དུས་བཞིའི་འགྱུར་ལྡོག་བླ་ནས་བླ་རུ་མཆེད།།
མི་ཡི་གཤིས་ལུགས་དེ་དང་དེ་བཞིན་ཉིད།།
མང་ཆུའི་རླབས་སྒྲ་འཕྱོ་བའི་རི་གཤོང་དེར།།
ལྷུན་ཆགས་སེམས་ཀྱི་རླུང་བུ་ཡིད་ཙམ་མྱངས།།

ཧཱ་ཧྥོ་ལ་ཅིའི་ཕྱིར་ཧཱ་ཧྥོ་ཟེར་བ་རེད།
___མོང་ཀིར།

ཧཱ་ཧྥོ་ལ་སྐད་གྲགས་ཆེ་བའི་རྒྱུ་མཚན་གཙོ་བོ་ཧཱ་ཧྥོའི་བསམ་བློའི་སྙིང་སྟོབས་རེད། ལོ300ལྷག་གི་རིང་ཧཱ་ཧྥོ་ནི་མཚོན་རྟགས་ཤིག་ཏུ་གྱུར་ཟིན་ལ། དེ་ཡང་བསམ་བློའི་མཚོན་རྟགས་ཤིག་ཏུ་གྱུར་བ་རེད། 

2000ལོར།  ཨ་རིའི་ཧཱ་ཧྥོ་སློབ་ཆེན་གྱི་སློབ་གཙོ་གདམ་གསེས་བྱས།  མི་ལ་ལས་གསར་དུ་འགན་ཕབ་སྲིད་འཛིན་ཁུ་ལེན་ཏུན་དང་སྲིད་འཛིན་གཞོན་པ་ཀི་ཨུར་གཉིས་ཀྱི་མིང་ནས་བཟུང་།  འོན་ཀྱང་ཧཱ་ཧྥོས་དེ་མ་ཐག་མི་དེ་གཉིས་བསྐོ་གཞག་གདམ་ཀ་ལས་ཕྱིར་ཕུད།  རྒྱུ་མཚན་གོ་སླ་སྟེ།  ཁུ་ལེན་ཏུན་དང་ཀི་ཨུར་གཉིས་ཀྱིས་རྒྱལ་ཁབ་ཆེན་པོའི་དབུ་ཁྲིད་བྱེད་ཆོག་པ་དེས་སློབ་ཆེན་ཞིག་གི་དབུ་ཁྲིད་བྱེད་ཆོག་པའི་ངེས་པ་མེད་དེ།  མི་ཞིག་སློབ་གྲྭ་ཞིག་གི་དབུ་ཁྲིད་བྱེད་དགོས་ན་དེ་ལ་རིག་གཞུང་གི་རྒྱབ་ལྗོངས་གྱ་ནོམ་པ་ཞིག་ཡོད་དགོས་ལ།  ཁུ་ལེན་ཏུན་དང་ཀི་ཨུར་གཉིས་ལ་དེ་མི་ལྡན་པས་རེད།  རྗེས་སུ་ཨ་རིའི་དཔལ་འབྱོར་པུའུ་ཀྲང་སྟེ།  འཛམ་གླིང་དངུལ་ཁང་གི་གཙོ་འཛིན་གཞོན་པ་སཱ་མོའུ་སི་ཁོང་ཧཱ་ཧྥོ་སློབ་ཆེན་གྱི་སློབ་གཙོ་གསར་པར་འདེམ་སྒྲིག་བྱས་པ་རེད།  རྒྱུ་མཚན། ཁོང་ནི་དཔལ་འབྱོར་རིག་པར་ཞིབ་འཇུག་ཕྱོགས་ཀྱི་མི་སྣ་རྩེ་གྲས་དང་འཛམ་གླིང་ན་སྐད་གྲགས་ཡོད་པའི་རིག་སྨྲ་བ་ཞིག་ཡིན་པས་རེད།

