༄༅།།ལྷ་མོ་འོད་ཟེར་ཅན་མའི་སྒྲུབ་ཐབས་བཞུགས་སོ།།

【 光 明 佛 母 修 持 仪 轨 】

༄༅།།གང་གི་མཚན་ཙམ་འཛིན་ཅིང་དྲན་པས་ཀྱང་།།

康剋灿赞增禁禅呗降    孰之名号仅持或忆念

འཇིགས་པ་ཀུན་ལས་རབ་ཏུ་སྐྱོབ་བྱེད་ཅིང་།།

吉巴衮勒柔渡玖切禁    即从一切怖畏作救护

དྲི་མེད་བདེ་ཆེན་ཉེ་བར་མཆོག་སྩོལ་མ།།

赤米叠钦尼哇丘最玛    且复赐予无垢大安乐

ལྷ་མོ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ།།

拉姆奥赛见啦香擦啰    摩利支天女前恭敬礼

ཨོཾ་མཱ་རི་ཙྱེེ་མཾ་སྭཱ་ཧཱ།

嗡  玛日以  即亚以  芒  丝瓦哈

ཞེས་ཅི་ནུས་བཟླའོ།如 是 尽 力 持 诵

རྒྱལ་ཀུན་ཕྲིན་ལས་ལྷ་མོའི་སྐུ་ཤར་མ།།

给衮赤勒拉姆咕夏玛    一切胜者事业天女身

བཅོམ་ལྡན་འོད་ཟེར་ཅན་མའི་ནུས་མཐུ་ཡིས།།

炯颠奥赛见美钕突耶    现者世尊摩利支威力

མི་ཁ་བྲ་མཆུ་འཐབ་རྩོད་འཁྲུག་ལོང་བཟློག།

米咔查邱透最除龙朵    回遮流言口舌诤战乱

ནད་ཡམས་དལ་ཡམས་དགྲ་ཇག་ཆོམ་རྐུན་བཟློག།

內央贴央咋洽琼衮朵    回遮瘟疫慢疫敌盗贼

མདོར་ན་མི་མཐུན་རྐྱེན་ངན་བར་ཆད་བཟློག།

脱呐米吞给俺帕切朵    总之回遮违恶缘中断

འདོད་པའི་དོན་ཀུན་འགྲུབ་པའི་འཕྲིན་ལས་མཛོད།།

堆呗脱衮珠呗赤列最    成办欲求悉成之事业

ཁེད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས།།

剋拉对禁随哇都貝推    祈由称赞启请于尊力

བདག་སོགས་གང་དུ་གནས་པའི་ས་ཕྱོགས་དེར།།

達梭康突內貝薩邱素    我等任住何处于彼方

ནད་དང་དབུལ་ཕོངས་འཐབ་རྩོད་ཞི་བ་དང་།།

內倘吾朋透最息哇倘    疾病贫穷斗诤皆息灭

ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ།།

卻倘札希佩哇則度梭    法与吉祥悉令得增长

译跋:妙音胜慧(Sherab Chen)恭敬由藏译汉,美国俄亥俄州希利亚德市,2016年11月23日(藏历九月廿五日)。翻译中疑难之处就教与赛仓仁波切和哈尔哇仁波切而作抉择。译文亦得到安多普华杰先生审读。特此致谢!

宽恕别人,其实是释放自己。

རྗེ་བཙུན་སྒྲོལ་མ་སྔོན་མོ་ལ་བསྟོད་པ།

{བཀྲ་ཤིས}

མཁྱེན་པས་དུས་གསུམ་སྒྲིབ་མེད་ཇི་བཞིན་གཟིགས།།
བརྩེ་བས་འགྲོ་ཀུན་ཕོངས་པ་ཡོངས་ལས་སྒྲོལ།།
ནུས་པས་བདུད་བཞི་དཔུང་ཚོགས་འཇོམས་མཛད་མ།།
གཏན་གྱི་སྐྱབས་གནས་ཁྱེད་ལ་ཕྱག་འཚལ་ལོ།།

