ངར་ལངས་པའི་གཞོན་སྐྱེས་སམ་ཚ་བོ། དྲང་བདེན་ནམ་དོན་མེད་རྩོད་པའམ། གྱང་ར་ཞིག་གོམ་པ་གང་གིས་ནང་ལ་ནུར་འདུག་ཟེར། དེ་ནི་ས་རྩོད་ཅིག་རེད། སྐབས་འགར་གཉེན་དང་ལན་རེར་ཁུ་བོ། གྲིའུ་རྣོ་དབལ་ལྟ་ཟེར་མོད། ཡིད་ལ་ཅི་ཡང་བྱར་མེད་པའི་ཁུ་བོ་ནི་བྱིས་པ་ཆུང་ཆུང་ཞིག་དང་འདྲ། འདྲེན་བྱེད་ཟུང་ནི་ཐག་རིང་གི་སྨུག་རྒྱུ་དང་མཚུངས། ང་ནི་གྱང་ཆུང་ཐེ་བོང་ཙམ་ཞིག་གི་ཕྱི་ལ་སྐུང་ཁུལ་བྱས། ཁོང་གིས་དེ་ཙམ་ཡང་མཐོང་གྱིན་མི་འདུག ཁོང་གི་རྒས་གཉེར་འོག་ན་ཁོང་དགོད་དམ། ཐག་ཉེ་རིང་ཀུན་གསལ་མདོག་གི་འཛུམ་ཆུང་ཅིག་ལངས་འདུག འོན་ཀྱང་ང་མི་མཐོང་། ཨ་ཁུ་དེས་ཁང་ཀླད་ནས་ང་མཐོང་བྱུང་། ཨ་ཁུས་དྲང་གཏམ་བཤད་པར་ང་སྐྲག་གིན་འདུག ཁོང་ལ་དོན་དག་ག་ཚོད་ཕྱི་གསལ་ནང་གསལ་དུ་གྱུར་འདུག བྱིས་པ་ཇི་བཞིན་རྩེ་བཞིན་པ་གསལ་རྗེན་དུ་མཐོང་ཡང་ཅི་ཡང་མི་གསུང་། བཞད་མོ་ཞིག་བཞད། སྙིང་རྗེ་སྐྱེས་སོང་། དེ་ནས་ཅུང་མ་འགོར་བར་ཁུ་བོ་ནང་ལ་ཕེབས། གྱོན་པ་རྙིང་བ་འགའ་ཀ་ཏོར་ཞིག་ཏུ་བཞག ཞྭ་མོ་རྙིང་བ་ཞིག་ཟུར་གྱོན་ཙམ་བྱེད། ཞྭ་འདབ་ཐོད་པ་ནས་ཐུར་གུག་ཙམ་འདུག ལུས་པོ་ནི་འདར་ཡོམ་གྱི་ངང་ཚུལ་བཞིན་ཆུ་འགྲམ་དུ་དལ་བུར་སླེབས་ཡོང་ནས་གོན་པ་འཁྲུད་ཁུལ་བགྱིད། གདོང་ནས་ཁེར་དགོད་ཀྱི་ཉམས་ཞིག་དོད། ལུས་ཀྱིས་ཤེད་ཤུགས་ཡོད་ཚད་བཏོན་ནས་འཁྲུད་གྱིན་འདུག འོན་ཀྱང་ཁོང་གི་ལག་པའི་ཤེད་དང་མིག་ཟུང་གི་འོད་དེ་ཉམས་འདུག གདོང་སྐྱིའི་འོག་གི་འཛུམ་ཆུང་དེ་སྔར་བཞིན་ཡལ་མི་འདུག ཞྭ་མོ་ཟུར་ཙམ་གྱོན་འདུག ངས་ལྟར་མ་བཟོད། མིག་མཐའ་རློན་པར་གྱུར། ངས་ཡང་ཡང་བོས། ཁོང་གི་མཚན་ནས་བོས། ཁོང་གིས་ཐོས་ཀྱིན་མི་འདུག ཞེ་སྡང་དེ་སུ་ཡིས་དབང་དུ་གྱུར། གང་ནས་བྱུང་། ཁོང་རྒས་འདུག མི་རྒ་བའི་སྡུག་བསྔལ་སུ་ཡིས་ནོན། གྲོགས་པོ་ལགས། ཁྱེད་ཀྱིས་ངའི་མིག་ཆུ་ཤམ་ཤམ་དུ་བཞུར་གྱིན་པ་མཐོང་ངམ།

འདིར་ཚིག་སྦྱོར་དངོས་གཙང་བ་ཞིག་ཡོང་བའི་ཐབས་བསྟན་པ།