འཛམ་གླིང་ཐོག་ཧཱ་ཧྥོ་ཡི་གོ་གནས་དང་སྐད་གྲགས་ལ་དོགས་པ་དང་ཐེ་ཚོམ་མི་དགོས་པ་དེ་གཙོ་བོ་རིག་གཞུང་རང་དབང་ལ་སྲུང་སྐྱོབ་དང་རང་རྐྱ་ཐུབ་པ།  གཟི་རྔམས་ལྡན་པའི་སློབ་གསོ་ལ་དོ་སྣང་ཆེན་པོ་བྱས་པའི་རྒྱུ་མཚན་གྱིས་རེད།   ཨ་རིའི་ལོ་རྒྱུས་ཁྲོད་ཀྱི་སྲིད་འཛིན་དྲུག་ཧཱ་ཧྥོ་སློབ་ཆེན་གྱི་མཐར་ཕྱིན་སློབ་མ་ཡིན་ལ།  མ་ཟད་སྔོན་སྲིད་འཛིན་དཔའ་ཧྲིན་ཏུན།  སྲིད་འཛིན་ཅེ་ཧྥོའུ་ཧྲིན།  སྲིད་འཛིན་ཨེ་སིན་ཧཱོའུ་བེའུ།  སྲིད་འཛིན་ཁིན་ནས་ཏིས་སོགས་སྲིད་འཛིན་མང་པོ་ལ་ཧཱ་ཧྥོས་ཐེངས་དང་པོར་ཡོན་ཚད་ལྡན་པའི་མཚན་སྙན་གྱི་བྱ་དགའ་གནང་བ་ཡིན་ལ། ཧཱ་ཧྥོས་གནང་བའི་ཡོན་ཚད་ལྡན་པའི་མཚན་སྙན་ནི་ཨ་རིའི་སྲིད་འཛིན་དག་ལ་མཚོན་ན་ཆེས་རྙེད་དཀའ་བའི་གཟི་བརྗིད་དཔང་ཡིག་ཅིག་རེད།  དེའི་ཕྱིར་སྐབས་གང་གི་སྲིད་འཛིན་ཡིན་ཡང་དེ་ལ་རེ་བ་མི་བཅང་མཁན་གཅིག་ཀྱང་མེད་པ་ཡིན། 1986 ལོ་སྟེ་ཧཱ་ཧྥོ་ལོ 350 ལོན་པའི་རྟེན་འབྲེལ་གྱི་མཛད་སྒོའི་སྐབས་སུ།  སྲིད་འཛིན་ལེས་ཀུན་གྱིས་མི་བརྒྱུད་ནས་བཤད་དོན།  རང་ཉིད་ཧཱ་ཧྥོ་སློབ་གྲྭར་འོང་ནས་འཆད་ཁྲིད་ཐེངས་གཅིག་བྱེད་རྒྱུ་དེར་དགའ་བ་བླ་མེད་ཡོད་ཀྱང་།  ཆ་རྐྱེན་གཅིག་ཡོད་པ་ནི་ཁོ་ལ་འབུམ་རམས་པའི་མཚན་སྙན་གནང་དགོས་པ་དེ་ཡིན།  སློབ་གཙོ་པོའུ་ཁིས་དེ་མ་ཐག  ང་ལ་སྲིད་འཛིན་ཁོང་གི་འདོད་གཏམ་ཚ་བོ་དེ་དང་ལེན་བྱེད་འདོད་གཏན་ནས་མེད་ཅེས་ལན་བཏབ་པ་རེད།  གནས་ཚུལ་དེར་བཤད་ཡམ་རྣམ་པ་སྣ་ཚོགས་བྱུང་ཡང་།  མི་མང་ཆེ་བས་སློབ་གཙོ་པོའུ་ཁི་ལ་རྒྱབ་སྐྱོར་བྱས་པ་ཡིན།  རྒྱུ་མཚན།  དེ་ནི་ཁོས་ཧཱ་ཧྥོ་སློབ་ཆེན་གྱི་རང་རྐྱ་ཐུབ་པའི་ངོ་བོ་རྒྱུན་སྐྱོང་བྱས་པར་མ་ཟད།  བླ་ན་མེད་པའི་རིག་གཞུང་དག་ཐ་མལ་པ་དང་སྤྱིར་བཏང་བར་བསྒྱུར་འགྲོ་བར་ངོ་རྒོལ་བྱས་པའང་རེད།  རིག་གནས་རང་དབང་གི་ཕྱོགས་ནས་ཧཱ་ཧྥོ་དེ་བས་ཀྱང་འཛམ་གླིང་ན་མཆོག་ཏུ་གྱུར་པ་ཡིན་ནོ།  །

འཛམ་གླིང་འཁྲུག་ཆེན་དང་པོའི་སྐབས།  ཧཱ་ཧྥོ་སློབ་ཆེན་གྱི་སེམས་ཁམས་རིག་པའི་དགེ་རྒན་ཆེན་མོ་མོའུ་སི་ཐི་པོའུ་ཀི་འཇར་མན་གྱི་གསང་མྱུལ་བ་ཡིན་པར་དོགས་པ་ཟོས་ནས་སློབ་གྲྭའི་ཕྱི་ནང་གི་མི་མང་པོས་ཧཱ་ཧྥོ་ལ་གནོན་ཤུགས་ཆེན་པོ་སྤྲད་དེ་ཁོ་སློབ་གླིང་ནས་ཕྱིར་ཕུད་གཏོང་དགོས་པའི་རེ་བ་བཏོན།  མ་ཟད་དེ་སྔ་སློབ་གྲོགས་ཤིག་གིས་མོའུ་སི་ཐི་པོའུ་ཀི་ཕྱིར་ཕུད་བཏང་ན་ཁོས་ཧཱ་ཧྥོ་ལ་ཨ་སྒོར་ཁྲི 1000ཡིས་རོགས་སྐྱོར་བྱེད་ཅེས་བཤད་པ་རེད།  གླེང་ཕྱོགས་དང་གནོན་ཤུགས་ཞི་ཆེད།  མོའུ་སི་ཐི་པོའུ་ཀིས་སློབ་གྲོགས་ཁོས་ཨ་སྒོར་ཁྲི 500 སློབ་གྲྭའི་དངུལ་བྱང་སྟེང་དུ་རྒྱོབ་ཤོག་དང་རང་ཉིད་དེ་མ་ཐག་སློབ་གྲྭ་ནས་ཕྱིར་འབུད་བྱ་ཆོག་ཅེས་རང་འགུལ་གྱིས་དེ་སྐད་བཤད།  འོན་ཀྱང་སྐབས་དེའི་སློབ་གཙོ་ལོ་ཀི་ཨུར་གྱིས།  སྤྱིར་བཏང་སུ་དང་སུའི་རོགས་སྐྱོར་ཡང་ང་ཚོས་དང་ལེན་བྱེད་ཀྱང་།  སྒོར་གྱི་ཆེད་དུ་རིག་གནས་རང་དབང་ལ་གནོད་འཚེ་བྱེད་མི་སྲིད་ལ།  དེའི་ཆེད་དུ་དགེ་རྒན་ཆེན་མོ་ཁོང་ཕྱིར་སྐྲོད་དང་ཁོང་གི་དགོངས་ཞུའི་ཞུ་ཡིག་དང་ལེན་བྱེད་པ་དེ་བས་ཀྱང་ག་ལ་སྲིད་ཅེས་གསལ་བཤད་བྱས་པ་རེད།

