བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་མཆོག་གིས། །
ཐུགས་རྒྱུད་ཡོངས་གཏམས་ཉམས་ལེན་སྙིང་པོ་ཡི། །
གདམས་པས་འགྲོ་རྣམས་འཁོར་བའི་གཡང་ས་ལས། །
སྐྱོབ་ལ་མཚུངས་བྲལ་རྟོགས་ལྡན་བླ་མ་མཁྱེན། །

བདག་ཅག་སྙིགས་འགྲོ་ཆོས་ལ་བློ་མིག་ཕྲ། །
ཕྱིན་ཅི་ལོག་ལ་རྣམ་དཔྱོད་བློ་གྲོས་འབར། །
སྡིག་སྤྱོད་ཀུན་ལ་ཞུམ་མེད་སྒྲུབ་ཕོད་ཅིང་། །
རང་རྒྱུད་མི་བརྟག་ཇི་མི་སྙམ་ལ་གཟིགས། །

ཁ་མིན་དོན་གྱི་ངེས་འབྱུང་སྙིང་ལ་སྐྱེས། །
བཟོད་དུ་མེད་པའི་སྙིང་རྗེས་གཞིར་བྱས་པའི། །
བྱང་ཆུབ་སེམས་ལས་ནམ་ཡང་མི་གཡེལ་བར། །
ཉམས་ལེན་རྣལ་མ་ནུས་པར་བྱིན་གྱིས་རློབས། །

ལས་ཉོན་མཚོན་ཆ་རྩུབ་མོས་གཟིར་བ་ཡི། །
རྣམ་སྨིན་སྒྱུ་མའི་ལུས་ཀྱིས་བཟོད་དཀའ་ཕྱིར། །
བྱིན་བརྒྱུད་དགོངས་པའི་རྩལ་ཆེན་རྫོགས་པ་ཡི། །
ནང་གི་བདེ་ཆེན་མྱུར་དུ་སྦར་བར་མཛོད། །

གསར་རྙིང་གི་གྲུབ་མཐའ།

མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་བཤད་ཟིན་བྲིས།

ཟིན་འདེབས་པ། ཀར་ལ་ནག་ཚུབ།

ཕ་མེས་ཀྱི་གསར་རྙིང་གི་གྲུབ་མཐའ་གང་ཡིན་ཡང་དེ་གཙོ་བོར་འཛིན་གྱི་གལ་ཆེ། གྲུབ་མཐའ་སོ་སོ་ལ་དད་པ་ལེགས་པོ་བྱེད་དགོས་ན་ཡང་དགོན་པ་གྲུབ་མཐའ་གཞན་དང་གཞན་དུ་བསྒྱུར་ན་ཉོག་དྲྭ་མང་པོ་ཡོང་ཞིང་། མང་ཚོགས་མང་པོའི་འདུན་པ་ལ་ལྟོས་དགོས་པ་ལས་རང་གི་ཞེ་འདོད་དང་བསྟུན་ནས་གང་དྲན་དྲན་བྱེད་རྒྱུ་རྩ་བ་ནས་མེད། འོ་ན་སྒར་འདི་གྲུབ་མཐའ་གང་དུ་གཏོགས་ཤེ་ན་རྙིང་མར་གཏོགས་ཟེར་དགོས་པ་ཡིན་མོད། གྲུབ་མཐའ་སོ་སོའི་གཞུང་ལུགས་སྦྱང་རྒྱུ་ཡོད་པ་འདི་རེད། དེ་བས་སོ་སོ་ཕ་ཡུལ་དུ་འགྲོ་དུས་ཀྱང་རང་དགོན་གྱི་གྲུབ་མཐའ་གང་ཡིན་པ་དེ་གཙོ་བོར་བྱེད་རྒྱུ་ལས་ས་སྐྱའི་དགོན་པ་ལྟ་བུ་ཞིག་རྙིང་མར་བསྒྱུར་རྒྱུ་མེད། རྒྱུ་མཚན་ནི་ས་གནས་དེའི་མང་ཚོགས་མང་ཆེ་བས་གཙོ་བོ་དད་པ་བྱེད་ཡུལ་གྲུབ་མཐའ་དེ་ཡིན་པས་མི་གཅིག་ལ་སྒྱུར་རྒྱུའི་དབང་ཆ་མེད།

༼ནང་ཆོས་ཀྱི་གཞི་རྩའི་ལྟ་བ་དང་སྒོམ་པ་ལ་འགྱུར་བ་གཏོང་དགོས་དོན་མེད་མོད། སྤྱོད་པ་ལ་ནི་བསྒྱུར་བཅོས་གཏོང་དགོས་ངེས་ཡིན་ཏེ། ལྷག་ཏུ་དགོན་པ་འགའ་རེའི་ལམ་ལུགས་དང་སྤྱོད་པ་ལ་བསྒྱུར་དགོས་ས་མང་པོ་འདུག

༼ལྟ་བ་སྣ་མང་ཡོད་དགོས་ཟེར་བ་འདི་ཡང་ནུབ་ཕྱོགས་ནས་ཚུར་དར་བ་ཞིག་ཡིན་ལ། འདི་ལ་རྒྱུ་མཚན་གཉིས་ཏེ། གཅིག་ནི། ལྟ་བ་སྣ་མང་ཡོད་ན་རང་དབང་ཡོད་པ་མཚོན་ཏེ། གལ་ཏེ་མི་ཚང་མས་ཟེར་རྒྱུ་གཅིག་ཡིན་ན་དེའི་ལྟག་རྒྱབ་ན་ཁྲིམས་ལུགས་སམ་གནོན་ཤུགས་གཞན་ཞིག་གིས་རང་དབང་མེད་པར་བྱས་ཡོད་པར་མཚོན་ཡོད།

དེ་བས་བསམ་བློ་རང་དབང་མཚོན་ཆེད་ལྟ་བ་སྣ་མང་ཡོད་དགོས་པ་རེད། རྒྱུ་མཚན་གཞན་ཞིག་ནི་ལྟ་བ་སྣ་མང་ཡོད་ན་དེའི་ཁྲོད་ནས་ཡང་དག་པའི་བསམ་བློ་དམིགས་བསལ་བ་འབུད་ཐུབ་པའི་རྒྱུ་མཚན་གྱིས་རེད། འོན་ཀྱང་ལྟ་བ་སྣ་མང་ཡོད་ན་དགེ་མཚན་གྱི་ཆ་ཡང་ཡོད་ལ་སྐྱོན་གྱི་ཆ་ཡང་ཡོད་པ་རེད།

དེས་ན་ང་ཚོར་མཚོན་ན་ཡང་ལྟ་བ་སྣ་མང་ནི་ཡོད་ཆོག་པ་ལས་ཡོད་དགོས་ངེས་ཤིག་མ་རེད། བོད་ལ་སྔར་ནས་ཆོས་ལུགས་ལ་བོན་ཆོས་དང་བན་ཆོས་གཉིས་ལས་མེད་ལ་དེ་ཀས་མ་འཐུས་པ་གང་ཡང་མི་འདུག ད་དེའི་སྟེང་ཡེ་ཤི་སོགས་ལ་དད་པ་མ་བྱས་ན་འགྲིག་ཡོད་པ་རེད།

༼ཚན་རིག་ནི་ཧ་ཅང་ཡག་པོ་རེད། ངས་ཀྱང་ཚན་རིགས་ལ་སྦྱོང་བ་བྱས་པ་ཡིན། དེ་བཞིན་བན་ཆུང་ཆ་གས་ཀྱང་ཆོས་ལུགས་སྦྱངས་བའི་སྟེང་དུ་ཚན་རིག་སྦྱངས་ནས་གནས་ལུགས་འཚོལ་བ་ལས་ཚན་རིག་ལ་དགག་པ་རྒྱག་དགོས་དོན་མེད་དེ་ཆོས་གཞུང་དུ་རྗེས་དཔག་གིས་གཏན་ལ་ཕབས་པ་དེ། ཚན་རིག་པས་མངོན་སུམ་གྱིས་བདེན་དཔང་བྱས་ཡོད་པ་རེད།

གལ་ཏེ་བཤད་ཚུལ་འགའ་རེ་གནས་ལུགས་དང་འགལ་ན་སངས་རྒྱས་ཀྱི་གསུང་ཡིན་ནའང་སྒྲ་ཅི་བཞིན་དུ་ཁས་ལེན་རྒྱུ་མེད། རྒྱུ་མཚན་ནང་ཆོས་ནི་བདེན་པ་དང་དོན་དངོས་འཚོལ་སྤྱད་ཅིག་ཡིན་པས་སོ།། འོན་ཀྱང་ཚན་རིག་ནི་བདེན་པ་ཡོད་ཚད་འཇལ་བྱེད་ཀྱི་ཚད་ཤིང་ཞིག་ཏུ་བཟུང་འོས་སམ་ཞེ་ན། མཐའ་གཅིག་ཏུ་ངེས་པ་མེད་དེ། འདིས་མ་རྟོགས་པའི་གནས་ལུགས་ནི་ཧ་ཅང་མང་པོ་ཡོད་པ་རེད།