མཁྱེན་གཉིས་ལང་ཚོ་རྒྱས་པའི་མཚར་སྡུག་གིས།།
འགྲོ་ཀུན་ཡིད་ཀྱི་བརྟན་པར་འཕྲོག་བྱེད་ཅིང་།།
འགྲོ་ལ་རྗེས་སུ་ཆགས་པའི་སྐྱོན་བྲལ་མ།།
རིང་ནས་བརྩེ་བས་རྗེས་སུ་འཛིན་པར་མཛོད།།

ཉེས་ཟད་སྐུ་ལ་མཚན་དཔེ་རྒྱན་གྱིས་སྤྲས།།
རྒྱལ་བ་ཐམས་ཅད་སྐྱེད་པའི་ཡུམ་མཆོག་མས།།
བདག་ལྟའི་རི་སུལ་གནས་པའི་རི་དྭགས་ཚོགས།།
ལོག་ལྟའི་འཇིགས་རུང་གནས་ལས་སྐྱོབ་པར་མཛོད།།

རོལ་སྒེག་གར་གྱིས་མཛེས་པའི་ཁྱེད་ཀྱི་སྐུ།།
ཨིནྡྲ་ནཱི་ལའི་མདོག་ལྟར་རབ་སྔོ་ཞིང་།།
ཀུན་ནས་བདག་ཡིད་འཕྲོག་་པའི་ཤེས་རབ་མས།།
དགེ་ལེགས་གཏེར་ཆེན་ཆར་བཞིན་སྙིལ་བར་མཛོད།།

དམ་པའི་ཆོས་ཀྱི་དགའ་སྟོན་འགྱེད་བྱེད་པའི།།
གསུང་གི་བདུད་རྩིའི་ཟེགས་མ་རེ་རེས་ཀྱང་།།
མ་རིག་གཉིད་ལས་སློང་བའི་བརྩེ་ལྡན་མས།།
རང་སྣང་འཁྲུལ་བའི་རྟོག་པར་ཞི་བ་མཛོད།།

ལྟ་ན་སྡུག་པའི་མཐོན་མཐིང་སྤྱན་མཆོག་ལ།།
སྨིན་མ་ཟླ་བ་ཚེས་རིས་བཞིན་དུ་མཛེས།།
མཆུ་སྒྲོས་མཛེས་པའི་ཞལ་རས་ཡིད་འོང་མས།།
སྲིད་ཞིའི་རྒུད་པ་མྱུར་དུ་སེལ་བར་མཛོད།།

ཉམ་ཐག་འགྲོ་བས་བོས་པ་ཙམ་གྱིས་ཀྱང་།།
ཐུགས་རྗེ་བྱིན་རླབས་ནམ་མཁའི་གློག་ལས་མྱུར།།
མིག་གིས་ལྟ་བས་མི་ངོམས་སྡུག་གུ་མས།།
མགོན་མེད་བདག་ཀྱང་རྗེས་སུ་འཛིན་པར་མཛོད།།

མརྒད་ཞུན་མས་ལན་བརྒྱར་བྱུགས་འདྲའི་སྐུ།
རིན་ཆེན་དོ་ཤལ་བཀླུབས་པའི་མཚར་སྡུག་ཅན།།
སྤྱན་རས་འགྲོ་ལ་གཡོ་བའི་བྱམས་ལྡན་མས།།
མི་མཐུན་རྐྱེན་རྣམས་མྱུར་དུ་ཞི་བར་མཛོད།།

དྲི་བྲལ་པདྨ་ཟླ་བའི་གདན་སྟེང་དུ།།
ཞི་བའི་ཚེམས་ཕྲེང་གཡོ་བའི་རི་དྭགས་མིག།
བཅུ་དྲུག་ལང་ཚོ་ཅན་གྱི་ན་ཆུང་མས།།
ཉམ་ཐག་འགྲོ་ལ་བརྩེ་བའི་སྤྱན་གྱིས་གཟིགས།།