ལས་ཐོགས་སྔ་མའི་སློབ་གཙོ་ཁི་ནན་ཐིས་འཛམ་གླིང་གི་མི་མང་པོ་ཞིག་གིས་མིག་ཧྲིག་ཧྲིག་ངང་ཧཱ་ཧྥོ་སློབ་ཆེན་ལ་བལྟ་བའི་རྒྱུ་མཚན་གྱི་གསང་བ་བཀྲལ་བ་ནི།  སློབ་ཆེན་ཞིག་གི་མཚན་སྙན་དེ་སློབ་ཁང་གི་རྒྱ་ཆེ་ཆུང་དང་སློབ་མའི་གྲངས་ཀ་མང་ཉུང་ལ་མ་ལྟོས་པར།  དེ་ནི་མི་རབས་ནས་མི་རབས་ཀྱི་དགེ་རྒན་དག་གི་སྤུས་ཚད་ལ་ཐུག་ཡོད་པ་དང་།  ངེས་པ་དོན་གྱི་རླབས་ཆེ་བའི་སློབ་གྲྭ་ཞིག་ཡིན་ན།  དེ་ནི་ཕྱོགས་སོ་སོའི་བསམ་བློ་རང་དབང་པ་དག་མཉམ་འཛོམས་བྱུང་སའི་ལྟེ་གནས་ཤིག་ཡིན་དགོས་པ་རེད་ཅེས་བཤད།

ཧཱ་ཧྥོ་སློབ་ཆེན་གྱི་སློབ་གཙོ་ཁོང་གིས་གསུང་དོན།  བདེ་འཇགས་དང་རང་དབང་ལ་ཁག་ཐེག་ཡོད་པའི་རིག་སྨྲ་བ་དེས་ད་གཟོད་ཚན་རིག་གི་བདེན་དོན་ལ་འཚོལ་ཞིབ་བྱེད་ཐུབ་ཅེས་གསུངས།  དེ་ནི་ཧཱ་ཧྥོ་ཡི་བསམ་བློའི་སྙིང་སྟོབས་ཀྱང་རེད།   རྒྱུ་མཚན་དེའི་ཕྱིར་ཧཱ་ཧྥོ་འཛམ་གླིང་ན་སྐད་གྲགས་ཡོད་པའི་སློབ་ཆེན་ཞིག་ཏུ་གྱུར་སོང་པ་རེད།  དེ་ཆེས་མཆོག་ཏུ་གྱུར་དོན་བདེན་དོན་ལ་འཚོལ་ཞིབ་དང་ནོར་སྐྱོན་ལ་ཐེར་འདོན་ཐུབ་པའི་རྒྱུ་མཚན་གྱིས་རེད་ལ། དེ་མིན་ཧཱ་ཧྥོ་ལ་ཚང་མས་དེ་འདྲའི་གུས་བཀུར་དང་ཡིད་སྨོན་བྱེད་པའི་རྒྱུ་རྐྱེན་རྩད་འདྲི་བྱེད་རྒྱུ་ན།  དེ་ནི་སློབ་གྲྭ་འཛུགས་སྐྱོང་གི་ཕུགས་འདུན་དམ་སྲུང་བྱས་པས་རེད།  རྩ་དོན་བརྟན་སྲུང་བྱེད་པ་ནི་ཧཱ་ཧྥོ་སློབ་གྲྭའི་བསམ་བློའི་སྙིང་སྟོབས་ཉག་གཅིག་རེད་དོ།  ། 

མ་བཅོས་དང་བའི་འདུན་པ་མ་ལྷོད་དང་། །
དུང་གི་ཟླ་བ་ཉེ་བའི་མཁའ་རུ་འཛུམ། །
མཁས་བཙུན་བཟང་པོའི་ཟེར་བརྒྱས་ཟླུམ་པོའི་སར། །
ཀུན་ནས་འཁྲིལ་བའི་མཚར་སྡུག་མི་རིང་ངོམ། །


