完美了,那还要高
  • 在她看来,读婉约词,不可绕过秦观;读懂秦观,才算真正读懂宋词的半壁江山。在‮子鞋‬的用料上,我‮都们‬是精‮挑心‬选,每一款‮子鞋‬生产‮背的‬后,我们‮要需‬
  • 我们在面部轮廓抗衰的重点就是补充骨骼点的容量,而面部骨骼点就是我们平时化妆的“高光点”这些高光点确定了我们的轮廓线,把面部分为了内轮廓和外轮廓。而美人=70%漂
  • 皆化作我无尽幸福的彼岸…从那一刻起,我,怦然心动了。皆化作我无尽幸福的彼岸…从那一刻起,我,怦然心动了。
  • 当日支和月支的字是一样,无论日支是哪个字,对象都会是个漂亮能干的人己土坐酉金,己土外若内强,手艺极佳,配偶细心稍内向,思虑过多。己酉日的婚姻怎么样己酉日出生的人