བྱ་ཁྱུང་དགོན་པ་ནི། ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་ཕྱི་ལོ་ ༡༣༤༩ ལོར་ཕྱག་བཏབ་པ་ཞིག་ཡིན་ལ། དེ་ནི་མདོ་སྨད་ཀྱི་བྱང་གི་དགོན་ཆེན་བཞིའི་ནང་གི་གཅིག་ཡིན༑ དགོན་པ་དེ་རི་མཐོན་པོ་ཞིག་གི་ངོས་སུ་ཆགས་ཤིང་། རིའི་སྒང་ཐོག་ནས་བལྟས་ན་རི་དེའི་འདབས་ཀྱི་ལུང་གཞོང་ཡངས་པོའ་ི ནང་དུ་རྨ་ཆུ་དལ་གྱིས་བཞུར་བམཐོང་ཞིང་། རྨ་ཆུ་རྒྱུ་བ་དེའི་གཟུགས་བཀོད་ཀྱི་ངོས་ནས་བརྗོད་ན་སྦྲུལ་རིང་པོ་ཞིག་སྤང་གཞོང་ཆེན་པོ་ཞིག་གི་སྟེང་དུ་དལ་བུས་འགྲོ་བ་ལྟ་བུའི་སྣང་བ་འཆར་རྒྱུ་ཡོད༑ དགོན་པ་དེ་ནི་རི་དེའི་སྒང་ཐོག་ཏུ་ཤིང་སྣ་ཐར་ཐོར་ལྡན་པའི་ས་ཁུང་ཞིག་ཡོད་པ་དེར་ཆགས་ཡོད་ཅིང་། དགོན་པའི་ཆ་ཤས་ཁག་གཅིག་རིའི་སུལ་དུ་རིའི་བྲག་ངོས་སུ་འབྱར་ནས་བསྡད་པ་ལྟ་བུར་ཡོད།
དེ་ལྟ་ན་ཡུལ་ལྗོངས་མཐོང་རྒྱ་ཤིན་ཏུ་ཡངས་པའི་རིའི་དབེན་གནས་དེར། ཁྱེའུ་ཙོང་ཁ་པས་དངོས་གཞིའི་ཆོས་ཀྱི་སློབ་གཉེར་འགོ་བཙུགས་ཏེ། ལོ་བཅུ་ཙམ་གྱི་རིང་ལ་བྱ་ཁྱུང་དགོན་པར་ཆོས་རྗེའི་དྲུང་དུ་བཞུགས། དེའི་རིང་ཆོས་རྗེའི་དྲུང་ནས་གསང་སྔགས་རྡོ་རྗེ་ཐེག་པའི་དབང་ཡང་ཁག་གཅིག་ཐོབ་པ་དང་། ཆོས་རྗེ་དོན་གྲུབ་རིན་ཆེན་དང་ལྷན་དུ་མཚམས་བསྙེན་ཡང་འགའ་ཙམ་བཞུགས་གནང་༑ ཆོས་རྗེས་ཁྱེའུ་ཆུང་ཙོང་ཁ་པ་དེ་རང་གི་མིག་འབྲས་ལྟར་གཅེས་པར་བསྐྱངས་ལ། ལན་ཞིག་ཁྱེའུ་ཆུང་ནད་དྲག་པོས་བཏབ་ནས་ཡོད་པར་ཆོས་རྗེ་རང་ཉིད་ནས་ནད་གཡོག་ཀྱང་གནང་བ་སོགས་ཀྱིས་བྱམས་སྐྱོང་ཚད་མེད་པ་གནང་བར་གྲགས། ཙོང་ཁ་པ་དགུང་ལོ་བདུན་ཙམ་ལ། བྱ་ཁྱུང་དགོན་པར་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་མཁན་པོ་མཛད་དེ་དགེ་ཚུལ་གྱི་སྡོམ་པ་བཞེས་ཤིང་། དེ་དུས་རབ་བྱུང་གི་མཚན་ལ་བློ་བཟང་གྲགས་པ་ཞེས་གསོལ། བློ་བཟང་གྲགས་པ་ཞེས་པའི་མཚན་དེ་རྗེ་ཙོང་ཁ་པ་ཉིད་ནས་རབ་བྱུང་གི་སྡོམ་པ་བཞེས་པ་ནས་བཟུང་སྟེ་སྐུ་ཚེ་རིལ་པོར་བེད་སྤྱོད་གནང་བའི་མཚན་དུ་གྱུར། དེ་ཡང་སྤྱིར་བཏང་བྱས་ན། རབ་བྱུང་གི་མཁན་པོས་བླ་མ་རང་གི་མཚན་གྱི་ཆ་ ཤས་སྔ་མ་དེ་སློབ་མའི་མིང་གི་ཆ་ཤས་སྔ་མར་གནང་བའི་སྲོལ་ཡོད་པས། རྗེ་ཙོང་ཁ་པའི་རབ་ བྱུང་གི་མཚན་ལ་ཡང་ཡོངས་གྲགས་ལྟར་ན། དོན་གྲུབ་ཆེ་གེ་མོ་ཞེས་པ་ཞིག་ཡོད་དགོས་མོད། དེ་ལྟ་ནའང་མཚན་ལ་བློ་བཟང་གྲགས་པ་ཞེས་གནང་བའི་གནད་ནི། སྔར་ཆོས་རྗེ་དོན་གྲུབ་རིན་ཆེན་རང་ཉིད་དབུས་སུ་ཡོད་པའི་སྐབས་སུ། སྣར་ཐང་གི་མཁས་པ་མཆིམས་བློ་བཟང་ གྲགས་པ་(༡༢༩༩-༡༣༧༥)དང་མཇལ་ཞིང་། མཆིམས་བློ་བཟང་གྲགས་པས་ཆོས་རྗེ་དོན་གྲུབ་ རིན་ཆེན་ལ་མ་འོངས་པར་མདོ་སྨད་དུ་རང་ཉིད་ལ་སློབ་མ་ཁྱད་པར་བ་ཞིག་འབྱུང་བའི་ལུང་ བསྟན་ཏེ། དེ་དུས་སློབ་མ་དེ་ལ་མིང་བློ་བཟང་གྲགས་པ་ཞེས་པ་འདི་སྩལ་དགོས་པའི་བསླབ་ བྱ་གནང་ཡོད་པར་བརྟེན། ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་ཀྱང་ལུང་བསྟན་དེ་གཞིར་བཟུང་ བྱིས་པ་ཙོང་ཁ་པ་ལ་རབ་བྱུང་གི་མཚན་དུ་བློ་བཟང་གྲགས་པ་ཞེས་བཏགས་པར་གནང་༑
རྗེ་ཙོང་ཁ་པ་རང་ཉིད་ཆུང་བྱིས་པའི་སྐབས་ནས་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་བརྩི་ མཐོང་དང་བྱམས་བརྩེ། ཡ་རབས་ཀྱི་བསླབ་བྱ་ལམ་སྟོན་སོགས་ཀྱི་བཀྲིན་གྱིས་ཤིན་ཏུ་ལེགས་ པར་བསྐྱངས་པར་བརྟེན། རང་ངོས་ནས་ཀྱང་རྩ་བའི་བླ་མ་དང་པོ་དེར་བརྩི་བཀུར་དང་དད་ གུས་ཤིན་ཏུ་ཆེ་བར་མཛད་ལ། ཕྱིས་སྐུ་ན་བགྲེས་པའི་སྐབས་སུའང་ཆོས་རྗེ་དོན་གྲུབ་རིན་ཆེན་ གྱི་མཚན་ངག་ནས་བརྗོད་པ་ཙམ་གྱིས་རང་དབང་མེད་པར་དད་པའི་ཐལ་མོ་སྦྱོར་ཞིང་སྤྱན་ནས་མཆི་མ་ལྷུང་བ་སོགས་བྱུང་། https://t.cn/zRZ1rBj