发布     👍 0 举报 写留言 🖊   
✋热门推荐
  • #金泰妍发文##金泰妍的泰古tv#金泰妍大赏 金泰妍吧 美图 tyjj kty jty 壁纸 捐款 四季 新歌 图片 i why ost DearMe 机场 私
  • 懂你的人,最珍贵在人的这一生中朋友多到不计其数但懂你的人却寥寥无几懂你,就是理解你喜忧懂你,就是感知你冷暖懂你,是在乎,是理解懂你,是真心,是真情朋友不一定懂你
  • 无论有多饱,无论我们各自有什么事约定好了就不食言大叔拿着小龙虾说要夹我的煮熟了的小龙虾都要用来打架调戏彼此[允悲]我们太有爱❤️了吧今天大叔跟邻居去菜市场买了荔
  • 【董事长乐团鼓手520登记结婚晋升人夫】董事长乐团鼓手金刚在5月20日(谐音我爱你)与交往3年的女友Koko完成登记,正式晋升人夫,金刚自嘲:“我不是浪漫的人。
  • #金厉旭[超话]# #小王子金厉旭# ▸ 200606 volumeup891 INS更新金厉旭相关「SNS」SuperJunior-K.R.Y. X 姜汉娜的
  • 10点 第一部分 meco旗舰199-50券 bundaberg宾得宝旗舰199-50券 润百颜水光次抛2支+水感面膜1片,19.9,200件 Kiehl'
  • 曾经的我幻想着做家庭主妇的幸福 当你真正进入这个角色 你会发现 你的不安全感 曾经那个想买衣服包包护肤品眼睛都不眨一下的小姑娘 变成现如今买点东西都要思前想后的
  • 距离复试结束已经过了大半个月了,人前傻笑背后凄凉吧,今天看到本校考研统计表依旧是难受的,每年都不缺高分的大佬,但是看到分数比我低的上岸了,说不嫉妒是假的。报考学
  • 他是一个认真的小演员,他不只是一个满足你们cp脑的工具人[泪][泪]2020年6月6号星期六,终于完成了毕业答辩,等评定的时候跟师姐感叹了一下线上的不完美,眼光
  • 为方便客户,公司还组织了流动加油服务小分队,送油到田间地头。@华晨宇yu【徐州石油为农户送优惠】近日,江苏徐州石油与市农机部门联合农机用油活动,为农户送上优先加
  • 经讯问,寇某某如实供述了其深陷网络赌博输掉了全部家产,为了翻本不仅负债累累,还以合伙做生意为由诈骗本案四名被害人共计14万余元的犯罪事实。同时,据寇某某供述
  • !!
  • 二、上征信之后要学会拿起法律的手段,目前已有不少遭到高利的人受到了征信的影响,但遇到这种情况借款人可以整理好证据,去法院去起诉要求征信撤销,只要大家记得只要超过
  • 当我们对自己的人生不重视时,就等于在轻视自己的生命;当我们对自己的所有行为不重视时,其实也是在轻视自己的生命。无论亲人们有没有这样的意识,是否知道这些真相,我可
  • 34 Do not think that I came to send peace upon earth: I came not to send peace,
  • 在40岁之前,你要做的是全力奋斗事业,所以应该选择一个可以拿到高工资,便于跳槽,就业机会多的一线城市。再给你降低一点吧,就是38岁之前,离你现在还有10几年的时
  • 人与人的牵绊,从来不是先来后到,终究是气味相投。零时间这个展是最让我焦虑、心悸甚至有点恐惧的,出逃到下两个展心跳依然漏拍。
  • 记者郭建波在报导社会负面事件的同时,也在揭开自己身上的伤疤;母亲纪明岚在外为人热情,受人爱戴,但是回到家却判若两人;女儿郭婉婷小小年纪就学会了成人世界里的种种生
  • 美好的周六,用一套温柔的星辰纱给各位小仙女带来问候#余姚##慈溪##宁波##杭州##最美婚纱店##礼服敬酒服##中式婚礼龙凤褂秀禾服马来褂##新娘试纱分享##化
  • 码字无法支撑起我个人花销,且占据了很多时间,为了配合国家号召,我周一至周五出去摆烧烤摊,晚上存稿,周末一口气喂饱你们,鞠躬。这个月大概都是周六周日更两万啦,大家