སྤྱན་ཟུང་ཨཏྤལ་སྔོན་པོའི་བཞིན་དུ་མཛེས།།
གཡས་བསྐུམས་གཡོན་བརྐྱངས་སྐྱིལ་མོ་ཀྲུང་དུ་བཞུགས།།
འགྲོ་བ་རྒུད་པ་ཀུན་ལས་སྒྲོལ་མཛད་མས།།
འཁྲུལ་སྣང་འཁོར་བའི་ཆོས་ལས་ལྡོག་པར་མཛོད།།

གཡུ་ཡི་ཡལ་ག་ཐུར་ལ་དཔྱངས་འདྲ་བའི།།
འཇམ་མཉེན་ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱ་མཛད།།
ཕོངས་པ་ཀུན་ལས་སྒྲོལ་མཛད་ཏཱ་རེ་མས།།
སྲིད་པའི་དུ་ཁའིཿགནས་ལས་སྐྱོབ་པར་མཛོད།།

ཕྱག་གཡོན་སྐྱབས་ཀྱི་སྦྱིན་པ་ཐུགས་ཀར་འཆའ།།
རབ་ཏུ་་མཛེས་པའི་ཨུཏྤལ་སྔོན་པོ་བསྣམས།།
སྙིང་གི་གདུང་བ་སེལ་བའི་ཡུམ་མཆོག་མས།།
ཆོས་མིན་རྣམ་རྟོག་ཞི་བར་བྱིན་གྱིས་རློབས།།

འགྲོ་བ་ཀུན་ལ་སྙིང་རྗེ་རྒྱུན་ཆད་མེད།།
བརྩེ་བ་འགྲོ་ལ་ཆགས་པའི་འཇོ་སྒེག་ཅན།།
ཞི་བསིལ་ཆོས་ཀྱི་གྲུ་ཆར་འཇོ་མཛད་མས།།
བདག་རྒྱུད་བརླན་པར་མཛོད་ཅིག་རྗེ་བཙུན་མ།།

དྲི་ཟའི་དབྱངས་ཀྱང་ཟིལ་གྱིས་གནོན་བྱེད་པ།།
རྒྱལ་ཀུན་ཟག་མེད་བདེ་བར་རྒྱས་བྱེད་ཅིང་།།
དུས་གསུམ་སངས་རྒྱས་ཀུན་གྱི་འཕྲིན་ལས་མས།
མ་རིག་མུན་པ་སོལ་ཅིག་བརྩེ་ལྡན་མ།།

དུས་གསུམ་སྒྲིབ་མེད་གཟིགས་པའི་ལུས་ཕྲ་མ།།
ཉམ་ཐག་འགྲོ་བའི་མགོན་གཅིག་ཌཱ་ཀི་མས།།
ཕྱི་ནང་འགལ་རྐྱེན་བར་ཆད་མྱུར་དུ་ཞི།།
རང་སེམས་དབང་དུ་འདུ་བར་བྱིན་གྱིས་རློབས།།

སྐྱབས་གནས་ཀུན་འདུས་གཏན་གྱི་བདེ་སྟེར་མ།།
རང་སྣང་འཁྲུལ་བ་ཐམས་ཅད་འཇའ་བཞིན་ཡལ།།
ཚེ་རབས་ཀུན་ཏུ་ཁྱེད་ཀྱིས་རྗེས་སུ་འཛིན།།
ས་ལམ་རྟོགས་པར་སྐྱེ་བར་བྱིན་གྱིས་རློབས།།

སྙིགས་དུས་ཉམ་ཐག་འགྲོ་ལ་བརྩེ་བ་ཅན།།
ནད་དང་དབུལ་ཕོངས་འཐབ་རྩོད་ཞི་མཛད་མས།།
ཁྱེད་ལ་གསོལ་བ་བཏབ་ན་མི་བསླུ་བས།།
འདོད་དོན་ཆོས་བཞིན་འགྲུབ་པ་ཅིས་ཀྱང་མཛོད།།