发布     👍 0 举报 写留言 🖊   
✋热门推荐
  • 呵呵,越想越觉得自己是挺牛逼的人,这样的日子能坚持下来…….呵呵,其实我们女人要的真的不多,假如你一年12个月不说每个月给你多少零用、至少到了过年了你拿出个一万
  • #一些学贝斯的碎碎念# 上节课上完之后咱听歌就不再听bass了 听鼓点于是发现自己能听出来节奏并且唱得出来的 没几个……想把人声屏蔽[二哈]好不容易听出来了 我
  • #FPX LNG# #FPX战胜LNG#【FPX vs LNG 第二局】#2021LPL#MVP:伤害占比百分之34的LWX(莎弥拉)观看2021LPL春季赛,
  • 原油上方触及90.3/5区域位置空一次,以进场点位为准防守0.8美金后短线利润大于防守或翻倍后选择减仓或离场,激进持有看前期下方低点是否破位,不形成有效破位后8
  • 颜控的我 对纸巾要求也要好看~维达4层国潮纸巾 很合我心意 极具东方美学的包装 满满的国风设计 设计来源于东方旗袍 取名凤穿牡丹 寓意吉祥美好 日常摆放在家里的
  • 我相信,他们清醒地努力着,为的是有一天,可以守护自己内心最纯真的感情,不被世俗的其他所玷污。……看戏很可能感动了我;而另一方面,和我生命更加攸关的事件却可能不感
  • 还有一次发现肥崽严重呕吐的时候,真的是急坏了,赶忙请了假带它去医院看病,在猫包里也是乖乖的一只,不吵不闹,就连宠物医院的医生都夸肥崽是脾气非常好的小猫咪~ 慢慢
  • #企业资讯#【君实生物特瑞普利单抗又一新适应症获批,为晚期非小细胞肺癌患者带来更多治疗选择】9月20日,君实生物宣布,其自主研发的抗PD-1单抗药物特瑞普利单抗
  • 说起少女感,可能在很多仙女们眼中的印象依旧是软糯俏皮的,殊不知偶尔换上一种思路,试试又甜又酷的梦幻style同样能够收获超多好评,与此同时,整套搭配的风格还能与
  • #每日一善[超话]##阳光信用#[大眼仔]#每日一善#指路不吞必hui 勿带hui字 仅hui阳光和一善向善是一种文明,也是一种光明。心存善意,我们就一定能收获
  • 简煜认真的听着,那只懵懵懂懂的羽毛球倒是在他手上跳来跳去,并不怕生的样子。”黑球:…你礼貌吗简煜见它不肯离去,只好带着他回了家,想着等周末再说。
  • 来自推网红影视娱乐网艺名:王妡蕾年龄:25 (属马)生日:1990-11-20星座:天蝎座血型:A身高:170cm三围:B86 W62 H88出生:中国 黑龙江
  •   2、脚板长痣的女人  如果女人在脚板的位置有长痣的话,代表了这样的女人能够有着很好的福气的。同时,拥有这样痣相特点的女人很大的可能会生下一个富贵的儿子的,以
  • 史力奇和姆明之间的关系也是难以言喻的美好,在最开始就交代了姆明一族会冬眠,而史力奇就会在冬天进行一个人孤单的旅行,他在这些旅途中追寻的就是孤独。等到秋末的时候,
  • 生活不能等别人来安排,要自已去争取和奋斗;而不论其结果是喜是悲,但可以慰藉的是,你总不枉在这世界上活了一场。世间就是这样,有了温暖,就抱紧。
  • 徘徊着的 在路上的你要走吗 via via易碎的 骄傲着那也曾是我的模样沸腾着的 不安着的你要去哪 via via谜一样的沉着的故事你真的在听吗我曾经跨过山和大
  • 最近花少第三季热播,帅哥美女超级养眼,博主秒变迷妹,一会被张若昀圈粉,一会又看上江疏影同款,但是最让人注意的是花少团在炎炎夏日里经过暴晒雨淋依然柔顺亮眼的秀发!
  • 精准脱贫实现全面清零 双河村拉干村民组村民杨拾春户作为脱贫攻坚户,全户2人,户主杨拾春现年31岁,为人忠厚老实,只会干一些直活路,无技术,也无法外出务工。为解
  • 不过,根据贵州省招标投标公共服务平台发布9月20日公布的招标结果,此次招商入围的电商仅有2家,即浙江天猫技术有限公司、苏宁易购集团股份有限公司,曾被看作夺标热门
  • 本周参赛日为周五-周六,每个参赛日晚19:00、20:00各1场,共4场比赛可参与,参与任意一场即获上述好礼与抽奖资格,多次参赛可多次抽奖#临沂# 最近,南通轨