འཇམ་མགོན་མི་ཕམ་རིན་པོ་ཆེས། སྙན་དངགས་མེ་ལོང་གི་འགྲེལ་པ་དབྱངས་ཅན་དགྱེས་པའི་རོལ་མཚོ་ཞེས་བྱ་བ་ལས།
དེ་ལ་ཚིག་སྡུད་མང་བ་ཅན་ལྷུག་པའི་གསོས་སུ་འགྱུར་ཚུལ་བཤད་ན། སྤྱིར་ཚིག་གང་ལ་ཡང་དོན་གོ་ངེས་པ་ལས་དགོས་མེད་ཀྱི་ཚིག་ལྷག་རྣམས་དོར་ནས་བརྗོད་ན་བརྗོད་པ་དངོས་གཙང་བ་དང་། དགོས་མེད་མིན་པར་དོན་ལ་ཐོབ་པའི་རྣམ་དབྱེ་སོགས་ཀྱང་ཅི་རིགས་སུ་བསྡུ་སྟེ། ནོར་སོ་ཡོད་པ་དང་དོན་གསལ་ངེས་སོགས་མི་བཞག་ཀ་མེད་ལས་གཞན་ཅི་རིགས་སུ་བསྡུ་ན་ཚིག་ཟོར་ཡང་ལ་དངོས་གཙང་བ་ཞིག་འབྱུང་སྟེ། དཔེར་ན་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་འདིར་སངས་རྒྱས་བཅོམ་ལྡན་འདས་བྱོན་ནས་དམ་པའི་ཆོས་བསྟན་ཏེ་གདུལ་བྱ་ལམ་ལ་བཀོད་ཅིང་། བསྟན་པ་རྒྱས་པར་གྱུར་ནས་འཕགས་པའི་གང་ཟག་མང་དུ་བྱུང་ངོ་། །ཞེས་བརྗོད་པ་ལ། བྱོན་ནས་བསྟན་ནས་བཀོད་ནས་གྱུར་ནས་ཞེས་ཚིག་ཕྲད་ཐམས་ཅད་སྒྲ་གཅིག་ཏུ་བྱས་ན་རྣ་བར་མི་མཛེས་ཤིང་། དོན་གོ་བ་ལ་ཡང་ལྷག་བཅས་ཤ་སྟག་བརྒྱུད་པས་མི་བདེ་བའི་ཞད་ཡོད་དོ། །དེས་ན་ཚིག་མཐའ་དེ་དག་གོང་ལྟར་སྒྲ་གདངས་མི་འདྲ་བ་སོ་སོར་བསྒྱུར་ནས་སྐྱོན་མེད་མོད། འོན་ཀྱང་ཕྲད་དེ་དག་བསྡུས་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན། ལམ་ལ་བཀོད། བསྟན་པ་རྒྱས་པར་མཛད་པས། འཕགས་པ་མང་དུ་བྱུང་ངོ་། །ལྟ་བུ་བྱས་ན། ཆོས་བསྟན། ལམ་ལ་བཀོད་སོགས་གཅོད་མཚམས་ཐ་དད་པར་བྱ་དགོས་ཤིང་། དེ་ལྟར་ན་དོན་གོ་བ་ལ་ཁྱད་མེད་ཀྱང་སྒྲ་ཟོར་ཡང་ལ་མཛེས་པར་འགྱུར་བ་འདིས་མཚོན་ནས་ཚིག་སྡུད་དྲུག་བཤད་པ་ཅི་རིགས་སུ་སྦྱར་ཏེ། དོན་གོ་བ་ལ་ཁྱད་མེད་ན་ཚིག་མང་པོ་རྣམས་ཅི་རིགས་སུ་བསྡུ་ཞིང་། བར་གྱི་མཚམས་སྦྱོར་ཚིག་ཕྲད་རེ་རེ་ཙམ་བཞག་ན་ལེགས་མོད། གནས་འདི་ལ་ཁ་ཅིག་རྟོག་དཔྱོད་གཞུག་མ་མྱོང་བར་འདུག་ལ། ཁ་ཅིག་གིས་དེའི་དོན་རགས་པ་གོ་ཡང་ཞིབ་པར་མ་དཔྱད་པ་དང་། དེའི་རྣམ་གཞག་གལ་ཆུང་ངུ་བྱས་ཏེ་གསལ་བར་བརྗོད་པ་སྔར་ཡོད་པར་མ་མཐོང་ཡང་། འདིར་གསལ་བར་བརྗོད་པ་འདི། སྙན་ངག་མཁན་ལ་མན་ངག་ཅིག་བདག་གིས་འདོམས་པ་ཡིན་པས་བློ་ལྡན་རྣམས་དགའ་བར་གྱིས་ཤིག། དེར་མ་ཟད་ཚིགས་བཅད་ཀྱི་རྐང་པའི་མཐའ་ལྷག་བཅས་ཀྱི་ཏེ་སྒྲ་སོགས་དང་། རྣམ་དབྱེ་གཅིག་གི་སྒྲ་རུ་མཚུངས་པ་སོགས་རྣ་བར་མི་མཛེས་ཤིང་། རྐང་པ་བཞིའི་མཐའ་ཡི་གེ་གཅིག་མ་ཡིན་པར་སོ་སོ་དང་། དབྱངས་དང་། སྐྱེ་གནས་ཀྱང་སོ་སོ་བར་གྱུར་པ་ཕལ་ཆེར་བརྗོད་པ་མཛེས་པར་མཐོང་ལ། རྐང་པ་བཞིའི་མཐའ་འདྲ་བར་ཆེད་དུ་སྦྱར་བ་འགའ་ཞིག་བསམ་བཞིན་དེ་ལྟར་བྱས་པས་དོན་གྱིས་མི་མཛེས་པ་ཆེར་མེད་པའང་ཡོད་དོ། །དེ་ལྟར་ཞིབ་ཏུ་དཔྱད་ན་ཚིག་གོང་འོག་བྱེད་ཚུལ་གྱི་གོ་རིམ་དང་། འཆད་ཚུལ་དང་། བརྗོད་ཚུལ་ལ་གོ་བདེ་མི་བདེ། དོན་སྟོན་མི་སྟོན། སྙན་མི་སྙན་སོགས་ཀྱི་ཁྱད་པར་ཕྲ་མོ་བློ་རགས་པས་གར་ཡོད་ཀྱང་མ་རྟོགས་པ་དུ་མ་ཞིག་ཡོད་པ་རྣམ་པར་དཔྱད་པའི་ས་བོན་འདིས་མཚོན་ནས་བློ་ལྡན་རྣམས་ཀྱིས་ཤེས་པར་བྱའོ། །

རྒྱལ་དབང་དཔལ་ཡུལ་བསྟན་པའི་མངའ་བདག་༧སྐྱབས་རྗེ་ཀརྨ་སྐུ་ཆེན་ཐུབ་བསྟན་ཚུལ་ཁྲིམས་ནོར་བུ་འོད་ཟེར་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོ་གང་ཉིད། དཔལ་ཡུལ་བའི་གདན་ས་གཉིས་པ་མགོ་ལོག་དཔལ་ཡུལ་དར་ཐང་དགོན་དུ་ཆིབས་བསྒྱུར་གནང་ནས། ༧སྐྱབས་རྗེ་ལྷ་སྤྲུལ་ཨོ་རྒྱན་གར་དབང་ཉི་མ་སོགས། སྟོན་འཁོར་འདུས་པ་རྒྱ་མཚོ་དང་མཇལ་འཛོམས་བྱུང་བའི་བསྐལ་བཟང་།


发布     👍 0 举报 写留言 🖊   
✋热门推荐
  • 老公能赚钱,顾家,宠我,除了喝酒抽烟没什么癖好,但是不知道为什么,特别不喜欢老公和亲戚朋友喝酒,一喝就多,一喝就停不下来,说一些该说的不该说的话,每次酒局结束我
  • 蒂妃涣彦/韩伦美羽祛斑淡斑霜祛痘化妆品护肤品套装工厂现货批发-0521163623-【▓微▓:13250533191】>>>>>&
  • 我希望在别人伤心难过绝望的时候,能想起来,以前有个人喜欢她,喜欢就是最大的认同。 第二个,确实是相反的,我从来没想过希望别人以后不好而衬托自己的深情,因为我不