ཉིན་མཚན་ཀུན་ཏུ་འགྲོ་བའི་དོན་གཟིགས་ཀྱང་།།
ཐུགས་ལ་ངལ་བ་ཅུང་ཟད་ཙམ་མ་མཆིས།།
འགྲོ་དྲུག་མ་རུ་གྱུར་བའི་རྗེ་བཙུན་མ།།
ཁྱེད་ཀྱིས་བདག་ཡིད་ཆོས་ལ་སྒྱུར་བར་མཛོད།།

མ་ལུས་འགྲོ་བས་ཁྱེད་ཀྱི་ཡོན་ཏན་ཡང་།།
བརྗོད་ཀྱང་ཅུང་ཙམ་ཉུང་དུ་ཡོད་མ་ཡིན།།
ཀུན་ལ་ཕན་བདེ་སྟེར་བའི་མཁའ་འགྲོ་མས།།
ཚེ་རབས་ཀུན་ཏུ་རྗེས་སུ་འཛིན་གྱུར་ཅིག།

ཁྱེད་སྐུ་གཡུ་ཡི་མེ་ཏོག་བཞིན་དུ་མཛེས།།
ཁྱེད་གསུང་དྲི་ཟའི་གདངས་བཞིན་ཤིན་ཏུ་སྙན།།
ཁྱེད་ཐུགས་རྒྱ་མཚོ་ལྟ་བུ་ཤིན་ཏུ་ཟབ།།
མཐོང་ཐོས་དོན་ལྡན་མ་ལ་སྐྱབས་སུ་མཆི།།

ཨརྱ་ཏཱ་རེ་གྲགས་པའི་སྒེག་ལྡན་མ།།
རྨོངས་པའི་གདུང་བ་སེལ་བའི་སྔོ་ལྗང་མར།།
ཁྱེད་ལ་བཅོལ་བའི་བྱ་བ་གང་དང་གང་།།
གེགས་མེད་ད་ལྟ་ཉིད་དུ་འགྲུབ་གྱུར་ཅིག།

དད་པའི་གདུང་ཤུགས་ཤིན་ཏུ་དྲག་པོ་ཡིས།།
བོས་པས་འགྲོ་ཀུན་རེ་བ་རྫོགས་མཛད་མ།།
སྒྲོལ་མ་ཁྱེད་ཀྱིས་ཚེ་རབས་ཐམས་ཅད་དུ།།
བདག་ཡིད་ནམ་ཡང་འབྲལ་མེད་གནས་གྱུར་ཅིག།

༢༠༢༣.༩.༡༤ཉིན་སྐྱེ་མདོ་ནས།

ད་ལོའི་དབྱར་གཞུང་གི་ཐན་ཚད།

འབྲི་བ་པོ།
དུ་ཀཱུ་ལུ།

ཁྲི་གདུགས་ཉི་མའི་ཟེར་ཕྲེང་མེ་ལྕེ་ཞིག།
ཚན་རྩལ་སྔོན་ཐོན་ཅན་གྱིས་སྣོན་པ་ཡིས།།
ལུས་དང་སེམས་ཀྱི་སྣང་བ་དྭངས་པ་ལ།།
ཐན་ཚད་གོད་ཆགས་ངན་པས་ཉོབ་པོར་གཏོང་།།

དུས་ཀྱི་སྦྲང་ཆར་ཅི་ཡང་འཇོ་ན་ཡང་།།
མེ་ཟླུམ་འཁོར་ལོས་དེ་མུར་ཚ་རྔུབ་ཀྱིས།།
ཀླད་ཞོ་སྐམ་པར་དོགས་པའི་ད་ལོ་ཡི།།
དབྱར་གྱི་ཚ་བ་འདི་ཀོ་སྔོན་ལས་ཆེ།།

ཞལ་རས་དཀར་གསལ་ཟླ་བའི་དཀྱིལ་འཁོར་ངོས།།
དྲག་ཏུ་འབར་བའི་ཉི་མའི་ཐབ་ཆེན་ལས།།
མེ་སྟག་ཁྲོམ་ཁྲོམ་འཐོར་བས་འཆར་ཁའི་འོད།།
མ་འགྱུར་ཕལ་ཆེར་མེད་པའི་གནས་སུ་བཀོད།།

ལུས་པོ་གངས་ཀྱི་ལྷུན་པོའི་རང་མདངས་ངོགས།།
དུས་མཐའི་ཉི་མ་ཕྱིར་ནུད་བྱས་པ་ལྟར།།
རབ་ཏུ་བསྲེགས་པས་རྔུལ་ཆུ་བྱང་སྣེ་ཡི།།
འཁྱགས་རོམ་ཞུ་བའི་དཔེ་རུ་ཀུན་ནས་མཚུངས།།

ཁྲུས་ཀྱི་རྫིང་བུར་ཅི་འདོད་རྩེན་ན་ཡང་།།
ཉིན་རེའི་རྗེས་ནས་སླར་ཡང་རྔུལ་བ་ཡིས།།
བརླ་ཤ་གཉིས་ཀྱང་སྔོན་མེད་འཐབ་འཁྲུག་ཏུ།།
ཞུགས་ནས་རླན་རྡར་དཔའ་ཤེད་དཔུང་པ་ངོམ།།

རང་ལུས་གཅིག་པར་ཉིན་ཟེར་ཁ་དབྱེན་འོག།
འདི་ལྟར་མི་མཐུན་གཡུལ་དུ་ཞུགས་པ་འདིས།།
ཡོ་རོབ་གླིང་གི་ཨུ་ཡུག་དམག་འཁྲུག་ཅེས།།
ངན་སྨོད་བྱེད་པའི་བློ་དེ་གཞན་དུ་འགྱུར།།

ཕོ་རྒྱག་ལུས་དྲོ་ཕུན་སུམ་ཚོགས་པ་ཡི།།
འདོད་དོན་འགྲུབ་པའི་དཔལ་དུ་བགྲང་ན་ཡང་།།
ཧ་ཅང་རྒྱག་པ་སྡུག་བསྔལ་སྐྱེད་པ་ལྟར།།
ད་ལོའི་ཐན་ཚད་འདིས་ཀྱང་ཤིན་ཏུ་མནར།།

ཁྲེལ་མེད་ཁྲམ་པའི་དཔུང་གིས་མི་ཁྲག་གི།
ཡུར་ཆུ་འདྲེན་པའི་ས་གཞི་མྱ་ངམ་ཐང་།།
ལྷ་ཡི་ཆར་བཟང་བཙོག་གྲིབ་ཐེབས་དོགས་ཀྱིས།།
རྟ་བདུན་ཟེར་གྱིས་གཙང་མར་བྱེད་ཡུན་རིང་།།
༢༠༢༣/༩/༡༤