  • 如果预算再高一点,可以选择百年灵的这款AB0138241C1P1,推荐理由是搭载B01计时机芯,和帝舵的MT5813机芯是共用的,并且在劳力士、欧米茄、百年灵这
  • “别这样看着我……不对,要这样看着我……算了,你今天好美……”噗,我被他的反应逗笑了,“傻子,在外面等不热嘛,怎么不和我打电话催我。”他牵着我的手,“今天我规划
  • ☺️” 非常期待♪两个人说:“这之后能吃到什么好吃的呢~让肚子饿起来吧♪”什么都没吃,一边调查小田原的美食一边准备着拍摄^^在见面之前,作为节目的企划给兼近先生
  • 辰戌丑未为四季,出版财官居杂气;干头透特别为真,只问财多为尊贵。此命是杂气之中,月令透出丙丁火,乃为出版;只是不合日时下有癸水为财。
  • 唯一的成功就是心狠手辣让跟你的徒弟都签了终身为奴的合同,真是慈不掌兵(迟早会反噬的)你属于最失败的管理者:米菲,歪歪主播苏菲的一个小小场控,因为有了散打哥的力捧
  • #五条悟[超话]#悟 你的委屈实在太多了 我说不完也写不完动漫被封印 漫画被腰斩现在还别世人说成小丑 2.5没有人会问你累不累 恐怕只有我们五推和杰会担心你了但
  • 薄荷经常是主打,加热过的薄荷还保留着清凉,但没有了刺激,作为吊味的主角。不知道选择蓝色和海洋有没有关系,但于我而言,蓝色的大殿让我感觉仿佛被海水包裹,安静柔软。
  • 一边吃小龙虾一边想抽屉的事,可能是吃东西的时候真的很快乐,心情很好,也没那么沮丧,想想还是好事多磨吧,也就些许风霜,努力工作努力带客户,比啥都重要。”“每次出
  • 【朴镜浅解典】听说过有翅膀而自飞的,但没有听说过没有翅膀也能自飞的;听说智高慧深者能够洞透事物的真相,没有听说过缺智少慧者也能洞透事物真相的…【朴镜话治企】①
  • 当简很“茶”的说出“但至少我不会忘记她不吃鱼啊”他也没有在简面前维护Re,而是恍然大悟似的回复“对哦!他选择简,就是选择自己的舒适区,因为简和他妈的个性实在太相
  • 每天,在喜怒哀乐间走走停停,不知道明天会遇见什么,只知道今天的天空还可以,便随手拍几张,生活呢,往往因为用心而变的活色生香些,而活在当下,不辜负今天,就是生活赋
  • Zenpunk新品:神秘领域系列—Maria Panfilova狐猴龙Lemur Droagon真实比例雕像微博:禅punk模玩 / 微信官群:ztlord /
  • 哎你摘的什么呀那个坏了不好,扔掉扔掉…大人孩子一通忙活,大兜小兜打道回府…但这一次,我学着像作者一样,慢下来,带着孩子仔细欣赏大自然的每一个细节:这是一个成熟的
  • 2.第二次给我做了一个零时的,就是把中间的缝给补上了,让我看看门牙大小是否能接受,也可以和家人朋友商量看看,因为我觉得可以接受,拍了一个牙片回来后就告诉医生可以
  • #华为[超话]##上海近四百款应用加入鸿蒙生态# HDD上海站·鸿蒙原生应用专场顺利举办,30多款应用现场官宣启动鸿蒙原生应用开发,我们比较熟知的太平洋保险、海
  • 而对于已经入门的朋友,并且有一定经济实力之后(预算在3万以内)帝舵、名士、艾美、浪琴等名牌是不错的选择,欧米茄入门级也不错。帝舵与欧米茄机芯要说形状,帝舵这种造
  • 8⃣️⛈️江西真的太太太太太太太太热了[泪]谢谢坤坤送我回来她真的很像一个小宝宝开始自己煮晚餐了嘿嘿 苹果蒸完真的好丑(鸡蛋煮十分钟 红薯二十五分钟 玉米十五钟