发布     👍 0 举报 写留言 🖊   
✋热门推荐
  • 再这次回来见到小姑的时候,她就已经说不出话了,躺在那就像风里的蜡烛,那段时间家里人都在夜夜轮班守着,我脑子里经常回想到以前她以前的样子,小姑是很爱笑的人,在我记
  • 无论从现在到他激动地告别,克洛普还能赢得多少,他在默西塞德郡都是一个上帝一样的人物,是一个变革性的人物。然而在内心深处,佩斯利最忠实的崇拜者们都会承认,如果没有
  • 词未成之前,李师师曾跟宋徽宗说,已经三更了,道路霜滑,皇上不如今晚就住在这里吧!有一次,宋徽宗感染了风寒,李师师以为他不会来了,就把周邦彦叫来了,想解相思之苦,
  • 峰回路转,有亭翼然临于泉上者,醉翁亭也。若夫日出而林霏开,云归而岩穴暝,晦明变化者,山间之朝暮也。
  • 还认识了新朋友~现场氛围贼好,今年特殊的日子陪小丁过了生日,生日快乐一起唱了生日歌,能记好久~七个宝宝都太可爱了,彩排那晚真的有用眼睛好好看看你们(素颜是真帅啊
  • 我一把把手机扔到了床下,怎么次次都这样,完事了就给我发个红包,真的让我很失望,有一种莫名的心酸和不甘,就不能多陪我几天吗?#李湘晒王诗龄送的礼物#起名[超话]#
  • 我们的目标是能够有至少1000人进群,保证500人的日常活跃,能够跟着管理一起发帖、烊耗~如果我们能够在春天种下一片红薯,那我相信,到时机成熟的时候,我们会收获
  • 但是要在所有的车载、工控、IT领域,完全以LED和LD光机投影来取代现有的高清LCD显示,目前看来至少在分辨率上还不太可能。 不过此次全球终端主机厂商并没有在订
  • “回忆”里还想做一个音乐收录,嗯……果然还是想要自己的专属游戏主题曲啊,理想人选是想请给HPMA作过曲的提糯老师来写,超喜欢她,但是没约过曲,这些日子买各种素材
  • 但这种毒药却被调查它的上杉海幸当了真,她在黑市上买到了“蓝环章鱼”(其实就是普通的糖水),然后把它抹到了北野轲门的烟头上, 甚至在看到尸体后,上杉海幸
  • #光遇陪玩[超话]#金币爆爆爆✨✨✨ 入团的宝宝kuku赚 扩大招人规模 技术声音要求 审核 入团即可赚取❗❗❗❗ 24h滚丹 单子接到手软[打call]多到接
  • 那么当有的人把你拥有的一切抢走之后,他想做的事情你会发现和你当初所想的又是一模一样。回顾这一年,我们再看这些人的时候,其实他们也挺苦的。
  • )武明空称帝,颁旨到天水郡挖角丘神纪,丘神纪为了要保住丘家荣誉,以斩尽杀绝不留余地的姿态向新朝递去投名状,结局却被武皇忌惮,用完就扔,污蔑他谋反。”(剧情猜想)
  • #自设[超话]##雪沢月##自设##猫とデイジー##夏の终わりのデイジー##kentsuki#乃木坂46・佐藤楓 韓国でも不器用な一面が…夜中のホテルのお風呂で
  • 这是一条关于冰糖为何复数高会的心路历程蝴蝶效应以前,我一直都是 有一个高会买买小航就行 过期了才会去续,当时重心也不在三楼,看完演出回来以后 “马上又要出周边了
  • 为此,小李的男友找到了易教练,看在多年好兄弟的情分上,小黄并没有直接撕破脸,而是好言相劝,让对方不要太过分。作为一个男人,小黄也是很有血性的,他知道对方是想睡自
  • 常卫魏和吴金贵能够率队夺得冠军,当然也是付出了许多辛苦和智慧,但难度明显低于于根伟执教津门虎。与他们相比,于根伟带领的津门虎队排名中超第8,似乎难以服众。
  • 所以为什么大家看到lambo现在肚皮上没有毛,因为尿失禁肚皮毛全被尿液染色了,我让美容师全剃干净了,结果没想到毛到现在都长不出来了它更加无法自主大便,当时我记得
  • 5、奶制品爱好者:奶制品如牛奶可能有助于缓解抑郁和平和喜悦,这与渴望驱散不良情绪的需求相符。以下是对食物与情绪关系的概述:1、渴望松脆食物:这可能与紧绷的外向情
  • 简单梳理了下,今天高标股、二连板加上前期的妖股,基本上占据了涨停板的1/3,而且高标股基本上少有换手的,我不知道游资最终会锁仓到何时,但凡懂点技术的基本上都不可